བསླབ་བྱ་ནོར་འཕྲེང་མཛེས་རྒྱན་ཞེས་བྱ་བ།

གུང་ཐང་བསྟན་པའི་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-03

  ༄༅། །རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་ཀྱི་ལྷ་མཆོག །མི་ཡི་གར་བསྒྱུར་བླ་མ་རྡོ་རྗེ་འཆང་ཆེན་པོར། །ཤུགས་དྲག་དད་པས་གསོལ་བ་རྩེ་གཅིག་ཏུ་འདེབས་སོ། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་སྐྱོབས་ཤིག །དམ་པའི་བསླབ་བྱ་དབྱར་གྱི་རྔ་གསང་མཆོག་སྒྲོགས་ཚེ། །ཡིད་ཀྱི་མདོངས་མཐའ་དགའ་བའི་གླུ་ཆུང་འདི་སྤྲོས་སོ། །ཤིན་ཏུ་ཐོབ་དཀའི་དལ་འབྱོར་རྟེན་བཟང་འདི་ཨེ་མ། །སྙིང་བོ་མི་ལེན་ཆུད་ཟོས་སོང་བ་འདི་ཨ་ཧོ། །འཆི་བའི་འཇིགས་པ་རང་སྟེང་མ་བབས་དེ་ཨེ་མ། །ཕྱི་མར་ལག་སྟོང་འགྲོ་དགོས་བྱུང་བ་དེ་ཨ་ཧོ། །མི་འཆིའི་གདེང་མེད་གཞན་བལྟས་ཤེས་པ་འདི་ཨེ་མ། །ཉམས་ལེན་མི་བྱེད་ཅ་ཅོ་ཀུ་ཀྱ་དེ་ཨ་ཧོ། །ངན་སོང་སྡུག་བསྔལ་མཐའ་དག་ཤེས་པ་དེ་ཨེ་མ། །མི་དགེ་བཅུ་ཡིས་རྒྱུན་དུ་བཅིངས་པ་དེ་ཨ་ཧོ། །བླ་མའི་ཞལ་མཇལ་གསུང་ངག་ཐོས་པ་དེ་ཨེ་མ། །སྙིང་ནས་མི་འགྱུར་དད་པ་མེད་པ་དེ་ཨ་ཧོ། །སངས་རྒྱས་བསྟན་ལ་འཇུག་པའི་སྐལ་ལྡན་དེ་ཨེ་མ། །སྙིང་ནས་དཀོན་མཆོག་སྐྱབས་འགྲོ་མེད་པ་དེ་ཨ་ཧོ། །གཞུང་ལ་ཐོས་བསམ་སྒོམ་པའི་གྲུ་གཟིངས་དེ་ཨེ་མ། །མི་དགེ་སྡིག་པའི་རྒྱ་མཚོ་འཕྱུར་བ་དེ་ཨ་ཧོ། །ཐར་བར་མྱུར་སྒྲོལ་བསླབ་གསུམ་ཐེམ་སྐས་དེ་ཨེ་མ། །འདོད་སྲེད་ལྕགས་སྒྲོག་སྲ་བས་བཅིངས་བ་དེ་ཨ་ཧོ། །མྱུར་བར་སྒྲོལ་བའི་དཀའ་སྤྱད་རྟ་མཆོག་དེ་ཨེ་མ། །རྣམ་གཡེང་རྐུན་བུས་འཇབ་ནས་བརྐུས་པ་དེ་ཨ་ཧོ། །ཁ་ནས་སྤངས་བླང་བཤད་ན་ཉན་པ་འདི་ཨེ་མ། །དོན་ལ་རང་སྟེང་ལེན་པའི་སྐབས་བྲལ་དེ་ཨ་ཧོ། །ཀྱེ་ཧུད་སྙིགས་མ་ལྔ་བདོའི་དུས་མཐའ་འདི་ཨ་ཧོ། །རྡོ་རྗེ་འཆང་གི་ཞབས་པད་བརྟན་པ་དེ་ཨེ་མ། །བསྟན་པ་འཛིན་པའི་སྐྱེས་མཆོག་དཀོན་པ་འདི་ཨ་ཧོ། །བསྟན་པ་བྱང་ནས་བྱང་དར་ལུང་བསྟན་དེ་ཨེ་མ། །དུས་ཀུན་མི་དགེ་སྤྱོད་པའི་བཙུན་པ་དེ་ཨ་ཧོ། །དམ་པའི་ཞལ་གདམས་བསླབ་བྱ་མཐོང་བ་འདི་ཨེ་མ། །རྩོམ་དང་སྙན་ངག་མངོན་བརྗོད་མི་ཤེས་དེ་ཨ་ཧོ། །འགྲོ་ལ་ཕན་ཐོག་བསམ་པས་བྲིས་པ་འདི་ཨེ་མ། །

   ཞེས་བསླབ་བྱ་ནོར་འཕྲེང་མཛེས་རྒྱན་ཞེས་བྱ་བ་འདི་ནི། བསླབ་བྱ་སྣ་ཚོགས་སོགས་བསླབ་བྱ་འགའ་མཐོང་ཚེ་ངེས་འབྱུང་སྤུ་སུ་ཞིག་གིས་བསྐུལ་བ་ལ་བརྟེན་ནས། ༧ དགའ་ལྡན་ཁྲི་ཆེན་ཤི་རེ་གོ་ཐུ་ཆོས་རྒྱལ་ཧུ་ཐོག་ཐུའི་སྐྱེ་སྤྲུལ་དུ་འབོད་པ་བཙུན་གཟུགས་སྙོམས་ལས་པ་འཇིགས་མེད་བསྟན་པའི་དབང་ཕྱུག་གིས་ཟླ་ཚེས་དགེ་བར་རང་ཤག་ཕུན་ཚོགས་འདོད་འཁྱིལ་དུ་སྨྲས་པ་ཛ་ཡནྟུ།།

རྩོམ་ཁུངས། ཨ་མཆོག་མཚན་ཉིད་དགོན་པའི་སྤྱི་སྟེགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླབ་བྱ་ནོར་འཕྲེང་མཛེས་རྒྱན་ཞེས་བྱ་བ།

2015-11-03 གུང་ཐང་བསྟན་པའི་དབང་ཕྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།