བླ་བྲང་ས་ཁུལ་དུ་དར་བའི་རྫས་འཕུད་པ་ཞེས་པའི་ཆོ་ག་ལ་དཔྱད་པ།

སྒྲོལ་མ་སྐྱབས།༼བསང་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-10

ནང་དོན་གནད་བསྡུས།
རྣམ་རྟོག་གི་འདུ་ཤེས་ལས་འཕྲོས་བའི་“རྫས་ཕུད་ཆོ་ག་”ལས་བོད་མིའི་འཚོ་བའི་ཁྲོད་ཀྱི་གསོ་རིག་གི་ཐད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད། མི་ཚེའི་རིན་ཐང་དང་མཛེས་དཔྱོད་ཀྱི་རིན་ཐང༌། དེང་རབས་གསོ་རིག་གི་རིན་ཐང་བཅས་ལ་ཚད་དྲགས་པའི་ཤུགས་རྐྱེན་ཐེབས་ཚུལ་བརྗོད་ཡོད།
བརྡ་ཆད་གཙོ་བོ།
རྫས།   གཏོ།   པྲ།   བྱད་ཁ།   རྦོད།

                                                                                                               གླེང་གཞི།
    པྲ་རྩིས་མོ་གསུམ་ནི་གནའ་ནས་ད་བར་བོད་དུ་དར་ཁྱབ་ཧ་ཅང་ཆེ་ལ། མི་རྣམས་ཀྱི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད། དུས་རྒྱུན་རྒྱུ་ནོར་སྒོ་ཕྱུགས་སོགས་རྐུ་ལ་ཤོར་བའམ་བོར་གཏོར་བྱུང་བ། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་བྱུང་ཚེ་པྲ་རྩིས་མོ་སོགས་འདེབས་པར་བརྟེན་ནས་བོར་བ་ཕྱིར་བཙལ་བ་དང་གོད་ཁ་དང་ན་ཚ་སོགས་བཟློག་ཐབས་བྱེད་པ་ནི་གནའ་མི་ཚོའི་སྲོལ་ཡིན་པའི་མི་ཚད་དེང་སྐབས་སྤྱི་ཚོགས་སྟེང་དུའང་མི་རྣམས་ལ་མེད་དུ་མི་རུང་བའི་སེམས་ཀྱི་རྟེན་ས་ཞིག་ཡིན་འདུག མོ་རྩིས་ཀྱི་རིགས་འདི་དག་ང་ཚོའི་བོད་ཡུལ་དུ་དར་ཡུན་ཧ་ཅང་རིང་སྟེ། ནང་ཆོས་མ་དར་ཡན་ཆོད་“སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་རྒྱལ་ཉིད་ཀྱིས་མཛད་པ་སྣ་ཚོགས་དུ་མའི་སྒོ་ནས་འགྲོ་འདུལ་བསྟན་སྤེལ་མཛད་ཅིང༌། གདུལ་བྱ་བློ་རབ་འབྲིང་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་དགུ་གསུངས་པའི་ཕྱཱ་གཤེན་ཐེག་པའི་བོན་སྡེ་ལ་སྤྱི་རུ་གཏོ་དཔྱད་གཉིས་དང༌། སྒོས་སུ་མོ་རྩིས་གཏོ་དཔྱད་བཞིའི་སྒོ་ནས་བསྟན་”ཞེས་མཁས་པས་གསུངས་ལ། ཡང་དེ་ལས་“ཕྱཱ་གཤེན་ཐེག་པའི་མདོ་ལས་‘འགྲོ་དྲུག་སེམས་ཅན་མ་རིག་པ། འཁྲུལ་འཁོར་མུན་པའི་སྨག་རུམ་ན། མ་རིག་ནད་ཀྱིས་གདུང་བ་ལ། བཟང་ངན་པྲ་ལྟས་མོ་ཡིས་བརྟགས། ལེགས་ཉེས་རྣོ་མཐོང་རྩིས་ཀྱིས་གཞལ། ན་བར་གྱུར་ན་གཏོ་ཡིས་གསོ། འཆི་བར་གྱུར་བ་དཔྱད་ཀྱིས་བཅོས། ལས་ཀྱིས་ཆད་ན་གཉིས་ཀ་སྡུག’”ཅེས་པ་ལས་ཡང་མཐོང་ཐུབ། མོ་འདེབས་སྲོལ་ལ་ཡང་རིགས་དང་རྣམ་པ་མི་འདྲ་བ་མང་པོ་ཡོད་སྲིད། བླ་བྲང་ས་ཁུལ་དུ་མོ་འདེབས་པ་ལ་བརྟེན་ནས་“རྫས་ཕུད་པ་”ཞེས་བན་བོན་ཆ་མི་འཚལ་བའི་ཆོ་ག་ཞིག་མང་ཚོགས་ཁྲོད་རྒྱུགས་ཆེན་པོ་འདུག གལ་སྲིད་ཁྱིམ་ཚང་ཞིག་ནང་མི་ལ་ན་ཚ་བྱུང་བའམ་ཕྱུག་ལ་གོད་ཁ་བརྒྱབ་པ་སོགས་བཀྲ་མི་ཤིས་པའི་དོན་དག་བྱུང་ཚེ་མོ་བར་མོ་འདེབས་པ་དང༌། གལ་ཏེ་མོ་བས་“རྫས་”ཤིག་འདུག་ཅེས་ཟེར་ན། ཕྱིར་ཁྱིམ་ལ་ལོག་ནས་ཁྱིམ་ཚང་ནང་གི་དངོས་པོ་དོགས་པ་ཟ་ས་སྟེ། ཕྱི་ནས་རྙེད་ཡོང་བའི་དངོས་པོ་དང་གཞན་གྱིས་གནང་བའི་དངོས་པོ་སོགས་རང་ཁྱིམ་ཚང་གི་མིན་པ་དག་ས་གང་རུང་དུ་བཞག་སྟེ་ཕྱིར་མོ་བ་དེའི་སར་སོང་ནས་མོ་བཏབ་ན། མོ་ནས་“རྫས་”དེ་ད་ལྟ་ས་ཆ་ག་འདྲ་ཞིག་ཏུ་ཡོད་པ་དང་སྤྱིར་ག་ནས་ཡོང་བའི་ཕྱོགས། ཡང་ན་དེའི་དབྱིབས་དང་ཁ་དོག་སོགས་འབྲེལ་ཡོད་ཀྱི་བློ་སྒོ་འབྱེད་བྱེད་རེ་སྟོན་སྲིད་པས། མཐར་ཐུག་“རྫས་”དེ་དངོས་པོ་གང་ཡིན་པ་མྱུར་བར་ཤེས་འགྲོ་ལ། དེ་མྱུར་བར་མེར་བསྲེགས་པའམ་ས་འོག་ཏུ་འཇུག་པ་སོགས་མེད་པར་བྱེད་སྲིད། དེ་ནི་དངོས་པོ་གང་རུང་དེ་“གདོན་པ་”ཞེས་བཤད་པ་དང་གདོན་པའི་དངོས་པོ་དེ་ལ་“རྫས་”ཞེས་ཟེར། རྫས་དེ་མེད་པར་བཟོས་རྗེས་ན་ཚ་ཡུན་གྱིས་དྲག་འགྲོ་བ་དང་གོད་ཁ་བཟློག་འགྲོ་བའི་བྱེད་ནུས་ཡོད། འདི་འདྲའི་ཆོ་ག་ལ་“རྫས་”འཕུད་པ་ཞེས་ཟེར།
  གཅིག “གདོན་རྫས་”ཞེས་པའི་ངོ་བོ་དང་ཁྱད་ཆོས།
   དག་ཡིག་གསར་བསྒྲིགས་ངོས་སུ་གདོན་ཞེས་པ་“རྨོངས་དད་བྱེད་མཁན་ཚོས་སྒྲོ་བཏགས་པའི་མིའི་སྲོག་ལ་གནོད་པའི་འདྲེ་ཞིག་”ཅེས་བཀོད་འདུག ང་ཚོའི་བོད་ཀྱི་ལུགས་ལ་གནའ་སྔ་མོ་ནས་ལྷ་དང་འདྲེའི་རིགས་ཤིན་ཏུ་མང་བ་ཞིག་ཡིན་ལ། ལྷ་ཡི་རིགས་ནི་མི་རྣམས་སྐྱོང་ཞིང་ཕན་པ་སྒྲུབ་པའི་རིགས་ཏེ། ཡུལ་ལྷ། གཞི་བདག སྲུང་མ། ཁྱིམ་ལྷ། མི་སོ་སོར་གནས་པའི་ལུས་ལྷ་དགྲ་ལྷ་སོགས་དང༌། འདྲེ་ཡི་རིགས་ནི་ལྷ་ལས་ལྡོག་སྟེ་མི་ལ་གནོད་ཅིང་འཚེ་བར་བྱེད་པའི་རིགས་ཏེ་འདྲེ་དང་གདོན། བདུད། སྲིན་པོ་སོགས་ཡིན་ལ། འདི་དག་སྐབས་འགར་གཞི་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་སྟེ། མི་བྱ་སྤྱོད་ངན་པ་སྡིག་རྩིབ་ཅན་དང་ཆོས་ལ་མི་དགའ་པའི་མི་དག་ལ་“སེམས་ལ་གདོན་ཞུགས་པ་”དང་“བདུད་རྒན་”“འདྲེ་རྒན་”ལ་སོགས་འབོད་ཀྱི་ཡོད་པ་ལྟར་དབྱེ་པ་གསལ་བོ་ཞིག་དགར་རྒྱུ་མི་འདུག