ཤར་རྒྱལ་མོ་རོང་བས་བསྐུལ་འདེབས།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། 琼迈文学网 2009-10-30

  ༅༅།།ཕ་ཀུན་མཁྱེན་བརྒྱུད་པར་སྙིང་ནས་འདུད།།ལམ་རྡོ་རྗེ་ཐེག་པའི་སྙིང་པོའི་བཅུད།།སེམས་གཉུག་མའི་དེ་ཉིད་སྒོམ་འདོད་ན།།གཞི་དམ་ཚིག་སྡོམ་པ་མིག་བཞིན་སྲུང་།།གནད་རིམ་གཉིས་ཟབ་མོས་ཁོག་ཕུབ་སྟེ།།འོད་གསལ་གྱི་རང་བཞིན་ཕྱག་རྒྱ་ཆེ།།ཡིད་ཀུན་རྟོག་རླུང་གིས་ཁ་ལོ་ཅན།།དེ་སྤྲིན་ཚོགས་ནམ་མཁའ་དེངས་པ་བཞིན།།དབྱིངས་སྟོང་བར་དག་པའི་རིག་གདངས་ཆ།།ཆེས་ཕྲ་ཡང་ཉི་མ་བརྒྱ་ལྟར་གསལ།།གཤིས་བདེ་བས་ཁྱབ་ཀྱང་ཆགས་རྟོགས་མེད།།རང་ཉམས་སུ་མྱོང་ཡང་སྨྲ་དཀའ་བའི།།གནད་ངོ་མཚར་ཅན་འདི་ཤེས་བྱོས་ལ།།དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟུངས།།ཡུམ་བཟང་ངན་བར་མའི་སྣང་བ་དང་།།བློ་སྣ་ཚོགས་རྟོག་པའི་ཡོ་ལང་ཀུན།།ནང་འོད་གསལ་རིག་པའི་རྣམ་འཕྲུལ་དུ།།བལྟ་ཤེས་ན་མཉམ་བཞག་རྟོགས་པའི་གྲོགས།།དོན་གཏིང་མཐའ་བྲལ་བའི་སྟོང་བ་དག། ཁྱབ་བདལ་གྱི་རིག་པ་དབྱེར་མེད་ལས།།རྩལ་འགག་མེད་ཅིར་ཡང་འཆར་བ་འདིར།།ངེད་རྫོགས་ཆེན་པའི་གསང་གཏམ་མང་པོ་ཡོད།།ལར་རྫོགས་ཆེན་བློ་འདས་རིག་པ་དང་།།དཔལ་དུས་འཁོར་རྒྱུད་སྡེའི་རིང་ལུགས་ཀྱི།།ལམ་མི་འགྱུར་བདེ་བའི་བསྒྲུབ་གཞི་གཉིས།།མིང་འདོགས་ཚུལ་ཙམ་ལམ་སོ་སོར་མེད།།རྩ་དྷུ་ཏིའི་ནམ་མཁའ་སྟོང་གཟུགས་ཀྱི།།སྣང་བ་མཐའ་མེད་དུ་འབྱུང་བ་ཡང་།།སོར་སྡུད་ཀྱི་དམིགས་པ་ཡིད་བྱེད་མཐུས།།གཞི་འོད་གསལ་འདི་ནང་འཆར་བ་ཡིན།།ཚུལ་དེ་ཕྱིར་བདེ་སྟོང་དབྱེར་མེད་དང་།།གནད་རིག་སྟོང་ཟུང་འཇུག་ལ་སོགས་པ།།མིང་དུ་མས་བསྙད་བྱའི་སེམས་ཉིད་འདི།།སྐྱོང་མཁས་པ་ལམ་གྱི་སྙིང་པོར་ཟུངས།།རང་ཟབ་དོན་རྟོགས་པའི་མི་མིན་ཡང་།།ཤར་རྒྱལ་མོ་རོང་བས་བསྐུལ་འདེབས་ཚིག།ནན་ཆེས་ནས་ཡིད་ལ་གང་ཤར་བྲིས།།དེའི་དགེ་བས་འགྲོ་ཀུན་གྲོལ་བར་ཤོག། སྤྲང་རྒན་བསྟན་ཉིས་ཡིད་ཙམ་ལ་བྲིས་པ་དགེ།
 

