སྐད་ཅིག་ཙམ་ལ་བཞེངས་བའི་མགུར།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-23

༅༅།། ཕ་བཀའ་དྲིན་མཚུངས་མེད་ཨོ་རྒྱན་གྱི་ཆོས་རྗེ།། སྐྱབས་མཆོག་གསུམ་ཀུན་འདུས་དྲིན་ཆེན་གྱི་བླ་མ།། དེ་དབྱེར་མེད་རྗེ་བཙུན་ཡེ་ཤེས་ཀྱི་མེ་ལོང་།།ངའི་སྙིང་ཀ་ཆོས་ཀྱི་འཁོར་ལོ་རུ་རྩེན་མཛོད།།གཤིས་མཐར་བརྒྱད་སྤྲོས་བྲལ་ངེས་དོན་གྱི་འཇམ་དཔལ།།དེ་ཚིག་ཏུ་བརྗོད་པས་གོ་རྒྱུ་ཞིག་མི་གདའ།།བློས་ཇི་ལྟར་བརྟགས་ཀྱང་བསམ་རྒྱུ་ཞིག་མི་འདུག།ད་རྩོལ་མེད་ལྟ་བས་ཁྱེད་ཞལ་དེ་བལྟ་འདོད།།ལས་བྱས་བྱས་ནམ་མཁའི་མདུང་སྐོར་དང་མཚུངས་ཤིང་།།ཡིད་གང་ཤར་སྦྲུལ་མདུད་རང་གྲོལ་དུ་འདུག་པ།།དེ་ཤེས་ནས་ཟབ་གསལ་གཉིས་མེད་ཀྱི་འཇམ་དཔལ།།དོན་མཉམ་ཉིད་ཆེན་པོར་ལྷོད་ལྷོད་དུ་འཇོག་སྙམ།།ལྷའི་བསྐྱེད་རིམ་བསྒོམ་པ་རྣམ་ཏོག་གི་རི་མོ།།ལམ་རྩ་རླུང་སྦྱོང་བ་བློས་བྱས་ཀྱི་རྣམ་འབྱོར།།དེ་ཤེས་ནས་བྱ་རྩོལ་བློ་འདས་ཀྱི་འཇམ་དཔལ།།ཐབས་ཅོག་བཞག་འཁྱིལ་བའི་མན་ངག་གིས་བལྟ་འདོད།།སེམས་སྤང་དུ་མི་འཚལ་འཇམ་མགོན་གྱི་རང་གདངས།།ལམ་བསྒྲུབ་དུ་མི་འཚམས་ལམ་ཀུན་གཞི་རྫོགས།།དེ་ཤེས་ནས་མཉམ་རྫོགས་གཞི་གྲོལ་གྱི་འཇམ་དཔལ།།བློ་འཇུར་བུས་མ་ཡིན་ལྷོད་འབོལ་དུ་བལྟ་སྙམ།།བློ་ཚོགས་དྲུག་འགོག་པ་སྲིད་རྩེ་ལ་ཡོད་ཅིང།།སེམས་དང་དུ་ལེན་པ་ཁྱི་རྒན་ཡང་ཤེས་མོད།།དེ་མཐོང་ནས་གཉུག་མ་དག་མཉམ་གྱི་འཇམ་དཔལ།།བློ་བསལ་བཞག་མེད་པ་གུ་ཡངས་སུ་བལྟ་འདོད།།ཡིད་ཀུན་རྟོག་འཆིང་བ་ཁམས་གསུམ་གྱི་རྩ་བ།།སེམས་ཅིར་ཡང་མི་འཛིན་ཧ་ཤང་གི་ལྟ་སྒོམ།།དེ་ཤེས་ནས་རིག་སྟོང་མཐའ་བྲལ་གྱི་འཇམ་དཔལ།།ཐབས་གསལ་དྭངས་ཕྱེད་པའི་ཉམས་མྱོང་གིས་བལྟ་འདོད།།དབྱིབས་ཁ་དོག་མེད་དེ་སྟོང་ཆེན་གྱི་ཆོས་ཉིད།།རྒྱ་རིས་ཆད་བྲལ་བ་ཀུན་ཁྱབ་ཀྱི་རིག་གདངས།། ཕྱོགས་མཐའ་དབུས་མེད་དེ་མཁའ་མཉམ་གྱི་ཡེ་ཤེས།། ཚུལ་དེ་ཤེས་འཇམ་མགོན་རང་ཞལ་དེ་མཐོང་ངོ།།ཧོ་ཧོ།།གཤིས་ཡོད་པ་མ་ལགས་བདེན་མེད་ཀྱི་རོལ་མོ།།དེ་མེད་པ་མ་ལགས་ཀུན་སྣང་གི་ཡེ་གཞི།།བློས་གང་དུ་བརྟགས་ཀྱང་མཐོང་རྒྱུ་ཞིག་མི་འདུག།ཚིག་ཡི་གེས་བརྗོད་པས་མཚོན་རྒྱུ་ཞིག་མ་ལགས།།ཕྱི་བརྟན་སྣོན་མ་ཡིན་བེམ་ཆོས་སུ་མ་གྲུབ།།ནང་གཡོ་བ་མ་ཡིན་གང་ཟག་ཏུ་མི་གདའ།། ཆོས་རྟག་དང་མི་རྟག་བརྗོད་གཞི་ལས་འདས་པའི།།དོན་ཡིན་ལུགས་ཟབ་མོ་སྤྲོས་མཚན་ལས་འདས་སོ།།མི་བརྩོན་འགྲུས་ཅན་འགའ་འཇུར་དྲན་ལ་འབྱམས་སོང་།།ཁོང་ཤེས་རབ་ཅན་ཕན་རྟོག་གེ་ལ་ཞེན་སོང་།།ཕ་བློ་ལྡན་མཆོག་སྲིད་བྱིན་རླབས་ཀྱི་མཐུ་ལས།།མི་ང་ཅག་ཐེག་རྩེའི་དགོངས་དོན་ལ་དགའ་འོ།། ཞེས་པའང་གཞོན་ནུ་འཇིགས་མེད་པས་ལྕགས་སྦྲུལ་གྱི་ཟླ་12ཚེས་25ལ་སྐད་ཅིག་ཡུད་ཙམ་ལ་བྲིས་པའོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཅིག་ཙམ་ལ་བཞེངས་བའི་མགུར།

2009-10-23 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།