དུས་རྒྱུན་མི་སྐྱེས་གཟུགས་མི་ལེགས་པ་ལ་“རྩོག་པ་གདོན་འདྲ་ཞིག་རེད་”ཅེས་དང་ཡང་མི་ལ་གཤེ་གཤེ་གཏོང་སྐབས་“གདོན་ཞིག་འདྲ་བོའམ་འདྲེ་མོ་”ཞེས་ཟེར་སྲོལ་ཡོད། འབོད་སྲོལ་འདི་དག་ནི་གདོན་ནམ་བདུད་ཀྱི་རང་བཞིན་ལས་འཕྲོས་འོང་བ་ཤ་སྟག་རེད། ད་དུང་ཀླུ་ཡི་རིགས་ཤིག་ཡོད་པ་ནི་གཙོ་བོ་ཆུ་ནང་དང་སའི་འོག་ཏུ་གནས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དེ། བླ་བྲང་ལ་མཚོན་ན་ཉ་དང་སྦལ་བ། སྦྲུལ་སོགས་ཀླུ་ཡིན་པར་བཤད། མཐར་གཏུག་ན་གདོན་ཞེས་པ་དེ་ནི་མཁས་དབང་ནམ་མཁའ་ནོར་བུས་གསུངས་པ་ཇི་བཞིན་“རང་ཅག་གཏོད་ཀྱི་གནས་ཚུལ་དེ་རིགས་ལ་རྨོངས་པའི་དབང་གིས་བྱ་བ་དང་སྤྱོད་ལམ་ཉེས་པའི་སྒོ་ནས་གཏོད་ཀྱི་རིགས་གང་རུང་ལ་ཕོག་ཐུག་ཤོར་རྐྱེན་གྱིས་གཏོད་ཀྱི་རིགས་རྣམས་ཁྲོས་ཤིང་འཁྲུགས་ཏེ། དེ་རྣམས་ཀྱིས་ཕོག་ཐུག་གཏོང་མཁན་སུའང་རུང་བ་དེ་ལ་བྱད་ཁ་དང་རྦོད་གཏོང་བ་སོགས་བཀྲ་མི་ཤིས་པ་དང༌། ན་ཤི་རྐྱེན་ཆགས་ཅི་རིགས་འབྱུང་བའི་མཐུ་ཁ་བསྟན་སྲིད་པ་ཡིན་ལ། མཐུས་ཟིན་པའི་གང་ཟག་སུའང་རུང་པ་དེའི་འབྱུང་བའི་ཁམས་ཉམས་པའི་རྐྱེན་བྱེད་པ་དེ་ལ་‘གདོན་’ཞེས་པའི་ཐ་སྙད་བྱས་པ་ཡིན།”ཞེས་གསུངས་འདུག དེ་ཡང་འདིར་“གཏོད་”ཅེས་པ་“ལྷ་གཉན་ཀླུ་སོགས་རང་རེའི་ཐུན་མོང་གི་དབང་པོའི་མངོན་སུམ་དུ་མ་གྱུར་པའི་སྐྱེ་འགྲོ་མཐུ་དང་ལྡན་པ་དེ་རིགས་ལ་‘གཏོད་’ཅེས་སུ་གྲགས་པ་ཡིན།”དེས་ན་“གདོན་རྫས་”ཞེས་པ་ཡུལ་ངེས་མེད་ནས་འོང་བའི་དངོས་པོ་དག་ལ་གདོན་སོགས་ཞུགས་པའམ་འདྲེ་གདོན་གྱིས་བདག་པོ་བྱེད་པའི་དངོས་རྫས་དང༌། ཁྱིམ་ཚང་གི་སྲུང་མ་དང་ཡུལ་ལྷ། གཞི་བདག མིའི་ལུས་ལྷ་དགྲ་ལྷ་ལ་སོགས་དང་མི་མཐུན་པའི་དངོས་རྫས་འདི་གཉིས་ལས་གཞན་མི་སྲིད་དོ། དངོས་རྫས་དེ་དག་ཁྱིམ་ནང་དུ་ཁྱེར་ཡོང་ཚེ་ལྷ་གཉན་ཀླུ་བཙན་སོགས་ཀྱི་རིགས་ཁྲོས་ཏེ་ཁྱིམ་ཚང་ངམ་སྡེ་བ་ལ་མཐུ་དང་བྱད་ཁ་བཏང་བ་ཞིག་ཡིན་སྲིད།
   གཉིས། “རྫས་”ཀྱི་འབྱུང་ཁུངས།
