རྒྱལ་མཆོག་ལྔ་བ་ཆེན་པོའི་བསྟོད་པ་སྣང་བ་མཐའ་ཡས་མ།

རྒྱལ་བ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-02

  ༈ སྣང་བ་མཐའ་ཡས་སྲས་ཀྱིཐུ་བོ་མཆོག །ཕྱག་ན་པད་དཀར་འཛིན་པས་རྗེས་བཟུང་བས། །ཚེ་རབས་མང་པོར་བག་ཆགས་ཡོངས་སད་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཤཱཀྱ་སེདྒེའི་མདོརྒྱུད་གསུང་རབ་དང༌། །ཐ་སྙད་གཙུག་ལག་རིག་པའི་གནས་མང་པོར། །དཔྱད་གསུམ་རྣམ་པར་དག་པས་ལེགས་ཐོས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཐའ་ཀླས་ཤེས་བྱར་སྲིད་པའི་ཆོས་ཚུལ་གྱི། །གནས་ལུགས་ཀུན་ལ་ཞིབ་མོར་ཉེར་བསམས་པས། །འཁྲུལ་བྲལ་ཇི་བཞིན་ཡིད་ངོར་རབ་ཤར་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གཡོ་མེད་ཞི་གནས་ཆུ་ནང་ལྷག་མཐོང་གཟུགས། །རབ་གསལ་བསྐྱེད་དང་རྫོགས་པའི་རིམ་པ་ཡི། །རྣལ་འབྱོར་མཆོག་ལས་ལེགས་བསྒོམས་ཉམས་མྱོང་ཅན། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཐུབ་གཞུང་སྤྱི་དང་ཁྱད་པར་འཇམ་དཔལ་དབྱངས། །ངུར་སྨྲིག་ཟློས་གར་བློ་བཟང་གྲགས་པ་ཡི། ། དགོངས་དོན་འགྲེལ་ལ་འཆད་རྩོད་རྩོམ་མཁས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མ་དུལ་རང་རྒྱུད་གླང་པོའིསྣ་ཞགས་ལ། །ཚུལ་ལྡན་ཁྲིམས་ཀྱི་ལྕགས་ཀྱུ་རྣོན་པོ་ཡི། །ཉེར་བཏབ་བག་ཡོད་བཙུན་པའི་ངང་ཚུལ་ཅན། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །རིས་སུ་མ་མཆིས་སྐྱེརྒུ་མཐའ་དག་ལ། །ཕན་འདོད་ལྷག་བསམ་བཟང་པོསྟོན་དུས་ཀྱི། །རི་བོང་འཛིན་པའི་དཀྱིལ་འཁོར་ལྟར་དཀར་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའིསྡེར། །མི་ཕྱེད་སྙིང་ནས་གསོལ་བ་བཏབ་པའི་མཐུས། །འདི་ཕྱི་གཏན་གྱི་མདུན་མ་མཐའ་ཀླས་པ། །རེ་བ་ཇི་བཞིན་འགྲུབ་པར་བདག་བྱིན་རློབས། །དཀོན་མཆོག་ཐུགས་རྗེའི་ནམ་མཁའ་ཆེར་ཡངས་པས། །བྱིན་རླབས་ཆར་གྱིས་ཞིང་ས་ཡོངས་བརླན་པའི། །འབྱུང་གནས་གདན་གསུམ་ཚང་བའི་བཤེས་གཉེན་མཆོག །ངག་དབང་བློ་བཟང་རྒྱ་མཚོའིབཀྲ་ཤིས་ཤོག །ངག་གི་དབང་ཕྱུག་དབྱངས་ཅན་དགྱེས་པའི་ཞལ། །ཉེར་ངོམས་བློ་བཟང་བསྐལ་བཟང་རྒྱ་མཚོའིསྡེ། ། བླ་མེད་ཡེ་ཤེས་མ་ཐོབ་དེ་སྲིད་དུ། །བརྩེ་བས་རྟག་ཏུའཛིན་པར་བྱིན་གྱིས་རློབས། །མཁྱེན་བརྩེའི་བདག་ཉིད་རྗེ་བཙུན་སྤྱན་རས་གཟིགས། །དཔལ་ལྡན་མཁས་བཙུན་བཟང་པོའི་ཟློས་གར་གྱི། །རྣམ་རོལ་མཆོག་གི་སྤྲུལ་སྐུ་ཡིད་བཞིན་ནོར། །བློ་བཟང་བསྟན་པའི་དཔལ་ལ་གསོལ་བ་འདེབས། །ཅེས་པ་འདི་ཡང་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་དད་སྟོབས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་པ་ཤོག་ཐུ་རྒྱལ་པོས་ཤོ་ལོ་ཀ་ཐམས་ཅད་ལ་ངེད་རང་གི་མིང་སྒྲ་ཚང་པའི་གསོལ་འདེབས་ མང་ཉུང་འཚམ་པ་གྲྭ་ཚང་གསར་རྙིང་ཚོར་བཅུག་ཆོག་པ་ཞིག་དགོས་ཞེས་བསྐུལ་མ་མཛད་པ་ལྟར་༧ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། དགེ་ལེགས་འཕེལ།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་མཆོག་ལྔ་བ་ཆེན་པོའི་བསྟོད་པ་སྣང་བ་མཐའ་ཡས་མ།

2009-07-02 རྒྱལ་བ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།