དབུས་བཟའ་མཁའ་འགྲོ་མའི་རྨོངས་གླུ་བཞུགས་སོ།།

དབུས་བཟའ་མཁའ་འགྲོ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-18


བན་ནག་སྡུག་ཚལ་གནས་ན།།
ཚོགས་ངན་འཁོར་ལོ་བསྐོར་ཀི།
སེམས་སྐྱོའི་རྨོངས་གླུ་ལེན་དུས།།
བྱ་ཁྭ་ཏས་ཨ་ཥེའུ་ཟེར་འདུག།
ཚེ་རོགས་ངན་པའི་ཞལ་ངོ་།།
རྫ་རིར་ཉི་གྲིབ་གུག་འདྲ།།
གནས་ཁང་གད་ནག་ཁོག་སྟོང་།།
གྲིབ་འཁྱག་གཅོང་གི་གཞི་མ།།
ང་རང་ས་མཐའི་སྤྲང་མོར།།
སྐྱོ་གྲོགས་ཨ་སྔོན་གནམ་རེད།།
ཡང་དག་ཆོས་བསྒྲུབ་ཕར་ཞོག།
ཉིན་མཁོན་རྒྱུན་ཆད་དཀའ་འདུག།
ད་ནི་གཡོག་མིན་གནས་མིན།།
བྱ་ངན་འདི་འདྲ་སྤངས་ནས།།
རྒྱལ་ཁམས་སྐོར་བ་བྱེད་འགྲོ།

                               
                                       རྩོམ་སྒྲིག་པ། དབང་མོ།


རྩོམ་ཁུངས། དབུས་བཟའ་མཁའ་འགྲོ་མའི་གསུང་འབུམ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུས་བཟའ་མཁའ་འགྲོ་མའི་རྨོངས་གླུ་བཞུགས་སོ།།

2016-04-18 དབུས་བཟའ་མཁའ་འགྲོ་མ། ཀློག་གྲངས། མཆན ཡོད།


བན་ནག་སྡུག་ཚལ་གནས་ན།།
ཚོགས་ངན་འཁོར་ལོ་བསྐོར་ཀི།
སེམས་སྐྱོའི་རྨོངས་གླུ་ལེན་དུས།།
བྱ་ཁྭ་ཏས་ཨ་ཥེའུ་ཟེར་འདུག།
ཚེ་རོགས་ངན་པའི་ཞལ་ངོ་།།
རྫ་རིར་ཉི་གྲིབ་གུག་འདྲ།།
གནས་ཁང་གད་ནག་ཁོག་སྟོང་།།
གྲིབ་འཁྱག་གཅོང་གི་གཞི་མ།།
ང་རང་ས་མཐའི་སྤྲང་མོར།།
སྐྱོ་གྲོགས་ཨ་སྔོན་གནམ་རེད།།
ཡང་དག་ཆོས་བསྒྲུབ་ཕར་ཞོག།
ཉིན་མཁོན་རྒྱུན་ཆད་དཀའ་འདུག།
ད་ནི་གཡོག་མིན་གནས་མིན།།
བྱ་ངན་འདི་འདྲ་སྤངས་ནས།།
རྒྱལ་ཁམས་སྐོར་བ་བྱེད་འགྲོ།

                               
                                       རྩོམ་སྒྲིག་པ། དབང་མོ།


རྩོམ་ཁུངས། དབུས་བཟའ་མཁའ་འགྲོ་མའི་གསུང་འབུམ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།