གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངོ་མཚར་ལ་ཨ་ཧོ།

2009-01-05 17:59:00 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༄༅།། ངོ་མཚར་ལ་ཨ་ཧོ།།འགྲོ་དྲུག་སྲིད་པའི་རྒྱལ་ཁམས་ཡངས་པོར།།ངེས་མེད་རྒྱུ་བའི་སྤྲང་རྒན་སྨྱོན་པ།། མི་སྲིད་དགུ་སྲིད་ལས་ཀྱི་སྒྱུ་མ།།མ་མཐོང་བྱ་བ་གཏན་ནས་མེད་དེ།།སངས་རྒྱས་གསུང་རབ་ཉི་མའི་འོད་ཀྱིས།།སྐལ་བཟང་ཀུན་དགའི་པདྨོ་ཕྱེ་བའི།།ཞིང་བཟང་འདི་འདྲར་སླེབ་ཅིག་མ་མྱོང་།།ད་རེད་སླེབ་པ་སྐྱིད་པའི་དགའ་སྟོན།།སྨག་རུམ་དམྱལ་བའི་གནས་ནས་ཐོན་ཏེ།།ལན་ཅིག་ས་སྟེང་ཕྱིན་སྙམ་ཙ་ན།།སྤྱན་རས་གཟིགས་ཀྱི་ཞབས་སེན་དྲུང་ན།།མིག་འབུར་ཧྲིག་གེར་སླེབས་ནས་གདའ་འོ།།གླེན་ལྐུགས་ངན་འགྲོའི་ཡུལ་གྱི་སེམས་ཅན།།ད་ལྟ་འཕགས་པའི་སློབ་འབངས་ནང་ན།།ཆོས་ཀྱི་དགའ་ཉམས་བསྐྱང་ནས་བསྡད་ཡོད།།ཨ་ཧོ་འདུས་བྱས་འདི་ཡི་འགྱུར་བ།།རྗེ་བཙུན་ཐུགས་རྗེའི་བུམ་པ་བཟང་པོར།།འཇུས་ནས་སྨོན་ལམ་དཀར་པོ་བཏབ་ཟིན།།ད་དུང་བདེ་ནས་བདེ་བར་ལོས་འགྲོ།།སྐྱིད་དོ་སྙམ་ནས་དགའ་བྲོ་འཁྲོབས་དང་།།།བསགས་པ་དོན་ལྡན་ཐེག་མཆོག་ལོངས་སྤྱོད།།ད་ལྟ་འདི་ཡོད་སྙམ་པ་མེད་དེ།།རེ་ལྟོས་མི་བསླུ་ཁོང་ལ་བསྟེན་ན།།རང་སྐལ་མི་འཆད་གདེངས་ཤིག་ཡོད་དོ།།ལས་ཀྱི་རྒྱ་མཚོར་ཉ་ལྟར་འགྱུ་ལང་།།འཕགས་མཆོག་སྐྱབས་སྦྱིན་ཕྱག་རྒྱའི་ལྕགས་ཀྱུར།།ལེགས་སྨོན་སྲད་བུས་སྦྲེལ་བའི་ཉ་ཆུང་།།ཆུ་གནས་གཞན་དང་ཡུན་རིང་མི་འགྲོགས།།ཨ་ཧོ་ལྔ་བདོ་སྙིགས་པའི་མི་ནང་།།སྐྱིད་བྲོ་བརྡུང་དང་འཇིགས་མེད་སྨྱོན་པ།།འདམ་ཀྱི་ནང་ན་འཛུམ་དཀར་ཤིགས་སེ།།པད་མ་དཀར་པོའི་ལད་མོ་ཁྱོགས་དང་།། དབུན་གྱི་ཡུལ་ངན་ཞིག་གི་རྐྱེན་དབང་དང་འགྲོགས་པས་ཤེས་པ་སྐྱོ་བ་ན་ཡ་མཚར་དུ་བྲིས་པ་ཡིན་ནོ།། དགེའོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།