སྤྱི་གཙུག་ཏུ་འཇོག་པའི་བཀའ་དྲིན།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-28

༅༅།།དབྱིངས་དག་པར་རབ་འབྱམས་ཀློང་ཡངས་ན།།ལྷ་མཚན་སྤྲིན་གྱི་མདངས་ལྡན་ཡོད་དོ་ཞེས།།ཡིད་དང་བའི་མོས་ངོར་རབ་བསམས་ཏེ།།ངག་འོ་དོད་ཀྱི་སྒྲ་དབྱངས་འདོ་འབོད་ན།།ཐུགས་བརྩེ་ཆེན་གྱི་གཟིགས་པ་མ་གཡེལ་ཞིག།སྙིང་ཀུན་རྨོངས་ཀྱི་མེ་ལྕེས་ཟིན་བཞིན་དུ།།བློ་མོས་གུས་ཀྱི་གདོང་བ་ར་རི་ཞིག།ལྷ་ཟུར་ཕུད་ལྔ་བའི་ཞབས་པད་ཕྱོགས།།ད་གྲུབ་འབྲས་ཀྱི་སྐལ་བ་མི་སྩོལ་ན།།སྤྲང་སྡུག་བསྔལ་གྱི་གཡང་སར་སླར་ཡང་འགྲོ།།ཡིད་ཤེས་རབ་ཀྱི་འབྱོར་བས་ཕོངས་བཞིན་དུ།།བློ་དད་གསུམ་གྱི་སྤྲང་སྒྱེ་འདི་བཟུང་སྟེ།།སྐྱབས་ལག་ན་རལ་གྲིའི་ཞབས་དྲུང་ན།། ངག་སྨྲེ་སྔགས་ཀྱི་ཀུ་ཅོ་འདོན་ཞིང་འདུག།ད་དངོས་གྲུབ་ཀྱི་ནོར་སྐལ་མི་གནང་ན།།སྤྲང་སྐྱབས་མེད་དུ་འཁོར་བའི་གཡང་སར་མཆི།།མི་ཉམ་ཆུང་གི་སྤྲང་པོ་འཇིགས་མེད་པའི།།བློ་གཏད་ས་དེ་ཁྱོད་ལས་གཞན་མ་རྙེད།།ངས་རང་ཉིད་མཚན་དུ་གདུང་ཡུས་ཁ་ཏོན་བྱས།།ད་མཚན་བཟང་གི་གསེར་ཞལ་མི་སྟོན་ན།།སྤྲང་འདུན་མའི་གཏད་ས་སོ་སུ་ལ་འཆའ།།ལྷ་མཁྱེན་པའི་གཏེར་ཆེན་སེམས་ལ་བཏགས།།མིག་མཆི་མའི་ཆུ་རྒྱུན་དྲག་ཏུ་གཡོ།།ལག་ཐལ་མོའི་གེ་སར་གཙུག་ཏུ་བཅིང་།།ལུས་གུས་པའི་རྣམ་འགྱུར་འདི་བཅས་ནས།།ལྷ་འཇམ་དཔལ་གཞོན་ནུའི་མཚན་ནས་འབོད།།སྐྱབས་ཐུགས་རྗེ་ཅན་དེས་གསན་ལགས་སམ།།ངས་རྩེ་གཅིག་ཏུ་འཕགས་མཆོག་ཡིད་ལ་བྱས།།ལྷས་ཉིན་གཅིག་ཀྱང་དགྱེས་ཞལ་བསྟན་པ་མེད།།ངའི་རེ་བ་ལ་རེ་འབྲས་དཀའ་དཀའ་འདྲ།།དུས་ད་དུང་ཡང་རེ་ཐག་རྒྱུན་མ་ཆད།།འདི་གཟིགས་སམ་འཇམ་མགོན་མཁྱེན་པའི་ལྷ།།ཞབས་རྩིབས་སྟོང་གི་འཁོར་ལོ་དཔལ་ཡོན་ཅན།།སྤྱི་གཙུག་ཏུ་འཇོག་པའི་བཀའ་དྲིན་ཞུ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་གཙུག་ཏུ་འཇོག་པའི་བཀའ་དྲིན།

