༄༅།། སྤྱོད་འཇུག་རྩ་འགྲེལ་རྒྱལ་སྲས་ལམ་མཆོག་གསལ་བའི་འོད་ཅེས་པ་བཞུགས་སོ།།༡

རྔ་བ་སྐལ་བཟང་སྦྱིན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-27

             ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ།

      ༄༅།། ཕྱོགས་བཅུའི་རྒྱལ་ཀུན་ཡེ་ཤེས་གཅིག་འདུས་དབྱིངས།། རྣམ་དག་འོད་གསལ་རྡོ་རྗེ་རིག་བརྒྱའི་བདག།། མ་རྣམས་འགྲོ་ལ་བརྩེ་བའི་ཉེར་དགོངས་པ།། གསུམ་ལྡན་བླ་མ་མཆོག་ལ་སྙིང་ནས་འདུད།།གང་དག་བསླབ་གསུམ་ནོར་བའི་བང་མཛོད་ཆེ།། དྲི་མེད་གཞན་ཕན་ཐུགས་རྗེའི་རླུང་ཤུགས་ཀྱིས།། གསུང་རབ་ཟབ་དོན་ཕྱོགས་མེད་སྟོན་མཁས་པ།། མཚན་ལྡན་བཤེས་གཉེན་རྣམས་ཀྱིས་དད་ལྡན་སྐྱོང་།། བླ་མེད་རྒྱལ་སྲས་སྤྱོད་པར་འཇུག་པའི་རྩེར།། ཇི་བཞིན་གསུངས་པའི་གཞུང་དོན་འབྲུ་འགྲེལ་ཙམ།། བློ་མུག་བདག་གིས་རྩོམ་ལ་དགོད་སྤྲོ་ཡང་།། སྔོན་གསུང་རྒྱལ་བའི་གཞུང་ལ་བརྟེན་ཏེ་འབྲི།། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། གང་དག་བྱང་ཆུང་དོན་དུ་སེམས་སྐྱེ་བ།། དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན།།  དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ།།   དེ་དག་རིགས་མཐོ་སངས་རྒྱས་རིགས་སུ་སྐྱེ།།   ཞེས་གསུངས།              

    ༈  དེ་ཡང་སྤྱོད་འཇུག་ཆེན་མོའི་གཞུང་འདི་ནི་བསླབ་པ་གསུམ་དང་སྡེ་སྣོད་གསུམ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཀྱི་སྙིང་བོ་དང་། བླ་ན་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལམ་མཆོག་ཁྱད་པར་ཅན་དང་།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མྱུར་དུ་རྫོགས་པའི་ཐབས་གཞན་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ།། གཏུམ་མོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། ཕ་རོལ་ཕྱིན་ལྔ་བསོད་ནམས་དང་།།  ཤེས་རབ་ཡེ་ཤེས་ཞེས་བྱ་གསུངས།། ཞེས་གསུངས།  

     དེ་ལ་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་མེད་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་སྲིད་ལ།  ཟླ་གསང་ཐིག་ལེའི་རྒྱུད་ལས། བྱང་ཆུབ་སེམས་མེད་བདེ་བྱེད་གཞན།། འཇིག་རྟེན་གསུམ་པོ་འདིར་མེད་དོ།། ཞེས་དེ་ན་མཁའ་མཉམ་འགྲོ་བ་ཡོངས་ཀྱི་དོན་དུ་བྱང་ཆུབས་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ལེའུ་གསུམ་སྟེ།   དང་བོ།  གཉིས་པ། གསུམ་པ། སྐྱེ་བ་ཉམས་པ་མེད་པའི་ལེའུ་གསུམ་ཏེ། བཞི་པ། ལྔ་བ། དྲུག་པ།  མི་ཉམས་པ་གོང་དུ་འཕེལ་བའི་ལེའུ་གསུམ་སྟེ། བདུན་པ། བརྒྱད་པ། དགུ་བ། མཇུག་ཏུ་བསྔོ་བའི་ལེའུ་བཅས་ཀྱིས་སྒོ་ནས་གསུངས་སོ།།    དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ནི། རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་ཙརྱ་ཨ་པ་ཏ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།  ཞེས་བསྟན་བཅོས་འདིའི་མཚན་ཡིན་ཏེ།  བོ་དྷི་ནི་བྱང་ཆུབ་དང་།  ས་ཏྭ་ནི་སེམས་དཔའ་དང་།  ཙརྱ་ནི་སྤྱོད་པ་དང་།  ཨ་པ་ཏ་ར་ནི་འཇུག་པའོ།། བསྟན་བཅོས་འདི་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ལས་སང་སྐྲྀ་ཏའི་སྐད་དུ་བརྩམ་པ་དང་། ཐོག་མར་རྒྱ་སྐད་སྨོས་པ་ལ་དགོས་པ་གསུམ་ཡོད་དེ། ཆོས་ཁུངས་བཙུན་པར་ཤེས་པ། ལོ་པཎ་རྒྱལ་བློན་རྣམས་ལ་བྱས་ཤེས་དྲིན་བཟོ་སྐྱེ་བ། སང་སྐྲྀ་ཏའི་སྐད་ལོབ་སྐྱེན་དང་།   དེ་ལ་བག་ཆགས་བཞག་པའི་ཆེད་དང་གསུམ་མོ།། འགྱུར་ཕྱག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཞེས་ཞལ་བྱུང་འགྱུར་ཕྱག་ནི་སྡེ་སྣོད་ངོས་འཛིན་གྱི་ཕྱག་གམ། ཆོས་རྒྱལ་བཀའ་བཅད་ཀྱི་ཕྱག་སྟེ་གཙོ་བོ་བསྟན་བཅོས་བརྩམ་པ་ལ་བར་ཆད་ཞི་ཞིང་འགྱུར་བ་མཐར་ཕྱིན་པའི་ཆེད་ཡིན་ལ། དེ་ནི་ཆོས་རྒྱལ་རྣམས་པས་བཀའ་བཞིན་ཏུ་འདུལ་བའི་སྡེ་སྣོད་ཕྱོགས་ལ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།  ཞེས་དང་། མདོ་སྡེའི་སྡེ་སྣོད་ཕྱོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་མཚལ་ལོ།། ཞེས་དང།   མངོན་པའི་ཕྱོགས་ལ་འཇམ་དཔལ་གཞོན་ནུ་གྱུར་བ་ལ་ཕྱག་འཚལ་ལོ།  ཞེས་མཛད། བསྟན་བཅོས་འདི་གཙོ་བོ་མདོ་སྡེའི་ཕྱོགས་ཡིན་པས་གོང་ལྟར་བྲིས་སོ།། དེའི་དོན་ནི་སངས་རྒྱས་ཞེས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་མ་རིག་པའི་སྒྲིབ་པ་སངས་ཤིང་། ཤེས་བྱ་ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པས་ན་སངས་རྒྱས་ཞེས་བརྗོད་དོ།།  དང་ནི་སྡུད་པ་ལ་འཇུག་གོ། བྱང་ཆུབ་སེམས་དཔའ་ནི། མདོ་ཕལ་ཆེན་ལས། སེམས་ཅན་སྡུག་བསྔལ་གཟིར་བ་ཇི་སྙེད་པ། ཇི་སྙེད་ངན་སོང་གཙེས་པ་གྱུར་བ་ཡི།། སྐྱབས་དང་མགོན་དང་རྟེན་ཏུ་གྱུར་བ་ཡང་།   བྱང་ཆུབ་སེམས་དཔའ་དེ་ལ་བརྗོད་པ་ཡིན།   ཞེས་གསུངས། ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་སོ།། མཆོད་པར་བརྗོད་པ་ནི། དེ་ལ་བདེ་གཤེགས་ཞེས་སངས་རྒྱས་དཀོན་མཆོག་བསྟན་ལ་རྒྱུད་སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་སངས་རྒྱས་ཞེས་བྱའི་ངེས་ཚིག་ནི།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། སྤྲོས་མེད་དབྱངས་དང་དབང་བོའི་སྤྱོད་ཡུལ་སངས།། ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་ཀྱང་རྒྱས།། ཞེས་གསུངས།   ཆོས་ཀྱི་སྐུ་མངའ་ཞེས་ཆོས་སྐུའམ་གསུང་རབ་ལུང་གི་ཆོས་སོགས་བསྟན།  ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་དང་།།  བཞི་སྟོང་གི་ནི་གྲངས་སྙེད་ཀུན།།  ཉོན་མོངས་པ་ཡི་གཉེན་པོར་བསྟན།། ཞེས་གསུངས།།   སྲས་ཞེས་འཕགས་པའི་དགེ་འདུན་བསྟན། མཁའ་འགྲོ་མ་རྒྱུ་མ་བདེ་བའི་རྒྱུད་ཕྱི་མ་ལས། འཕགས་པ་ཕྱིར་མི་ལྡོག་པ་ནི།། ལས་ཅན་ཀུན་གྱི་སྐྱབས་ཡིན་ནོ།། ཞེས་གསུངས།  བཅས་ཞེས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་བསྟན་ལ།  དང་ནི་སྡུད་པ་ལ་འཇུག་གོ། གཞན་ཕྱག་འོས་ཀུན་ལ་གུས་པའི་ཕྱག་འཚལ་ཞེས་ཕྱག་བྱར་འོས་པའི་ཡུལ་ཐམས་ཅད་ལ་ཕྱག་འཚལ་པས་ཏེ་བསྟན་བཅོས་བརྩོན་པ་ལ་འཇུག་ཅེས་ཚིག་དོན་འོག་མ་འདྲེན་པ་ལྷག་བཅས་སོ།།

༈  རྩོམ་པར་དམ་བཅའ་བ་ནི། བདེ་བཤེགས་སྲས་ཀྱི་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའམ་སྡོམ་པ་ཆེན་པོ་ལ་འཇུག་པ་ནི་ཞེས་བརྗོད་བྱའི་དོན་དངོས་བཟུང་བ་སྟེ། བཤེས་གཉེན་བསྟེན་ཚུལ་ནས་བསྔོ་བའི་བར་གྱི་ལེའུ་བཅུའི་དོན་ལ་འཇུག་ཚུལ་གསལ་བོར་བསྟན་པ་དང་།   གཞུང་དེ་ཕོ་ཚོད་དང་རང་བཟོ་མ་ཡིན་པར་རྒྱལ་བའི་བཀའ་ལུང་ཇི་ལྟ་བ་བཞིན་དུ་འདོར་བསྡུས་ནས་འདིར་ནི་བརྗོད་པར་བྱ་ཞེས་རྩོམ་པར་དམ་བཅས་སོ།།  རྒྱས་སྲས་ཆེན་པོ་ཞི་བ་ལྷས་ཁེངས་པ་བསྐྱུངས་ནས་སྔོན་ཆད་མ་བྱུང་བ་དང་མ་གྲགས་པ་ཡང་འདིར་བརྗོད་དུ་མེད་ལ།    ཚིག་སྡེབ་སྦྱོར་དང་སྙན་ངག་གིས་བཅིངས་པས་མཁས་པ་རྣམས་མགུ་བར་བྱེད་པའི་སྡེབ་སྦྱོར་ལ་མཁས་པའང་ཞི་བ་ལྷ་བདག་ལ་ཡོད་པ་མིན་ཏེ། རྒྱུ་མཚན་དེ་དག་གི་ཕྱིར་སྤྱོད་འཇུག་འདི་རྩོམ་པ་ལ་གཞན་དོན་རྒྱ་ཆེན་པོ་ཞིག་འོང་ངོ་སྙམ་པས་བསམ་པའང་བདག་ལ་མེད་ཅེས་ཚིག་དང་དོན་ལ་མཁས་པས་ང་རྒྱལ་སྤང་པའོ།། འོ་ན་གཞུང་འདི་བརྩམ་པ་ལ་དགོས་པ་ཅི་ཡོད་སྙམ་ན།   གཞུང་འདིའམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་གི་ཡིད་ལ་བསྒོམས་ཏེ་རྒྱུད་ལ་སྐྱེ་བའི་ཕྱིར་ངས་འདི་བརྩམས་ཞེས་བསམ་པ་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གི་སྒོ་ནས་རང་གཞན་མར་གྱུར་འགྲོ་བ་མཐའ་དག་གི་དོན་ཆེན་པོ་བསྒྲུབ་པ་དང་། ཐེག་པ་ཆེན་པོའི་ལམ་ཚང་ལ་མ་ནོར་བ་རྒྱུད་ལ་སྐྱེ་ཕྱིར་སྤྱོད་འཇུག་ཆེན་མོའི་གཞུང་འདི་བརྩམས་པ་ཡིན་པར་བསྟན་ཏོ།། སྡོང་བོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྒོར་འཇུག་པར་བྱེད་པའི་སྒོ་ལྟ་བུའོ། ཞེས་གསུངས། བདག་གཞན་གྱི་རྒྱུད་ལ་དགེ་བ་བསྒོམ་ཕྱིར་རམ་བྱང་ཆུབ་ཀྱི་སེམས་སྐྱེ་ཕྱིར་དང་། བདག་གི་དད་པའི་ཤུགས་ཞེས་བཤེས་གཉེན་བསྟེན་ནས་བཀུར་སྟི་སོགས་བྱས་པས་གཞུང་འདི་དག་གིས་ཀྱང་རེ་ཞིག་སྟེ་རིམ་པ་སྟོན་པའི་ཚིག་སྦྱར་ནས་གོང་དུ་འཕེལ་འགྱུར་ལ་ཞེས་གོམས་པ་མཐར་ཕྱིན་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བླ་མ་དང་བཤེས་གཉེན་བསྟེན་ནས་རྒྱུད་ལ་སྐྱེས་དགོས་པ་བསྟན་ནོ།། ཐབས་མཁས་པའི་མདོ་ལས། དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ཕ་ལྟ་བུའོ།། དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་བསྲུང་བའི་མ་ལྟ་བུའོ།། ཞེས་གསུངས། དེ་ལྟར་བདག་དང་བསྐལ་བ་མཉམ་པ་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པའི་སྐལ་མཉམ་དོན་གཉེར་ཅན་གཞན་གྱིས་ཀྱང་ཅི་སྟེའམ་གལ་ཏེ་གཞུང་འདི་དག་མཐོང་ནའམ་ཁོང་དུ་ཆུད་ན་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དོན་ཆེན་པོ་ཡོད་པར་འགྱུར་རོ།། ཞེས་རང་གཞན་ཀུན་གྱི་བྱང་ཆུབ་ཀྱི་སེམས་གཙོ་བོ་ཡིན་པ་བསྟན་ཏོ།། དལ་འབྱོར་ཚང་བའི་མིའི་ལུས་རྟེན་སྙེད་དཀའ་བ་དང་དོན་ཆེན་བྱེད་དགོས་པ་ནི། དལ་འབྱོར་ཚང་བའི་མིའི་ལུས་རིན་པོ་ཆེ་འདི་ནི་སྙེད་པར་ཤིན་ཏུ་དཀའ་བ་ཡིན་ལ།   སྐྱེས་བུའི་འགྲོ་བའི་དོན་སྒྲུབ་ནུས་པས་མི་ལས་ཐོབ་པར་གྱུར་བ་ལ། ནམ་འཆི་ངེས་མེད་ཡིན་པས་གལ་ཏེ་འདི་ལ་རང་གཞན་ཀུན་ལ་ཕན་པའི་རྒྱུ་ཚོགས་གཉིས་སོགས་དགེ་བ་རྣམ་པར་དག་པ་མ་སྒྲུབ་པར་མི་ཚེ་སྟོང་ཟད་བྱས་ན་ཕྱིས་སམ་རྗེས་ནས་འདི་འདྲ་བའི་མི་ལས་ཁྱད་པར་ཅན་དང་།  ཡང་དག་ཅིག་འབྱོར་བར་ག་ལ་འགྱུར་ཏེ་ཞེས་དལ་འབྱོར་རྙེད་དཀའ་བ་དང་། ཐར་བའི་ཕྱོགས་ལ་འབད་པ་གལ་ཆེའི་ཚུལ་བསྟན་ཏོ།། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དལ་འབྱོར་མིར་སྐྱེ་ཤིན་ཏུ་རྙེད་པར་དཀའ།། ཚུལ་ཁྲིམས་དད་པ་རྟག་ཏུ་རྙེད་པར་དཀའ།།  ཞེས་གསུངས། དཔེར་ན་ཇི་ལྟར་མཚན་མོ་ལ་མུན་ནག་གི་སྤྲིན་རིམ་སྟེ་སྤྲིན་པར་ནས་གློག་འགྱུ་བའི་འོད་སྐད་ཅིག་ཡུན་ཐུང་བར་གཟུགས་གསལ་མི་གསལ་ཙམ་ཞིག་གི་སྣང་བ་སྟོན་པ་ལྟར་གྱི་དཔེ་དེ་བཞིན་ཏུ་སངས་རྒྱས་ཀྱི་མཐུ་ཡིས་བརྒྱ་ལམ་རེ་འགའ་ཞིག་ན་རྨོངས་པའི་མུན་ནག་གི་བཀབ་པའི་འཇིག་རྟེན་ཏེ་སོ་སོའི་སྐྱེ་བོའི་རྒྱུད་ལ་བསོད་ནམས་དགེ་བ་བསྒྲུབ་འདོད་པའི་བློ་གྲོས་ཐང་འགའ་སྟེ་ལན་གཅིག་གཉིས་ཙམ་ལ་འབྱུང་སྲིད་ཀྱི།  རྒྱུན་ཆགས་སུ་མི་འབྱུང་བ་དེ་ལྟས་དེ་ལྟ་བུས་ན་དགེ་བ་བསྒྲུབ་འདོད་ཀྱི་བློ་ནི་གློག་འགྱུ་བ་ལྟར་ཉམ་ཆུང་བ་ཉིད་ཡིན་ལ། རྟག་ཏུ་སྡིག་པ་མི་དགེ་བ་བསྒྲུབ་འདོད་པའི་བློ་ནི་སྟོབས་ཆེན་པོ་དང་ཤིན་ཏུ་མི་གཟབ་པ་ཡིན་ན། དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པ་སྟེ་འདི་ཉིད་མ་གཏོགས་པར་དགེ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་རོ།།  