   ༡ རིགས་རྒྱུད་མི་གཙང་བའི་མི་དང་ཁྱིམ་ཚང་ལས་ཐོན་པའི་དངོས་པོ་གང་རུང༌། སྤྱིར་བོད་ཀྱི་མོ་རྩིས་ཀྱི་རིག་གནས་འདི་བོན་ལས་བྱུང་བ་ཡིན་མོད། ནང་ཆོས་བོད་དུ་དར་རྗེས་བན་བོན་གཉིས་ཕན་ཚུན་དུ་དུས་ཡུན་རིང་བོའི་འཐབ་རྩོད་བརྒྱུད་མཐར་“བན་ལ་བོན་འདྲེས་བོན་ལ་བན་འདྲེས་པས།།”ཞེས་པ་ནང་བཞིན་ད་ལྟའི་རྫས་ཕུད་པའི་ཆོ་ག་འདི་རྫས་བྱུང་བའི་ཁུངས་ཀྱི་ཆ་ནས་ལྟས་ན་ནང་ཆོས་ཀྱི་ཤན་ཆེན་པོ་ཞུགས་ཡོད་པ་སྨྲོས་མེད་རེད། “སངས་རྒྱས་ཆོས་ལུགས་ནང༌། རིགས་མཐོ་ཤོས་དང་བཟང་ཤོས་ནི་རྒྱལ་རིགས༌། དེ་འོག་རྗེ་བོའི་རིགས་ཡིན་པས་དེ་གཉིས་ཀྱི་རིགས་རྒྱུད་ནས་བྱུང་བའི་མི་ལ་རིགས་བཟང་ཟེར་བ་དང༌། མགར་བ་དང༌། བཤན་པ། ཉ་པ་བཅས་ལ་རིགས་ངན་གདོལ་བའི་རིགས་ཟེར་གྱི་ཡོད་པ་དེས་རུས་རྒྱུད་དབང་ཆ་གསལ་པོར་མཚོན་པ།”དེ་བཞིན་འདིར་བཤད་པའི་རིགས་རྒྱུད་མི་གཙང་བ་ཞེས་པ་ཐོག་མར་བསམ་བློ་དེ་འདྲ་ཞིག་གི་རྨང་གཞིའི་སྟེང་ནས་མཆེད་འོང་བ་རེད། ད་ལྟའི་བར་དུ་ལྷ་ས་ས་ཁུལ་ནས་མགར་བ་དང་ཤན་པའི་རིགས་ལ་འཛེམས་དོག་ཆེན་པོ་བྱེད་ཀྱི་འདུག བླ་བྲང་ལ་མཚོན་ན། རིགས་མི་གཙང་བའི་ཁྱིམ་ཚང་དང་ཐ་ན་སྡེ་བ་ཞིག་སྟེ་ཡོངས་རྫོགས་རིགས་མི་གཙང་བ་ཟེར་སྲོལ་ཡང་ཡོད། གཙང་མི་གཙང་གི་ཁྱད་པར་མིག་མཐོང་ལག་ཟིན་ཞིག་མེད་པར་གཙོ་བོ་“ཐེའུ་རིང་འཁོར་བ་”ཞེས་སྲུང་མ་དང་བསྟེན་མ་མི་གཅིག་པ་ལ་འཛིན་གྱི་ཡོད་དེ། བླ་བྲང་ས་ཁུལ་དུ་ཕལ་ཆེ་བས་སྲུང་མ་དཔལ་ལྡན་ལྷ་མོ་དང་མགོན་པོ། གནས་སྐྱོང་སོགས་བསྟེན་གྱི་ཡོད། འདི་ལས་ནང་ཆོས་ཀྱི་ཤན་ཞུགས་པ་ལྷག་པར་གསལ། དེ་འདྲའི་ཁྱིམ་ཚང་དང་སྐྱེས་བོའི་གྱོན་ཆས་སོགས་དངོས་རྫས་གང་རུང་ཞིག་རྒྱུན་ལྡན་གྱི་ཁྱིམ་ཚང་དུ་ཐོན་ཚེ་ཁྱིམ་ཚང་དེ་ལ་ལྟས་ངན་པ་སྣ་ཚོགས་འབྱུང་བར་བཤད།
 ༢ ས་མི་གཙང་ས་དང་བཙན་ས་ནས་རྙེད་པའི་དངོས་པོ། འདིར་བཤད་པའི་ས་མི་གཙང་ས་ཞེས་པ་ནི་སྔར་སྡེ་བ་ཚོ་བ་སོགས་འཁྲུགས་ནས་མི་ཤི་རྟ་འགྱེལ་བྱེད་ས་དང་མི་མང་པོ་རྒྱུན་ལྡན་མ་ཡིན་པར་ཤི་བའི་ས་སོགས་ལ་གོ་བ་དང༌། ས་བཙན་ས་ནི་ཀླུ་དང་གཉན། བཙན་སོགས་གནས་པའི་ས་ཆ་ལ་ངོས་འཛིན་གྱི་ཡོད། “ཀླུ་ནི་ས་འོག་ཏུ་གནས་པའི་ལྷ་ཞིག་ཡིན་ཏེ། གདོན་འདྲེའི་རང་བཞིན་ལྡན། བོད་ཀྱི་བསྟན་བཅོས་ནང་གི་ཀླུ་ནི་ཅུང་རབ་རིབ་ཞིག་སྟེ། ཕལ་ཆེར་ས་