དཔལ་ལྡན་བླ་མ་གནས་བརྟན་ཆེན་པོ་རིན་ཆེན་རྒྱལ་མཚན་པའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།

ཞང་ཞུང་ཆོས་དབང་གྲགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-28

༄༅།།ཝ་ག་ཤྭ་ར་སྭ་ར་དཱེ་ཝི་ན་མོ།

 

དཔལ་ལྡན་ཡོན་ཏན་རིན་ཆེན་མཐའ་དག་གིས།།

ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་སྟེ།།

ཤྰཀྱའི་རྒྱལ་བ་མཚན་དཔེས་སྤྲས་འདྲ་བ།།

རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས།།

 

ཚོགས་གཉིས་འཛིན་མའི་རྡུལ་གྱི་གྲངས་སྙེད་ཀྱིས།།

མཐོན་པོར་བརྩེགས་པའི་ཁོར་ཡུག་ནམ་མཁའི་མཐར།།

གཤེགས་པའི་སྐུ་ནི་ཐུན་མཚམས་བླ་གོས་ཀྱིས།།

འཁྱུད་པ་ལྷུན་པོའི་མགོན་ལ་གསོལ་བ་འདེབས།།

 

ལྷག་པའི་བསླབ་པ་གསུམ་གྱི་བཅས་པ་དང་།།

འགལ་བའིཉེས་པསརྨི་ལམ་ནམ་དུ་ཡང་།།

མ་གོས་དྲི་མ་མེད་པ་རྣམས་མནོས་པ།།

དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས།།

 

དྲི་མེད་རྨི་ལམ་གསེརགྱི་འཁྲི་ཤིང་ནི།།

ལྷག་བསམ་མ་ངྷུ་རཱ་བཱ་མངལ་ཁུར་གྱིས།།

མཛེས་པ་དེ་ཚེ་ལྷར་བཅས་འཇིག་རྟེན་གྱིས།།

འདོད་དགུའི་རེ་བ་སྐོང་ལ་གསོལ་བ་འདེབས།།


ཐུབ་བསྟན་ཉི་མ་ཁྱོད་ཀྱི་སྙན་པའི་ཚོགས།།

རབ་བཀྲའི་ཟེར་གྱིས་ས་ལ་བླ་གོས་བཟང་།།

སྦྱིན་མཛད་ཕྱོགས་ཀྱི་བུ་མོའི་རྣ་བ་ཡི།།

དགའ་བའི་བཅུད་ལེན་བགྱིད་ལ་གསོལ་བ་འདེབས།།

 

བསམ་གཏན་ལ་ཆགས་ཞི་བའི་གཟིགས་སྟངས་ཀྱིས།།

སྟོང་བ་ཉིད་ལ་མཉམ་པར་བཞག་བཞིན་དུ།།

གདུལ་བྱའི་ཁམས་དང་བསམ་པ་དབང་བོ་དང་།།

མཐུན་པར་ཆོས་སྟོན་མཛད་ལ་གསོལ་བ་འདེབས།།

 

རང་གཞན་གྲུབ་མཐའི་རྒྱ་མཚོར་རྣམ་རོལ་བའི།།

དབྱངས་ཅན་མའདི་གློག་གི་རོལ་རྩེད་ཀྱིས།།

ལྗགས་ཀྱི་རྩེ་ལ་རྣམ་པར་རོལ་བྱེད་དེ།།

རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།

 

གྲུབ་པ་གྲོང་འཇོམས་ཆུར་ཉལ་འཇིག་རྟེན་མེས།།

རང་སྐྱེས་ཉི་མའི་བུ་སོགས་དྲེགས་པ་ཅན།།

རྣམ་དག་ཁྲིམས་ཀྱི་གཟི་བརྗིད་འབར་བ་ཡིས།།

རྟག་ཏུ་འཛུམ་མཛད་ཁྱོད་ལ་གསོལ་བ་འདེབས།།

 

