གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་ཧི་གཟུགས་དྲ་ངོས་ལེགས་འགྲུབ་བྱུང་བ།

2008-11-02 12:06:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

        མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་གི་བོད་ཡིག་དྲ་ངོས་དེ་སྤྱི་ལོ་༢༠༠༨ལོའི་ཟླ་༡༠ཚེས་༣༡ཉིན་ཀློག་པ་པོ་དང་དངོས་སུ་མཇལ་ཐུབ་པ་བྱུང་ཡོད། དེ་ཡང་བོད་ཡིག་གི་ཡིག་གཟུགས་ལ་རྒྱུད་ཁོངས་Vistaནང་གནས་བའི་Microsoft Himalayaཅེས་པ་དེ་སྤྱད་ཡོད་པ་ཡིན།

        མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་ལེགས་རྩོམ་མྱོང་རོལ་དང་རྩོམ་རིག་སྐོར་གྱི་ལྟ་བ་བརྗེ་རེས། གསར་རྩོམ་ངོ་སྤྲོད་བཅས་བྱེད་སའི་བོད་སྐད་ཡིག་གི་རྩོམ་རིག་དྲ་བ་ཞིག་ཡིན་ལ་དྲ་བ་འདིས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་རྒྱུད་འཛིན་དང་ད་ལྟའི་རྩོམ་ཐབས་གསར་བ་ནང་འདྲེན་བྱེད་རྒྱུའི་དམིགས་ཡུལ་གཞིར་བཟུང་ནས་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ཐུན་མོང་གི་རྩོམ་སྟེགས་ཤིག་འདོན་སྤྲོད་བྱས་ཏེ་བོད་ཀྱི་རྩོམ་རིག་གི་ལས་དོན་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་རྒྱུ་ཡིན།

        དྲ་བ་འདིའི་ནང་ནས་ཀློག་པ་པོ་ཚོས་ལེགས་རྩོམ་མྱོང་རོལ་བྱེད་པའི་ཞོར་དུ་བོད་ཀྱི་རིག་གནས་དང་འབྲེལ་བའི་གསར་འགྱུར་སྣ་ཚོགས་དུས་ལྟར་གཟིགས་ཐུབ་ཅིང་རྩོམ་རེ་རེའི་མཇུག་ཏུ་རང་གི་ལྟ་བ་ཐད་ཀར་སྤེལ་ཆོག   གལ་ཏེ་རང་ཉིད་གཟིགས་པར་སྤྲོ་བའི་རྩོམ་ལེགས་པོ་ཞིག་ཡོད་ཚེ་དྲ་ལྷེ་རེ་རེ་སློག་ནས་ཞིབ་མོར་འཚོལ་མི་དགོས་པར་རྩོམ་དེའི་ཁ་བྱང་ངམ་ནང་དོན་གང་ཞིག་དྲ་བའི་འཚོལ་ཞིབ་མ་ལག་ཏུ་བྲིས་ཚེ་ཐད་ཀར་འཚོལ་ཐུབ།

       དེ་མིན་དྲ་བ་འདིའི་དྲ་ངོས་གཙང་ལ་གྲ་དག་པ་དང་ལེ་ཚན་དགར་བ་ཞིབ་ཅིང་གོ་རིམ་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད་དུས་བཅད་ལྟར་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དག་དང་མཉམ་འབྲེལ་གྱིས་རྩོམ་རིག་གི་བྱ་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པས་ཀློག་མཁན་དང་རྩོམ་མཁན་བར་དུ་འབྲེལ་ཟམ་འཛུགས་པར་ནུས་པ་མི་དམན་པ་འདོན་བཞིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།