མཁའ་འགྲོའི་ཚོགས་གྲལ་འགྲིམ་པའི་རྟེན་འབྲེལ་ཞིག

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-30

༅༅།།སྣང་སྟོང་མི་ཤིགས་ཐིག་ལེ་འོད་གསལ་གྱི་ལྷ་སྐུར།།གནས་ཡུལ་ཉེར་བཞིའི་བཀོད་པ་ལྷུན་གྲུབ་རྫོགས་པའི།།གཞོམ་ཞིག་མཚན་མ་རྣམ་སྤངས་ཡེ་ཤེས་ཀྱི་རང་གཟུགས།།དག་ཆེན་དཀྱིལ་འཁོར་རྡོ་རྗེ་ཕུང་བོ་ཡི་གྲོང་ན།།སྣ་ཚོགས་སྒྱུ་མའི་རོལ་མོ་འགགས་མེད་དུ་རྩེན་པའི།།རིག་རྩལ་དཔའི་བོ་ཌྰཀིའི་ཚོམ་བུ་ཡི་ཚོགས་ཀུན།།བདེ་ཆེན་གཉུག་མའི་གར་སྟབས་མིག་འཕྲུལ་ལྟར་བསྒྱུར་བཞིན།།གྲུབ་གཉིས་བྱིན་རླབས་སྣང་བ་གྲུ་ཆར་ལྟར་སྙོལ་ཤོག།སྲིད་གསུམ་ཟས་སུ་ཟ་བའི་སྒྲ་གཅན་གྱི་ལྟོ་བར།།དཀར་དམར་ཉི་ཟླའི་དཀྱིལ་འཁོར་རྔམ་ཟས་སུ་རོལ་བས།།སྒྱུ་མའི་ལང་ཚོ་རབ་འབར་འོད་གསལ་གྱི་ཕག་མོས།།མི་འགྱུར་ཡེ་ཤེས་མཆོག་གི་བྱིན་འོད་ཞིག་ཕོབས་ཤོག།བསླུ་བྱེད་སྒེག་མོའི་རྒྱུ་བསྲིན་ཞལ་དུ་བསྟབ་པས།།བསླུ་མེད་ནམ་མཁའི་འཛུམ་ཞལ་སྙིང་དབུས་སུ་ངོམ་པ།།རང་བྱུང་འདུས་མ་བྱས་པ་བདེ་སྟོང་གི་ཕག་མོས།།འཕོ་མེད་ཟག་བྲལ་ཆེན་པོའི་བྱིན་འོད་ཞིག་ཕོངས་ཤོག།དབྱིངས་ཕྱུག་སྙིང་བོའི་སྣ་རྩེའི་རེག་བྱ་དང་འགྲོགས་པའི།།པདྨོ་རྣམ་པར་རྒྱས་འདྲའི་ལང་ཚོ་ཡི་སྲི་ཞུས།།ནོར་བུའི་དགྱེས་པ་སྐོང་བའི་ངོ་མཚར་དང་ལྷན་ཅིག།གཞོན་ཆུང་ལག་པའི་གྲངས་ལྡན་རྩེད་འཇོ་རུ་ཕེབས་ཤོག།ག་བུར་བདུས་རྩིའི་ཐིག་པ་ལུགས་འབྱུང་དུ་འབབ་ཅིང་།།ལུགས་ལྡོག་རོལ་མོ་བཅུ་དྲུག་སིལ་ཁྲོལ་དུ་འཁྲོལ་བཞིན།།ནམ་མཁའི་འཁོར་ལོའི་གྲོང་དུ་རྩེ་དགའ་ལ་རོལ་བའི།།མི་ཟད་དུས་སྟོན་སྟེར་ཅིག་མཁའ་སྤྱོད་ཀྱི་དགའ་མ།།ཁུ་རྡུལ་དྲི་མ་བཀྲུས་པའི་ཉི་གཞོན་གྱི་དཀྱིལ་འཁོར།།འཆར་ནུབ་བྲི་གང་ཡོང་སྤངས་མཁའ་དཀྱིལ་དུ་རྩེན་པའི།།རྟག་ཆེན་སྣང་བ་དམ་པའི་འཇིགས་རྟེན་ཀུན་འགེང་བའི།།ངོ་མཚར་བྱིན་འོད་ཕོབ་ཤོག་ཡེ་ཤེས་ཀྱི་ཕག་མོ།།རོ་སྙོམ་ཟིལ་གནོད་དགོངས་པའི་རྣལ་འབྱོར་གྱི་ངང་ནས།།མཉམ་པའི་བརྟུལ་ཞུགས་སྤྱོད་པའི་དཔའ་གདེང་དང་ལྷན་ཅིག།རུས་པའི་འཕྱང་འཕྲུལ་གཡོ་བའི་གར་སྟབས་ལ་དགྱེས་པས།།མཁའ་འགྲོའི་ཚོགས་གྲལ་འགྲིམ་པའི་རྟེན་འབྲེལ་ཞིག་ཞུའོ།།ཞེས་པའང་ལྕགས་སྦྲུལ་ཟླ་བ་དང་པོའི་དམར་ཕྱོགས་ཀྱི་ཚེས་བཅུར་གཞོན་ནུ་འཇིགས་མེད་པས་སོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་འགྲོའི་ཚོགས་གྲལ་འགྲིམ་པའི་རྟེན་འབྲེལ་ཞིག

