གང་དྲན་སྐད་ཅིག་མ།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-27

༅༅།།ཕ་ཟབ་ལམ་རྡོ་རྗེའི་བླ་མ་མཆོག།མཚན་བརྗོད་ན་འཇིགས་མེད་མཁྱེན་བརྩེའི་ལྷ།།དེ་ཡང་ཡང་དྲན་པས་སྙིང་ཁམས་འདི།།དད་པའི་ཆོས་མདོག་ཏུ་ལམ་གྱིས་འགྲོ།།གནས་རི་ཁྲོད་འདོད་པའི་སྒོམ་ཕྲུག་ཚོ།།བྱ་བ་བློས་བཏང་སྔ་དྲགས་པས།།རྟོག་ངན་གྱི་དུག་རི་ལང་ཙ་ན།།ཞེན་ལོག་གི་ལམ་མཐའ་ལོག་ཏ་རེ།།།ཆོས་འཆི་ཁར་ཕན་ངེས་ཞིག་མཛད་བཞེད་ན།།གྲོ་བརྒྱགས་སུ་གཏད་པ་བཞི་ལྡན་དགོས།།ལྟོ་གོས་གཏམ་གསུམ་པོ་མི་ཕྱིན་ན།།མཐོ་དྲགས་ན་དམའ་སར་ལྷུང་གིས་དོགས།།ལྟོ་མུ་གེས་གདུངས་བའི་དཀའ་སྤྱད་དང་།།རྒྱབ་ལྷགས་པ་ཕྱུར་བའི་སྙིང་རུས་ཤིག།བྱུང་ན་བཟང་གསུམ་གྱི་རྩེ་མོ་ལོ།།མདོ་འགགས་སུ་ཀོ་མཉེད་ཡོང་ཡོང་མཛོད།།ཕྱི་ཕྱུགས་ལུག་ཀོ་བ་མ་ལགས་ཏེ།།ནང་གཤིས་ངན་སེམས་ཀྱི་ཀོ་གྱོང་འདི།།ཐབས་ཟབ་མོ་བླ་མའི་གདམ་ངག་གིས།།མཉེད་ལྷན་ལྷན་བབས་ཚེ་ཆོས་པ་ལགས།།ལམ་དལ་འབྱོར་རྙེད་དཀའི་བློ་རྩེ་ནས།།ཐེག་དགུ་ཡི་རྩེ་མོ་རྫོགས་ཆེན་བར།།དེ་རང་སེམས་འདུལ་བ་ཁོ་ནའི་ཕྱིར།།མགོན་སྐྱོབ་པ་མཚུངས་མེད་དེ་ཡིས་གསུངས།།ད་བསམ་གཞིག་རང་གི་སེམས་ལ་ཐོངས།།རྟོག་དཔྱོད་ཀྱི་རྩེ་མོ་ནང་དུ་སྐོར།།དཔྱད་སྒོམ་གྱི་རྣོ་སོ་རང་ལ་སྟོན།།འུག་པའི་མགོ་ཅན་དེ་ཅི་ཐུལ་ཞུ།།དཀར་ཕྱོགས་ཀྱི་ཉིན་མོ་མི་གྲགས་སྟེ།།མི་སྐལ་ངན་མཚན་མོ་ལྷང་ལྷང་གྲགས།།ཉེས་སྤྱོད་ཀྱི་ལྟས་ངན་སྣ་དགུའི་མཛོད།།ཕུང་བྱེད་ཀྱི་འུག་རྒན་ག་ན་གདའ།།ཁོ་ཡུལ་དྲུག་ཐང་ནས་མི་རྙེད་ཀྱི།།སེམས་བག་མེད་ཤིང་རྩེར་ཉལ་ཚབས་ཆེ།།ཐུགས་བསམ་གྱི་བཀྱེ་འགྱེད་དེ་རུ་ཐོང་།།དགྲ་ཞེ་འཁུའི་སྙིང་རྡོ་དེ་ན་གདའ།།མིང་ལ་རྟག་འཛིན་གྱི་འགོང་བོ་ཟེར།།འདིར་སྣང་གི་ཕྱི་ཚེས་བྱེད་གྱིན་ཡོད།།ཕྱག་རྡོག་པོ་གཅིག་གི་དགེ་སྦྱོར་ཀྱང་།།ལོག་འཆུ་རུ་འཁྲིད་མཁན་ཁོ་ལས་མེད།།ད་ཆུ་བུར་རྡོལ་འདྲའི་བེམ་ཀོག་དང་།།ཤ་མེད་སྤུ་མེད་ཀྱི་ཚེ་སྲོག་འདི།།འཆི་བདག་གིས་དགུང་ལ་མ་སྤུར་གོང་།།ཤུལ་རིང་གི་སྐྱེལ་མ་ཅི་རྙེད་མཛོད།།ཚེ་ནམ་གཞུག་སྦྲང་མའི་ཚང་ཁང་འདི།།ཤི་གཤིན་རྗེ་བྱང་འབྲོག་རྨིག་ར་ཡིས།།ནམ་གཅུར་གྱི་ངེས་པ་མི་ཤེས་པས།།འཆི་ཀའི་འཕྱོར་ཆོས་དེ་མ་མཛད་ཅིག།ལམ་རིང་པོ་བར་དོའི་འཕྲང་ན་ཡོད།།གྱི་ལིང་གི་བཞོན་པ་ག་འདྲ་བ་བདོག