གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསུང་མགུར་ཐུང་ངུ་།

2009-01-04 18:41:00 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

ཁྲི་ཐོག་བླ་མའི་ཁ་ལ་ཉན་ཙ་ན།།མི་དགོས་དུ་དགོས་དགོས་ཚད་ལུང་བ་གང་།།དེ་ཀུན་དགོས་ན་ཡོང་བ་མི་འདུག་སྟེ།།མི་ཐོག་ཁ་ཕོ་ཆེ་བ་ཡོན་ནམ་ཨང་།དགོན་སྟོད་གྲྭ་པའི་བྱེད་ལུགས་མཐོང་ཙ་ན།།མི་བྱེད་དགུ་བྱེད་ཡོག་ལི་འཕུར་མ་འགྲོས།།དེ་ཀུན་བྱས་ན་ཆོག་པ་མི་འདྲ་སྟེ།དོན་ཆེན་འགྱོད་མེད་གདེང་ཞིག་ལོས་ཡོད་ཨང་།།དགོན་སྨད་མ་ཇོའི་སྤྱོད་ཚུལ་བལྟས་ཙ་ན།།མི་སྡུད་དགུ་སྡུད་བྱི་བོའི་ཚང་སྡུད་མ།།དེ་ཀུན་བསྡུས་ན་ལེགས་པ་མི་འདྲ་སྟེ།།ཁུར་བོ་ཚུར་འཇོག་བྱུང་ན་ཅི་ཁག་ཨང་།།མཐོན་པོའི་ལྟ་བ་བརྙབ་པའི་ལག་རིང་བོ།།རྐང་བ་ངན་འགྲོའི་གཡང་ལ་འཇོག་བཞིན་དུ།། མཁས་དང་གྲུབ་པའི་གྲགས་སྐམ་ལ་ཆགས་པ།། དེ་འདྲའི་ཟོག་པོ་བཀུར་ན་ཁུར་དུ་ལྕི།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།