2009-10-30 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅༅།།སྣང་སྟོང་མི་ཤིགས་ཐིག་ལེ་འོད་གསལ་གྱི་ལྷ་སྐུར།།གནས་ཡུལ་ཉེར་བཞིའི་བཀོད་པ་ལྷུན་གྲུབ་རྫོགས་པའི།།གཞོམ་ཞིག་མཚན་མ་རྣམ་སྤངས་ཡེ་ཤེས་ཀྱི་རང་གཟུགས།།དག་ཆེན་དཀྱིལ་འཁོར་རྡོ་རྗེ་ཕུང་བོ་ཡི་གྲོང་ན།།སྣ་ཚོགས་སྒྱུ་མའི་རོལ་མོ་འགགས་མེད་དུ་རྩེན་པའི།།རིག་རྩལ་དཔའི་བོ་ཌྰཀིའི་ཚོམ་བུ་ཡི་ཚོགས་ཀུན།།བདེ་ཆེན་གཉུག་མའི་གར་སྟབས་མིག་འཕྲུལ་ལྟར་བསྒྱུར་བཞིན།།གྲུབ་གཉིས་བྱིན་རླབས་སྣང་བ་གྲུ་ཆར་ལྟར་སྙོལ་ཤོག།སྲིད་གསུམ་ཟས་སུ་ཟ་བའི་སྒྲ་གཅན་གྱི་ལྟོ་བར།།དཀར་དམར་ཉི་ཟླའི་དཀྱིལ་འཁོར་རྔམ་ཟས་སུ་རོལ་བས།།སྒྱུ་མའི་ལང་ཚོ་རབ་འབར་འོད་གསལ་གྱི་ཕག་མོས།།མི་འགྱུར་ཡེ་ཤེས་མཆོག་གི་བྱིན་འོད་ཞིག་ཕོབས་ཤོག།བསླུ་བྱེད་སྒེག་མོའི་རྒྱུ་བསྲིན་ཞལ་དུ་བསྟབ་པས།།བསླུ་མེད་ནམ་མཁའི་འཛུམ་ཞལ་སྙིང་དབུས་སུ་ངོམ་པ།།རང་བྱུང་འདུས་མ་བྱས་པ་བདེ་སྟོང་གི་ཕག་མོས།།འཕོ་མེད་ཟག་བྲལ་ཆེན་པོའི་བྱིན་འོད་ཞིག་ཕོངས་ཤོག།དབྱིངས་ཕྱུག་སྙིང་བོའི་སྣ་རྩེའི་རེག་བྱ་དང་འགྲོགས་པའི།།པདྨོ་རྣམ་པར་རྒྱས་འདྲའི་ལང་ཚོ་ཡི་སྲི་ཞུས།།ནོར་བུའི་དགྱེས་པ་སྐོང་བའི་ངོ་མཚར་དང་ལྷན་ཅིག།གཞོན་ཆུང་ལག་པའི་གྲངས་ལྡན་རྩེད་འཇོ་རུ་ཕེབས་ཤོག།ག་བུར་བདུས་རྩིའི་ཐིག་པ་ལུགས་འབྱུང་དུ་འབབ་ཅིང་།།ལུགས་ལྡོག་རོལ་མོ་བཅུ་དྲུག་སིལ་ཁྲོལ་དུ་འཁྲོལ་བཞིན།།ནམ་མཁའི་འཁོར་ལོའི་གྲོང་དུ་རྩེ་དགའ་ལ་རོལ་བའི།།མི་ཟད་དུས་སྟོན་སྟེར་ཅིག་མཁའ་སྤྱོད་ཀྱི་དགའ་མ།།ཁུ་རྡུལ་དྲི་མ་བཀྲུས་པའི་ཉི་གཞོན་གྱི་དཀྱིལ་འཁོར།།འཆར་ནུབ་བྲི་གང་ཡོང་སྤངས་མཁའ་དཀྱིལ་དུ་རྩེན་པའི།།རྟག་ཆེན་སྣང་བ་དམ་པའི་འཇིགས་རྟེན་ཀུན་འགེང་བའི།།ངོ་མཚར་བྱིན་འོད་ཕོབ་ཤོག་ཡེ་ཤེས་ཀྱི་ཕག་མོ།།རོ་སྙོམ་ཟིལ་གནོད་དགོངས་པའི་རྣལ་འབྱོར་གྱི་ངང་ནས།།མཉམ་པའི་བརྟུལ་ཞུགས་སྤྱོད་པའི་དཔའ་གདེང་དང་ལྷན་ཅིག།རུས་པའི་འཕྱང་འཕྲུལ་གཡོ་བའི་གར་སྟབས་ལ་དགྱེས་པས།།མཁའ་འགྲོའི་ཚོགས་གྲལ་འགྲིམ་པའི་རྟེན་འབྲེལ་ཞིག་ཞུའོ།།ཞེས་པའང་ལྕགས་སྦྲུལ་ཟླ་བ་དང་པོའི་དམར་ཕྱོགས་ཀྱི་ཚེས་བཅུར་གཞོན་ནུ་འཇིགས་མེད་པས་སོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།