ཁྱོད་ཐུགས་བྱམས་པའི་རི་དྭགས་ལྟེ་བའི་དྲིས།།

གང་བར་ཁྲོ་བའི་སྦྲུལ་དུ་འཇུག་པའི་སྐབས།།

མེད་པ་ལྟ་ཞོག་ཁྱོད་སྐུ་མཐོང་མ་ཐག།

བཟོད་པ་གོམས་པར་མཛད་ལ་གསོལ་བ་འདེབས།།

 

རིག་ཚུལ་ཆུ་བོ་མ་ལུས་ཞལ་གྱི་ནི།།

རྒྱ་མཚོར་སོང་ཡང་ངོམ་པ་མི་མངའ་བའི།།

ཐུབ་བསྟན་འཛིན་མའི་འཁོར་ཡུག་ལེགས་བཤད་ཀྱི།།

ཀ་བའི་རྣམ་པར་བརྟེན་ལ་གསོལ་བ་འདེབས།།

 

འགྲོ་འདི་ཐུགས་རྗེའི་ཕྱག་གིས་དམ་འཁྱུད་ནས།།

ད་ལྟ་ཉིད་དུ་སངས་རྒྱས་གོ་འཕང་ལ།།

བདེ་བླག་ཉིད་དུ་བཀྲི་བའི་ཐབས་གང་ཞེས།།

རྟག་ཏུ་བསམ་གཏན་མཛད་ལ་གསོལ་བ་འདེབས།།

 

ཁྱོད་ཀྱི་བཀའ་ནི་འཕགས་མཆོག་རྣམས་ཀྱིས་ཀྱང་།།

རྒྱལ་བའི་གསུང་བཞིན་སྤྱི་བོར་འཛིན་བྱེད་དེ།།

རྣམ་ཐོས་བུ་སོགས་བསྟན་བསྲུངས་ཚོགས་འདི་ཡིས།།

རྟག་ཏུ་མངག་གཞུག་བགྱིད་ལ་གསོལ་བ་འདེབས།།

 

ལྷ་ཡི་རྣམ་འབྱོར་མཐར་ཕྱིན་ཐ་མལ་གྱི།།

རྣམ་རྟོག་ཟད་ཅིང་བ་སྤུའི་ཁུང་བུ་རེར།།

རི་རབ་སུམ་ཅུ་དྲུག་གི་རྡུལ་སྙེད་ཀྱི།།

དྲུག་གཉིས་མཛད་པ་ཡོན་ཏན་ལ་གསོལ་འདེབས།།

 

ཆགས་སོགས་ཀུན་རྟོག་སྦྲུལ་གདུག་ཉི་ཟླའི་ལམ།།

རྣམ་པར་བཅོམ་ཞིང་དྷུ་ཏའི་འཆང་བ་གྲོལ།།

བདེ་ཆེན་སྟོང་ཉིད་མཛེས་མའི་དགའ་བའི་རོས།།

ལོངས་སྤྱོད་རྫོགས་སྐུ་ཉིད་ལ་གསོལ་བ་འདེབས།།

 

དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ།།

རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མེད་པ།།

དགེ་བའི་བཤེས་ཁྱོད་ཞབས་རྡུལ་སྤྱི་བོ་ཡིས།།

རེག་པའི་མཐུ་ལས་སྲིད་པའི་ཕུན་ཚོགས་ཀུན།།

ཆུ་ཤིང་བཞིན་དུ་རྟོགས་ནས་ཐར་ལམ་ལ།།

ཤུགས་དྲགས་བརྩོན་འགྲུས་རྩོམ་པར་བྱིན་གྱིས་རློབས།།

 

རྣམ་དག་བྱང་ཆུབ་སེམས་དང་བདག་མེད་བློ།།

ཕྲ་རགས་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས།།

རྫོགས་རིམ་སྤྱོད་པ་དང་བཅས་ལེགས་སྤྱད་དེ།།

ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག། ཅེས་དཔལ་ལྡན་བླ་མ་གནས་བརྟན་ཆེན་པོ་རིན་ཆེན་རྒྱལ་མཚན་པའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། ཕྱོགས་ལས་རྣམ་རྒྱལ་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་པའོ།།

 