དེའི་རྒྱུ་མཚན་ནི། བསྐལ་བ་དུ་མར་སེམས་ཅན་ཐམས་ཅད་ལ་བདེ་འགྲོ་ཐོབ་པ་ལ་ཐབས་གང་གི་ཕན་ཞེས་རབ་ཏུ་དགོངས་པར་མཛད་པ་ཡི། ཐུབ་དབང་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་དུག་གསུམ་གྱི་རྒྱུ་སྡིག་པ་མི་དགེ་བའི་རྩ་བ་གཅོད་པ་དང་།  དགེ་བའི་རྩ་བ་ཕྲ་མོ་ཙམ་ཡང་མི་ཉམས་ཤིང་གོང་དུ་འཕེལ་བའི་མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན་བླ་ན་མེད་པ་ནི་ཡེ་ཤེས་བྱང་ཆུབ་འདི་ཉིད་ཀྱི་ཕན་པར་གཟིགས་ནས་བསྟན་པར་མཛད་དོ།། ཐབས་མཁས་པའི་མདོ་ལས། དེ་བས་ན་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོས་ཐམས་ཅད་སྡུད་པར་འགྱུར་རོ།། ཞེས་གསུངས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདིས་ནི་གྲངས་དང་ཚད་མེད་པས་སྐྱེ་བོའི་ཚོགས་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་མཆོག་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་བྱེད་དོ།།  གཞན་རང་ལ་འབྱུང་འགྱུར་གྱི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་། སེམས་ཅན་རྣམས་ཀྱི་འདི་ཕྱིའི་མི་བདེ་བ་ཐམས་ཅད་བསལ་བར་འདོད་པ་དང་། རང་གཞན་ཀུན་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་མང་པོ་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་གང་འདོད་དུ་བསྒྲུབ་པའི་ཐབས་དམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་དུས་རྟག་ཏུ་བཏང་བར་མི་བྱའོ།། རྒྱུད་རྡོ་རྗེ་རྩེ་མོ་ལས། འཚོ་བའི་སྲོག་གི་ཕྱིར་ཡང་ནི།། བྱང་ཆུབ་སེམས་ནི་བཏང་མི་བྱ།། ཞེས་གསུངས།  བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པར་གྱུར་ན་སྐད་ཅིག་གིས་ནི་འཁོར་བའི་བཙོན་རར་དུ་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་པའི་ཉམ་ཐག་རྣམས་ཀྱང་བདེ་གཤེགས་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱ་ཞིང་། དོན་ཁྱད་པར་ཅན་འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འོས་པའི་ཡུལ་དུ་འགྱུར་རོ།། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ལས། ཁྱེད་ཅག་ནི་བྱང་ཆུབ་ཏུ་གཅིག་ཏུ་སེམས་ནི་གཞོལ་ན། ཁྱེད་ཅག་ནི་ཕྱིན་ཆད་འཁོར་བ་ན་སྡུག་བསྔལ་སྐྱེ་བར་མི་འགྱུར་རོ།། ཞེས་གསུངས།   གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ཅེས་གསེར་འགྱུར་གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་པར་ནུས་པ་ལྟ་བུར་སེམས་བསྐྱེད་ཀྱིས་ཟིན་པ་ཙམ་གྱིས་མི་གཙང་བའི་ལུས་འདི་བླངས་ནས་རྒྱལ་པའི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་བསྒྱུར་པས་ན།   བྱང་ཆུབ་སེམས་ཞེས་བྱ་བ་དེ་ནི་རབ་ཏུ་བསྐྱེད་ནས་མི་ཉམས་པར་བརྟན་པོར་ཟུངས་ཤིག།དཔལ་བྱིན་གྱིས་ཞུས་པའི་མདོ་ལས། གང་གིས་ཐར་མོ་སྦྱར་བགྱིས་ཏེ།།  བྱང་ཆུབ་ཏུ་ནི་སེམས་འདུད་ན།།  མཆོད་པ་འདི་ནི་ཁྱད་པར་འཕགས།། དེ་ལ་མཐའ་ནི་མ་མཆིས་སོ།། ཞེས་གསུངས། འགྲོ་བའི་དེད་དཔོན་གཅིག་པུ་སྟེ་སངས་རྒྱས་ཉིད་ཀྱིས་ཚད་མེད་པའི་བློ་ལེགས་པར་ཡོངས་སུ་བརྟག་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་རིན་ཐང་ཤིན་ཏུ་ཆེ་བས།   འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས་ཀྱིས་རིན་ཆེན་བྱང་ཆུབ་ཀྱི་སེམས་ནི་ལེགས་པར་བསྐྱེད་ལ་དྲན་ཤེས་བག་ཡོད་ཀྱིས་མི་ཉམས་པར་བརྟན་པར་བཟུང་བར་བྱ་དགོས་སོ།།    བདག་མེད་པས་དྲིས་པའི་མདོ་ལས།    བྱང་ཆུབ་སེམས་ནི་འོད་གསལ་བ།།    རྣལ་འབྱོར་བས་ནི་རྟག་ཏུ་བསྒོམས།། ཞེས་གསུངས། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བ་བསྒྲུབ་པ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི་འབྲས་བུ་བསྐྱེད་ནས་སླར་ཡང་འབྲས་བུ་བསྐྱེད་པའི་ནུས་པ་ཟད་པར་འགྱུར་བ་ཉིད་ཡིན་ལ།  དཔག་བསམ་གྱིས་ཤིང་རིན་པོ་ཆེ་བཞིན་དུ་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་འབྲས་བུ་འབྱིན་པས་དེ་ཡར་རྒྱས་ཤིང་མི་ཟད་ཅིང་ཡུན་རིང་དུ་འཕེལ་བར་འགྱུར་རོ།།  ཕུང་བོ་གསུམ་པའི་མདོ་ལས།  བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བས་དུས་གསུམ་དུ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ།། ཞེས་གསུངས། མི་དགེ་བ་བཅུ་དང་།  མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ན་ཡང་སྐྱེལ་མ་དཔའ་བོ་ལ་བརྟེན་ནས་ལམ་གྱི་འཇིགས་པ་ཆེན་པོ་ལས་སྐྱོབ་པ་ལྟར།   བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཡུད་ཙམ་ཉིད་ཀྱིས་སྒྲོལ་བར་འགྱུར་བ་ཡིན་པས་བྱང་ཆུབ་ཀྱི་སེམས་དེ་ལ་སྐྱེ་བོ་བག་ཡོད་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཏེ་བརྟེན་དགོས་སོ།། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སེམས་དང་སངས་རྒྱས་བྱང་ཆུབ་གཉིས་མེད་པར།། ཤེས་པར་གྱུར་ན་དེ་ནི་མགོན་པོར་འགྱུར།། ཞེས་གསུངས།

རྩོམ་སྒྲིག་པ། སྐྱ་བོ།
 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅།། སྤྱོད་འཇུག་རྩ་འགྲེལ་རྒྱལ་སྲས་ལམ་མཆོག་གསལ་བའི་འོད་ཅེས་པ་བཞུགས་སོ།།༡

2016-08-27 རྔ་བ་སྐལ་བཟང་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།