དགྲ་ཁ་དྲག་དམྱལ་བའི་ལས་མཁན་ཡིན།། འཇིགས་མེད་ཀྱི་གདེངས་ཚད་ཅི་འདྲ་གདའ།། ལར་དམྱལ་བ་ཟེར་བའི་སྒྲ་བོ་ཆེ།།མི་སྡིག་ཅན་ཤི་བའི་འགྲོ་ཁུང་ཡིན།།སྡིག་པ་ཆ་ལུགས་ཀྱི་སྟེང་ན་མེད།།ལས་དགེ་སྡིག་རང་གི་སེམས་ལ་ལྟོས།།ང་འཆི་འཆི་ཤི་ན་སྐྲག་སྐྲག་ཟེར།།འཆི་ཁ་ལ་བཏགས་ནས་གསོན་དུ་རེ།།ཚེ་ཕྱི་མའི་འདུག་ཆུས་གང་བྱུང་བྱེད།།སྤྱང་གྲུང་གི་མོ་ཕོ་ཚོ་ཡིན་ལེ་ལེ།།སྤྱང་བཙན་ཕྱག་བསྒྲུབ་པའི་ཕོ་རྒོད་དང་།།གླེན་འུག་པ་སྣོད་བཏུམ་མི་ངན་གཉིས།།འཆི་བདག་གི་སྲིན་པོ་ཁྲག་མིག་མདུན།།དཀར་ནག་གི་ཐང་ཤ་མཉམ་པར་གཅོད།།དུས་དེ་ཚེ་འདི་ཕྱིའི་བར་ལག་འབྱེད་ཙ་ན།།འཁྲུལ་སྣང་གི་སུན་མ་བྱུང་ཙ་ན།།ཞུམ་འོ་དོད་འབོད་ཚེ་ཨ་ཙ་མ།།མིག་ཧུར་ཧུར་བྱེད་ཚེ་ཨ་ཙ་མ།།དབུགས་ཤུགས་རིང་འབྱིན་ཚེ་ཨ་ཙ་མ།།དགྲ་འཆི་བདག་ཞགས་པས་རྐེ་ནས་བཏགས།། ལས་ངན་གྱི་ཉེས་པ་རྣ་བར་བསྒྲགས།།ཤི་དམྱལ་བར་ཁྲིད་པའི་གྲོང་སྒོ་ན།།གོས་མེད་ཀྱི་གཅེར་བུ་འཇིགས་པ་ལ།།བཤེས་མེད་ཀྱི་གཅིག་པུར་འཇིགས་པ་ལ།།ནོར་མེད་ཀྱི་ལག་སྟོང་འཇིགས་པ་ལ།། སྡིག་ཅན་གྱི་མི་མཁན་ཨ་ཙི་ཙི།། མི་ཕྱུགས་ཀྱི་ཤི་སྐད་ཐོས་ཙ་ན།།ཤི་བར་དོ་ཟེར་བའི་གྲགས་པ་ཅན།།དུས་དོ་མོད་ཀྱི་མཚན་མོ་ཚུན་ཆད་ཀྱང་།།གཉའ་ཐོག་ཏུ་འཆར་གྲབས་འཆར་གྲབས་ལགས།།ད་འཆི་ཆོས་རང་དྲིན་རང་ཆེ་ཞིག།རན་པས་མི་ཚད་འཕྱིས་པ་ཙམ།།དེ་ཐུགས་ལ་དགོངས་སམ་འཇིགས་མེད་བཟང་།།སྤྲང་སྨྱོན་གྱི་ཡིད་ལ་ཤར་ཚོད་ལགས།། ཞེས་པའང་འདུ་ཤེས་གསུམ་པའི་བན་གཞོན་ཞིག་གིས་གང་དྲན་སྐད་ཅིག་ལ་བྲིས་པའོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་དྲན་སྐད་ཅིག་མ།

2009-10-27 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།