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་ལྡན་བླ་མ་གནས་བརྟན་ཆེན་པོ་རིན་ཆེན་རྒྱལ་མཚན་པའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།

2008-12-28 ཞང་ཞུང་ཆོས་དབང་གྲགས་པ། ཀློག་གྲངས། མཆན ཡོད།

༄༅།།ཝ་ག་ཤྭ་ར་སྭ་ར་དཱེ་ཝི་ན་མོ།

 

དཔལ་ལྡན་ཡོན་ཏན་རིན་ཆེན་མཐའ་དག་གིས།།

ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་སྟེ།།

ཤྰཀྱའི་རྒྱལ་བ་མཚན་དཔེས་སྤྲས་འདྲ་བ།།

རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས།།

 

ཚོགས་གཉིས་འཛིན་མའི་རྡུལ་གྱི་གྲངས་སྙེད་ཀྱིས།།

མཐོན་པོར་བརྩེགས་པའི་ཁོར་ཡུག་ནམ་མཁའི་མཐར།།

གཤེགས་པའི་སྐུ་ནི་ཐུན་མཚམས་བླ་གོས་ཀྱིས།།

འཁྱུད་པ་ལྷུན་པོའི་མགོན་ལ་གསོལ་བ་འདེབས།།

 

ལྷག་པའི་བསླབ་པ་གསུམ་གྱི་བཅས་པ་དང་།།

འགལ་བའིཉེས་པསརྨི་ལམ་ནམ་དུ་ཡང་།།

མ་གོས་དྲི་མ་མེད་པ་རྣམས་མནོས་པ།།

དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས།།

 

དྲི་མེད་རྨི་ལམ་གསེརགྱི་འཁྲི་ཤིང་ནི།།

ལྷག་བསམ་མ་ངྷུ་རཱ་བཱ་མངལ་ཁུར་གྱིས།།

མཛེས་པ་དེ་ཚེ་ལྷར་བཅས་འཇིག་རྟེན་གྱིས།།

འདོད་དགུའི་རེ་བ་སྐོང་ལ་གསོལ་བ་འདེབས།།


ཐུབ་བསྟན་ཉི་མ་ཁྱོད་ཀྱི་སྙན་པའི་ཚོགས།།

རབ་བཀྲའི་ཟེར་གྱིས་ས་ལ་བླ་གོས་བཟང་།།

སྦྱིན་མཛད་ཕྱོགས་ཀྱི་བུ་མོའི་རྣ་བ་ཡི།།

དགའ་བའི་བཅུད་ལེན་བགྱིད་ལ་གསོལ་བ་འདེབས།།

 

བསམ་གཏན་ལ་ཆགས་ཞི་བའི་གཟིགས་སྟངས་ཀྱིས།།

སྟོང་བ་ཉིད་ལ་མཉམ་པར་བཞག་བཞིན་དུ།།

གདུལ་བྱའི་ཁམས་དང་བསམ་པ་དབང་བོ་དང་།།

མཐུན་པར་ཆོས་སྟོན་མཛད་ལ་གསོལ་བ་འདེབས།།

 

རང་གཞན་གྲུབ་མཐའི་རྒྱ་མཚོར་རྣམ་རོལ་བའི།།

དབྱངས་ཅན་མའདི་གློག་གི་རོལ་རྩེད་ཀྱིས།།

ལྗགས་ཀྱི་རྩེ་ལ་རྣམ་པར་རོལ་བྱེད་དེ།།

རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།

 

གྲུབ་པ་གྲོང་འཇོམས་ཆུར་ཉལ་འཇིག་རྟེན་མེས།།

རང་སྐྱེས་ཉི་མའི་བུ་སོགས་དྲེགས་པ་ཅན།།

རྣམ་དག་ཁྲིམས་ཀྱི་གཟི་བརྗིད་འབར་བ་ཡིས།།

རྟག་ཏུ་འཛུམ་མཛད་ཁྱོད་ལ་གསོལ་བ་འདེབས།།

 