2009-10-28 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅༅།།དབྱིངས་དག་པར་རབ་འབྱམས་ཀློང་ཡངས་ན།།ལྷ་མཚན་སྤྲིན་གྱི་མདངས་ལྡན་ཡོད་དོ་ཞེས།།ཡིད་དང་བའི་མོས་ངོར་རབ་བསམས་ཏེ།།ངག་འོ་དོད་ཀྱི་སྒྲ་དབྱངས་འདོ་འབོད་ན།།ཐུགས་བརྩེ་ཆེན་གྱི་གཟིགས་པ་མ་གཡེལ་ཞིག།སྙིང་ཀུན་རྨོངས་ཀྱི་མེ་ལྕེས་ཟིན་བཞིན་དུ།།བློ་མོས་གུས་ཀྱི་གདོང་བ་ར་རི་ཞིག།ལྷ་ཟུར་ཕུད་ལྔ་བའི་ཞབས་པད་ཕྱོགས།།ད་གྲུབ་འབྲས་ཀྱི་སྐལ་བ་མི་སྩོལ་ན།།སྤྲང་སྡུག་བསྔལ་གྱི་གཡང་སར་སླར་ཡང་འགྲོ།།ཡིད་ཤེས་རབ་ཀྱི་འབྱོར་བས་ཕོངས་བཞིན་དུ།།བློ་དད་གསུམ་གྱི་སྤྲང་སྒྱེ་འདི་བཟུང་སྟེ།།སྐྱབས་ལག་ན་རལ་གྲིའི་ཞབས་དྲུང་ན།། ངག་སྨྲེ་སྔགས་ཀྱི་ཀུ་ཅོ་འདོན་ཞིང་འདུག།ད་དངོས་གྲུབ་ཀྱི་ནོར་སྐལ་མི་གནང་ན།།སྤྲང་སྐྱབས་མེད་དུ་འཁོར་བའི་གཡང་སར་མཆི།།མི་ཉམ་ཆུང་གི་སྤྲང་པོ་འཇིགས་མེད་པའི།།བློ་གཏད་ས་དེ་ཁྱོད་ལས་གཞན་མ་རྙེད།།ངས་རང་ཉིད་མཚན་དུ་གདུང་ཡུས་ཁ་ཏོན་བྱས།།ད་མཚན་བཟང་གི་གསེར་ཞལ་མི་སྟོན་ན།།སྤྲང་འདུན་མའི་གཏད་ས་སོ་སུ་ལ་འཆའ།།ལྷ་མཁྱེན་པའི་གཏེར་ཆེན་སེམས་ལ་བཏགས།།མིག་མཆི་མའི་ཆུ་རྒྱུན་དྲག་ཏུ་གཡོ།།ལག་ཐལ་མོའི་གེ་སར་གཙུག་ཏུ་བཅིང་།།ལུས་གུས་པའི་རྣམ་འགྱུར་འདི་བཅས་ནས།།ལྷ་འཇམ་དཔལ་གཞོན་ནུའི་མཚན་ནས་འབོད།།སྐྱབས་ཐུགས་རྗེ་ཅན་དེས་གསན་ལགས་སམ།།ངས་རྩེ་གཅིག་ཏུ་འཕགས་མཆོག་ཡིད་ལ་བྱས།།ལྷས་ཉིན་གཅིག་ཀྱང་དགྱེས་ཞལ་བསྟན་པ་མེད།།ངའི་རེ་བ་ལ་རེ་འབྲས་དཀའ་དཀའ་འདྲ།།དུས་ད་དུང་ཡང་རེ་ཐག་རྒྱུན་མ་ཆད།།འདི་གཟིགས་སམ་འཇམ་མགོན་མཁྱེན་པའི་ལྷ།།ཞབས་རྩིབས་སྟོང་གི་འཁོར་ལོ་དཔལ་ཡོན་ཅན།།སྤྱི་གཙུག་ཏུ་འཇོག་པའི་བཀའ་དྲིན་ཞུ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།