འོག་ཏུ་གནས་པ་ཐམས་ཅད་སྟོན་གྱི་ཡོད། ལྷག་པར་དུ་ཆུ་ནང་གི་སྲོག་ཆགས་ཉ་དང་སྦལ་བ། ལྕུང་མོ། སྦྲུལ་སོགས་ཡིན།”བླ་བྲང་ནས་ཆུ་མིག་དང༌། མཚོ་དང་མཚེའུ་སོགས་སུ་ཀླུ་གནས་པར་བཤད་དེ། ཆུ་མིག་དང་མཚོ་མཚེའུ་སོགས་ཀྱི་འགྲམ་ནས་འཛེམས་དོག་དང་གཙང་མ་བྱེད་སྲོལ་ཡོད་ལ། ཤ་དང་ཙོང་ལྒོག་སོགས་ཀྱི་རིགས་ལ་གཏན་ནས་མི་རེག་པ། ས་རྐོ་རྡོ་སློག་མི་བྱེད་པ་དང༌། དེ་དག་ལ་གནས་པའི་ཉ་དང་སྦལ་བ། སྦྲུལ་སོགས་ལ་ངན་མི་བྱེད། གལ་སྲིད་དེ་ལས་ལྡོག་ཚེ་ཀླུ་ཁྲོས་ཏེ་སྐྲན་ནད་སྲིན་ནད་དང༌། ལུས་ཀྱི་རྐང་ལག་ཡན་ལག་དང་ཚིགས་སོ་སོ་ན་བའི་རྐྱེན་ངན་འབྱུང་སྲིད། ད་དུང་གཉན་བཙན་སོགས་གནས་པའི་ཡུལ་
ངེས་མེད་དག་ཀྱང་ས་བཙན་ས་ཡིན་སྲིད་དེ། འབྲོག་པའི་རྫི་བོ་རྣམས་རྫ་མགོ་ལུང་མགོ་སོགས་ས་ངེས་མེད་ནས་གཉིད་དུ་ཡུར་ཚེ་སྐབས་རེར་ཁ་ངོ་གཡོན་འགྲོ་བའི་དཔེ་མང་པོ་མཆིས། དེ་ལ་བཙན་ཁ་ཕོག་པ་ཞེས་ཟེར་གྱི་ཡོད། གནས་ཚུལ་འདི་དག་ཚང་མ་ལས་རི་ཀླུང་ཆུ་མིག མཚོ་དང་མཚེའུ་གང་བྱུང་དུ་ལྷའམ་གདོན་ནམ་སྲོག་ལྡན་ཞིག་ཡོད་པར་འདོད་པ་མཚོན་ཐུབ་ལ། དེ་དག་ལ་ཕོག་ཐུག་བཏང་ཚེ་ཕྱིར་བྱད་ཁ་སྣ་ཚོགས་སྟོན་སྲིད་པ་རེད། ལྷག་པར་དུ་དེ་དག་གི་དངོས་པོ་ཁྱེར་ཚེ་བཤད་མ་དགོས་པ་ཞིག་རེད།
  ༣ གྲྭ་བ་དང་སྔགས་པ་སོགས་ཀྱི་དངོས་རྫས། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤུགས་ལས་བྱུང་བ་ཞིག་ཡིན་པ་ཧ་ཅང་མངོན་གསལ་རེད། ཆོས་ལ་ཞུགས་པའི་གྲྭ་བ་དང་སྒྲུབ་ཅན་སྔགས་པ་སོགས་ལ་གནའ་ནས་བཟུང་བོད་སྤྱི་ཚོགས་སྟེང་ཐུན་མིན་གྱི་གོ་གནས་དང་ཐོན་ཐང་ལྡན་པ་སྟེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་སད་མི་བདུན་རབ་ཏུ་བྱུང་སྟེ་དགེ་འདུན་པའི་སྡེ་ཐོག་མར་བྱུང་བ་ནས་བཟུང་“རྒྱལ་བོས་ལྷ་ཁང་དང་གཙུག་ལག་ཁང་གི་མཆོད་རྒྱུན་ལ་འབངས་མི་ཁྱིམ་བརྒྱ་དང་ལྔ་བཅུ། གྲྭ་བ་སྒེར་སོ་སོར་འབངས་མི་ཁྱིམ་གསུམ་རེ” འབུལ་བ་དང་“རྒྱལ་པོ་ཁྲི་རལ་བ་ཅན་གྱིས་སྲིད་དབང་བཟུང་སྐབས་གྲྭ་བ་མི་རེར་འབངས་མི་ཁྱིམ་བདུན་རེ་སྤྲད་པ།”སོགས་འཚོ་བའི་རྒྱུ་ཆས་མང་ཆེ་བ་མང་ཚོགས་ཁྲོད་ནས་བྱུང་བ་ལས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་མ་ཡིན་པ་དང༌། དེང་སྐབས་ཡིན་ནའང་དགེ་འདུན་པའི་ཡོང་སྒོ་ཕལ་ཆེར་གྲོང་ཆོག་ལ་སོང་ནས་འབུལ་བ་ལེན་པ་དང་དམངས་ཇ་སྐོལ་བའི་ཤོག་ལེན་པ་སོགས་ལས་བྱུང་བ་རེད། ནང་ཆོས་ཀྱི་ངོས་ཐད་ནས་གྲོང་ཆོག་ལ་འགྲོ་བ་སོགས་དཀོར་ཟ་མང་དྲགས་ན་མི་རུང་བ་ཞིག་ཡིན་པ་དང༌། དཀོར་ཟས་པའི་སྡུག་གཤགས་སུ་ཐོས་བསམ་སྒོམ་བསམ་གྱིས་སྒྲུབ་སྦྱོང་དང༌། མ་གྱུར་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཐད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་ཞིག་རེད། དེ་ལྟར་བྱེད་མ་ཐུབ་ཚེ་དཀོར་ཚིག་ཏུ་སོང་ནས་རྣམ་སྨིན་འཁོར་བར་བཤད་དོ། །དེས་ན་འཇིག་རྟེན་པའི་མི་ཡིས་གྲྭ་བ་སོགས་ཀྱི་དངོས་རྫས་བླངས་ན་དཀོར་གཤགས་པའི་ནུས་པ་མེད་པས་དཀོར་ཚིག་གི་རྣམ་སྨིན་འཁོར་ནས་ཁྱིམ་ཚང་ནང་བཀྲ་མི་ཤིས་པའི་དོན་དག་བྱུང་བ་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཆོས་དད་ཀྱི་ཁ་དབུགས་ཧ་ཅང་སྟུག་པའི་བོད་སྤྱི་ཚོགས་སྟེང་བླ་མ་དང་དགེ་འདུན་པ་ནི་མི་སེར་དཀྱུས་མ་ལས་ཁྱད་དུ་འཕགས་པའི་སྐྱེས་བུ་རང་ག་བ་ཞིག་མ་ཡིན་པར། ཚང་མས་གོང་ནས་གོང་དུ་བཀུར་བ་དགོས་པ་ཞིག་ཡིན་པས། འཇིག་རྟེན་པའི་མི་སེར་དཀྱུས་མས་དགེ་འདུན་པའི་དངོས་རྫས་ཅ་ལག་སོགས་རང་ཁྱིམ་དུ་ཁྱེར་ནས་བཀོལ་ན་ལས་དང་བསོད་ནམས་ལ་མ་རུང་བའམ་བསོད་ནམས་ཀྱིས་མ་ནོན་པར་ཡང་བྱད་ཁ་སྣ་ཚོགས་སྟོན་པར་བཤད། འོན་ཀྱང་བླ་མ་དང་དགེ་བཤེས་ཀྱིས་གནང་བའི་རྟེན་གྱི་རྫས་སོགས་རང་ཁྱིམ་གྱི་མཆོད་ཁང་ནང་དུ་ཉར་བ་ལ་དེ་འདྲའི་རུང་མི་རུང་བཤད་རྒྱུ་མི་འདུག
     རྩིས་མཁན་གྲགས་ཅན་ལྷ་མོ་ཚུལ་ཁྲིམས་ཀྱི་གསུངས་སུ་“མི་རྣམས་སྐྱེས་ལུགས་དང་འབྱུང་ཁམས་ལ་དམིགས་ནས་ས་དགྲ་མེ་དང་མེ་དགྲ་ཆུ། ཆུ་དགྲ་རླུང་དང་རླུང་དགྲ་ས་སོགས་འབྱུང་གཞི་མཐུན་མིན་གྱིས་ཕན་ཚུན་གྱི་ལས་གནས་དང་ཁེ་ཕན་ལ་གནོད་པར་”བཤད་ལ། ལྷག་པར་དུ་ངག་རྒྱུན་དུ་འབྱུང་བ་མི་མཐུན་པའི་རྨང་གཞིའི་སྟེང་བསྟེན་མའམ་སྲུང་མ་ཐ་དད་པའི་སྒྲུབ་ཅན་དང་སྔགས་རིགས་སུ་གཏོགས་པའི་སྐྱེས་བོ་དང་གྱོན་ཆས། ཆ་བྱད་སོགས་ཀྱིས་སྡེ་བ་དང་ཚོ་བ། ཁྱིམ་དུད་བཅས་ལ་ལྟས་མི་ལེགས་པའི་ཆགས་སྐྱོན་དང་བར་ཆད་བཟོ་བའི་རྫས་སུ་གྲུབ་འདོད།
གསུམ། རྫས་འཕུད་ཆོ་གས་བོད་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།