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི《རྡོ་གྲུབ་བསྟ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཤར་རྒྱལ་མོ་རོང་བས་བསྐུལ་འདེབས།

2009-10-30 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། ཀློག་གྲངས། མཆན ཡོད།

  ༅༅།།ཕ་ཀུན་མཁྱེན་བརྒྱུད་པར་སྙིང་ནས་འདུད།།ལམ་རྡོ་རྗེ་ཐེག་པའི་སྙིང་པོའི་བཅུད།།སེམས་གཉུག་མའི་དེ་ཉིད་སྒོམ་འདོད་ན།།གཞི་དམ་ཚིག་སྡོམ་པ་མིག་བཞིན་སྲུང་།།གནད་རིམ་གཉིས་ཟབ་མོས་ཁོག་ཕུབ་སྟེ།།འོད་གསལ་གྱི་རང་བཞིན་ཕྱག་རྒྱ་ཆེ།།ཡིད་ཀུན་རྟོག་རླུང་གིས་ཁ་ལོ་ཅན།།དེ་སྤྲིན་ཚོགས་ནམ་མཁའ་དེངས་པ་བཞིན།།དབྱིངས་སྟོང་བར་དག་པའི་རིག་གདངས་ཆ།།ཆེས་ཕྲ་ཡང་ཉི་མ་བརྒྱ་ལྟར་གསལ།།གཤིས་བདེ་བས་ཁྱབ་ཀྱང་ཆགས་རྟོགས་མེད།།རང་ཉམས་སུ་མྱོང་ཡང་སྨྲ་དཀའ་བའི།།གནད་ངོ་མཚར་ཅན་འདི་ཤེས་བྱོས་ལ།།དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟུངས།།ཡུམ་བཟང་ངན་བར་མའི་སྣང་བ་དང་།།བློ་སྣ་ཚོགས་རྟོག་པའི་ཡོ་ལང་ཀུན།།ནང་འོད་གསལ་རིག་པའི་རྣམ་འཕྲུལ་དུ།།བལྟ་ཤེས་ན་མཉམ་བཞག་རྟོགས་པའི་གྲོགས།།དོན་གཏིང་མཐའ་བྲལ་བའི་སྟོང་བ་དག། ཁྱབ་བདལ་གྱི་རིག་པ་དབྱེར་མེད་ལས།།རྩལ་འགག་མེད་ཅིར་ཡང་འཆར་བ་འདིར།།ངེད་རྫོགས་ཆེན་པའི་གསང་གཏམ་མང་པོ་ཡོད།།ལར་རྫོགས་ཆེན་བློ་འདས་རིག་པ་དང་།།དཔལ་དུས་འཁོར་རྒྱུད་སྡེའི་རིང་ལུགས་ཀྱི།།ལམ་མི་འགྱུར་བདེ་བའི་བསྒྲུབ་གཞི་གཉིས།།མིང་འདོགས་ཚུལ་ཙམ་ལམ་སོ་སོར་མེད།།རྩ་དྷུ་ཏིའི་ནམ་མཁའ་སྟོང་གཟུགས་ཀྱི།།སྣང་བ་མཐའ་མེད་དུ་འབྱུང་བ་ཡང་།།སོར་སྡུད་ཀྱི་དམིགས་པ་ཡིད་བྱེད་མཐུས།།གཞི་འོད་གསལ་འདི་ནང་འཆར་བ་ཡིན།།ཚུལ་དེ་ཕྱིར་བདེ་སྟོང་དབྱེར་མེད་དང་།།གནད་རིག་སྟོང་ཟུང་འཇུག་ལ་སོགས་པ།།མིང་དུ་མས་བསྙད་བྱའི་སེམས་ཉིད་འདི།།སྐྱོང་མཁས་པ་ལམ་གྱི་སྙིང་པོར་ཟུངས།།རང་ཟབ་དོན་རྟོགས་པའི་མི་མིན་ཡང་།།ཤར་རྒྱལ་མོ་རོང་བས་བསྐུལ་འདེབས་ཚིག།ནན་ཆེས་ནས་ཡིད་ལ་གང་ཤར་བྲིས།།དེའི་དགེ་བས་འགྲོ་ཀུན་གྲོལ་བར་ཤོག། སྤྲང་རྒན་བསྟན་ཉིས་ཡིད་ཙམ་ལ་བྲིས་པ་དགེ།
 

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི《རྡོ་གྲུབ་བསྟ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།