ཁྱོད་ཐུགས་བྱམས་པའི་རི་དྭགས་ལྟེ་བའི་དྲིས།།

གང་བར་ཁྲོ་བའི་སྦྲུལ་དུ་འཇུག་པའི་སྐབས།།

མེད་པ་ལྟ་ཞོག་ཁྱོད་སྐུ་མཐོང་མ་ཐག།

བཟོད་པ་གོམས་པར་མཛད་ལ་གསོལ་བ་འདེབས།།

 

རིག་ཚུལ་ཆུ་བོ་མ་ལུས་ཞལ་གྱི་ནི།།

རྒྱ་མཚོར་སོང་ཡང་ངོམ་པ་མི་མངའ་བའི།།

ཐུབ་བསྟན་འཛིན་མའི་འཁོར་ཡུག་ལེགས་བཤད་ཀྱི།།

ཀ་བའི་རྣམ་པར་བརྟེན་ལ་གསོལ་བ་འདེབས།།

 

འགྲོ་འདི་ཐུགས་རྗེའི་ཕྱག་གིས་དམ་འཁྱུད་ནས།།

ད་ལྟ་ཉིད་དུ་སངས་རྒྱས་གོ་འཕང་ལ།།

བདེ་བླག་ཉིད་དུ་བཀྲི་བའི་ཐབས་གང་ཞེས།།

རྟག་ཏུ་བསམ་གཏན་མཛད་ལ་གསོལ་བ་འདེབས།།

 

ཁྱོད་ཀྱི་བཀའ་ནི་འཕགས་མཆོག་རྣམས་ཀྱིས་ཀྱང་།།

རྒྱལ་བའི་གསུང་བཞིན་སྤྱི་བོར་འཛིན་བྱེད་དེ།།

རྣམ་ཐོས་བུ་སོགས་བསྟན་བསྲུངས་ཚོགས་འདི་ཡིས།།

རྟག་ཏུ་མངག་གཞུག་བགྱིད་ལ་གསོལ་བ་འདེབས།།

 

ལྷ་ཡི་རྣམ་འབྱོར་མཐར་ཕྱིན་ཐ་མལ་གྱི།།

རྣམ་རྟོག་ཟད་ཅིང་བ་སྤུའི་ཁུང་བུ་རེར།།

རི་རབ་སུམ་ཅུ་དྲུག་གི་རྡུལ་སྙེད་ཀྱི།།

དྲུག་གཉིས་མཛད་པ་ཡོན་ཏན་ལ་གསོལ་འདེབས།།

 

ཆགས་སོགས་ཀུན་རྟོག་སྦྲུལ་གདུག་ཉི་ཟླའི་ལམ།།

རྣམ་པར་བཅོམ་ཞིང་དྷུ་ཏའི་འཆང་བ་གྲོལ།།

བདེ་ཆེན་སྟོང་ཉིད་མཛེས་མའི་དགའ་བའི་རོས།།

ལོངས་སྤྱོད་རྫོགས་སྐུ་ཉིད་ལ་གསོལ་བ་འདེབས།།

 

དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ།།

རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མེད་པ།།

དགེ་བའི་བཤེས་ཁྱོད་ཞབས་རྡུལ་སྤྱི་བོ་ཡིས།།

རེག་པའི་མཐུ་ལས་སྲིད་པའི་ཕུན་ཚོགས་ཀུན།།

ཆུ་ཤིང་བཞིན་དུ་རྟོགས་ནས་ཐར་ལམ་ལ།།

ཤུགས་དྲགས་བརྩོན་འགྲུས་རྩོམ་པར་བྱིན་གྱིས་རློབས།།

 

རྣམ་དག་བྱང་ཆུབ་སེམས་དང་བདག་མེད་བློ།།

ཕྲ་རགས་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས།།

རྫོགས་རིམ་སྤྱོད་པ་དང་བཅས་ལེགས་སྤྱད་དེ།།

ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག། ཅེས་དཔལ་ལྡན་བླ་མ་གནས་བརྟན་ཆེན་པོ་རིན་ཆེན་རྒྱལ་མཚན་པའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། ཕྱོགས་ལས་རྣམ་རྒྱལ་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་པའོ།།

 

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།