 སྤྱིར་པྲ་རྩིས་མོ་སོགས་རང་ཅག་མི་རིགས་ལ་གདོད་མའི་དུས་ནས་དར་བ་ཞིག་ཡིན་པ་གོང་དུ་བརྗོད་ཟིན་ལ། རྫས་འཕུད་པའི་ཆོ་ག་འདི་ནི་པྲ་རྩིས་མོ་སོགས་ལ་བརྟེན་ནས་འཕུད་པ་ཡིན་པས་ན། དེ་ཡང་གདོད་མའི་དུས་ནས་དར་བའི་ཤེས་རིག་ཞིག་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད། དེ་ལས་ང་ཚོས་མེས་པོ་ཚོའི་དུས་སྐབས་མི་འདྲ་བའི་སེམས་ཁམས་ངེས་ཅན་རེ་མཐོང་ཐུབ་སྟེ། གདོད་མའི་དུས་སུ་རྒྱལ་ཁམས་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པའི་དུས་སུ་བོན་གྱི་ལྷ་ཚོགས་མང་པོར་བཀུར་བའི་སྲོལ་དང༌། ནང་བའི་ཆོས་བོད་ལ་དར་རྗེས་དེའི་ཤུགས་རྐྱེན་གྱིས་རིགས་རུས་གཙང་ཙོག་གི་དབྱེ་བ་སོགས་གོང་དུ་གསལ་བས། གནའ་བོའི་བོད་ཀྱི་རིག་གནས་ཞིབ་འཇུག་ལ་བློ་ཡི་སྒོ་མོ་འབྱེད་པའི་ལྡེ་མིག་ཅིག་ལོས་ཡིན་སྙམ། ཡིན་ཡང༌། སྐབས་ལ་ལར་བལྟས་ནས་བརྗོད་ན་རྫས་འཕུད་པའི་ལུགས་སྲོལ་འདི་གསོ་རིག་སྨན་དང་འགལ་བར་འགྲོ་བ་ཡིན་སྟེ། དེང་སྐབས་ཅུང་བཟང་བའི་ཆ་རྐྱེན་འོག་ཏུའང་མི་ལ་ན་ཚ་བྱུང་ཚེ་སྨན་བཅོས་མི་བྱེད་པར་རྫས་ཤིག་ཡོད་པར་ཡིད་དོགས་ནས་མོ་བར་རྫས་འཕུད་པ་ལ་སྐྱབས་བཅོལ་ཏེ་ན་ཚ་དུས་ལྟར་བཅའ་བ་ལ་དལ་འགོར་བྱས་ནས་མིའི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུད་བྱུང་བའི་དཔེ་ཡང་སྲིད་པ་དང༌།ད་དུང་རྫས་འཕུད་པ་ལས་ཁྱིམ་ཚང་གི་དཔལ་འབྱོར་ལ་ཡང་གནོད་སྐྱོན་བཟོ་གི་ཡོད་དེ།དངོས་པོ་བཟང་ངན་རྩ་ཆེ་ཆུང་ག་འདྲ་ཞིག་ཡིན་ནའང་གདོན་པ་ཡིན་ཚེ་ངེས་པར་དུ་མེད་པར་བཟོ་བཞིན་ཡོད།ད་དུང་ཆེས་ཚབས་ཆེ་བའི་གནས་ཚུལ་ནི་སྡེ་བ་དང་ཚོ་བ་ལ་ལ་བཀྲ་མི་ཤིས་པའི་དོན་དག་བྱུང་ཚེ་སྡེ་བ་གཞན་ནས་མནའ་མ་དང་མག་པ་འོངས་བའི་མི་རྩ་བཙན་པོ་མེད་པའི་ཉམ་ཆུང་སྡེ་བ་ཚོ་བ་ལ་གནོད་པའི་གདོན་རྫས་སུ་བརྩིས་ཏེ་ཕྱིར་བསྐྲོད་པའི་མི་གཤིས་རྨེག་མེད་དུ་གཏོང་བའི་གནས་ཚུལ་ཡ་ང་བའང་ཡོད།
                                                                                         མཇུག་བསྡུ་བ།
   རྫས་འཕུད་ཆོ་ག་འདི་གནའ་ནས་དར་བའི་མེས་པོའི་ཚོའི་ཤེས་རིག་གི་ཐོན་རྫས་ཞིག་པས་ང་ཚོས་རྩ་བ་ནས་དོར་བར་བྱ་དགོས་དོན་ཡང་ཐ་གཅིག་ཏུ་མ་མཆིས་ལ།ཐད་ཆེ་བའི་སྒོ་ནས་གསོ་བྱེད་སྨན་གྱི་ཚབ་བྱེད་མི་རུང་བ་དང༌།གནས་ཚུལ་ཅི་འདྲའི་འོག་མི་གཤིས་ལ་བརྩི་འཇོག་བྱེད་རྒྱུ་གཙོ་བོ་སྟེ།རྫས་འཕུད་པའི་དམིགས་ཡུལ་ཡང་མི་ཡི་ཁེ་ཕན་གྱི་ཆེད་དུ་ཡིན་པ་མི་བརྗེད་པ་གལ་ཆེ།དེ་ལས་ལྡོག་ན་མི་དབང་རྟོགས་བརྗོད་ལས་“སྲོལ་ལུགས་ལོག་པ་དག་མཆིས་ན་ནི།།གནའ་བོའི་ཡིན་ཀྱང་དོར་བར་བྱེད།།ལུགས་སྲོལ་བཟང་བོ་དག་མཆིས་ཚེ།།གསར་བའི་ལུགས་ཡིན་ཀྱང་སྒྲུབ་པར་བྱེད།།”ཞེས་གསུང་བ་བཞིན་ནོ།།

ཟུར་ལྟའི་ཡིག་ཆ།
① ཁྱུང་པོ་ཤེས་རབ་ལྷུན་གྲུབ། 《ཞང་བོད་ཡུལ་དུ་རྩིས་རིག་ཐོག་མར་དར་བའི་ཁུངས་དཔྱད་པ》བོན་མཐུན་འབྲེལ་
ལྷན་ཁང་གི་དུས་དེབ། བོན་སྒོ་ཨང་བཅུ་གཉིས་པ།
② ཁྱུང་པོ་ཤེས་རབ་ལྷུན་གྲུབ།《ཞང་བོད་ཡུལ་དུ་རྩིས་རིག་ཐོག་མར་དར་བའི་ཁུངས་དཔྱད་པ》བོན་མཐུན་འབྲེལ་

③ ནམ་མཁའི་ནོར་བུ།《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》P125ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1996ལོའི་ཟླ་6
    པ།
④ ནམ་མཁའི་ནོར་བུ།《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》P125ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1996ལོའི་ཟླ་6    པ།
⑤ དུང་དཀར་བློ་བཟང་འཕྲིན་ལས།《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།》P18མི་རིག་དཔེ་སྐྲུན་ཁང༌། 1983
    ལོའི་ཟླ་1པོ།
⑥ རྟ་མགྲིན་དབང་འབུམ།《བོད་ཀྱི་རིག་གནས་བྱུང་འཕེལ་གྱི་ལོ་རྒྱུས་》_(རྒྱ་ཡིག)སྟོད་ཆ་P201ཀན་སུའུ་སློབ་གསོ་
    དཔེ་སྐྲུན་ཁང༌།2001ལོའི་ཟླ་4པ།
⑦ དུང་དཀར་བློ་བཟང་འཕྲིན་ལས།《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།》P34མི་རིག་དཔེ་སྐྲུན་ཁང༌། 1983
    ལོའི་ཟླ་1པོ།
⑧ དུང་དཀར་བློ་བཟང་འཕྲིན་ལས།《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།》P39མི་རིག་དཔེ་སྐྲུན་ཁང༌། 1983
    ལོའི་ཟླ་1པོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་བྲང་ས་ཁུལ་དུ་དར་བའི་རྫས་འཕུད་པ་ཞེས་པའི་ཆོ་ག་ལ་དཔྱད་པ།

2011-07-10 སྒྲོལ་མ་སྐྱབས།༼བསང་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།