བོད་ཀྱི་དགོན་སྡེ་འཛུགས་སྐྲུན་གྱིས་བོད་ཀྱི་རིག་གནས་ལ་ཕན་ཐོགས་པའི་སྐོར་གླེང་བ།

ཨ་འབུམ་བློ་བཟང་དམ་ཆོས།༼རེབ་གོང མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-06

    གནའ་བོའི་ཞི་ལ་རྒྱལ་ཁབ་དང་ཧྤྷ་རན་སུའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་ཆོས་ལུགས་དར་བ་དེས་མིའི་རིགས་ཀྱི་ཤེས་རབ་འཕེལ་རྒྱས་སུ་སོང་བ་དང་ཚན་རིག་འཕེལ་རྒྱས་སུ་འགྲོ་བར་ཐོག་མའི་རྨང་གཞི་བཏང་བ་རེད་ཞེས་དང་། ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སངས་རྒྱས་ཤཀྱ་ཐུབ་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་རེད་གསུངས་པ་དེས་ཆོས་ལུགས་དང་ཚན་རིག་གཉིས་ཀྱི་བར་དུ་རིག་པ་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པ་ར་སྤྲོད་བྱེད་ཐུབ། སངས་རྒྱས་ཀྱི་གསུང་རབ་བྱུང་བ་དང་དེ་ལ་ཉམས་ཞིབ་བྱེད་པའི་རྗེས་འཇུག་མང་དུ་བྱུང་བ་ལས་སངས་རྒྱས་པའི་ཆོས་ལུགས་སྡེ་ཚན་ཤིག་འཛམ་བུ་གླིང་འདིར་རླབས་ཆེ་བའི་ངང་དབུ་བརྙེས་པ་རེད།
     ང་ཚོ་བོད་གངས་ཅན་པ་ནི་ཏག་ཏག་ནང་བ་སངས་རྒྱས་པའི་ཆོས་ལུགས་དེ་དར་སྔ་ཞིང་རང་ས་ནས་འཕེལ་རྒྱས་ཆེན་པོ་བཏང་ཞིང་དེང་སྐབས་ཀྱང་འཛམ་བུ་གླིང་བའི་སྒང་འདིར་སངས་རྒྱས་པའི་གསུང་རབ་མདོ་སྔགས་གཞུང་ལུགས་དང་ཉམས་ལེན་ཆ་ཚང་བར་ཡོད་ས་གཅིག་པུ་དེའང་ཡིན།
     བོད་མི་རིགས་ནི་གནའ་སྔ་མོ་ནས་དད་མོས་ལ་དགའ་བའི་མི་རིགས་ཤིག་ཡིན་ཞིང་།སྤྱི་ལོའི་དུས་རབས་བདུན་པའི་ནང་སངས་རྒྱས་པའི་ཆོས་ལུགས་བོད་གངས་ཅན་ལ་འདྲེན་འགོ་ཚུགས་པ་ནས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་སའི་གནས་གཞི་དགོན་སྡེ་རྒྱ་ཆེན་པོ་འཛུགས་སྐྲུན་བྱུང་ཡོད་པ་དང་། དགོན་སྡེ་དེ་དང་དགོན་སྡེའི་རིག་གནས་ཀྱིས་བོད་ཀྱི་ཡུལ་སྲོལ་དང་སྐད་ཡིག རིག་གནས་དང་སྒྱུ་རྩལ། འཛུགས་སྐྲུན་དང་
ལག་རྩལ། བསམ་བློ་སོགས་ལ་དུས་རབས་རིམ་བྱུང་ནང་དུ་བླ་ན་མེད་པའི་དགེ་མཚན་ཐོན་ཡོད་པ་དང་། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དགོན་སྡེ་འཛུགས་སྐྲུན་མང་དུ་བྱུང་བ་དང་ཆོས་ལུགས་རྐྱང་རྐྱང་གཉེར་བ་དེས་བོད་ཀྱི་སྤྱི་ཚོགས་སྟེང་གནད་དོན་འགའ་རེ་ལྷག་བྱུང་ཡང་དེ་ལ་ང་ཚོས་བསམ་ཤེས་བྱས་ཆོག་པ་ཞིག་རེད་འདོད།
      དེ་ཡང་མི་རིགས་གང་དང་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱི་ལམ་ལུགས་ཞིག་མེད་པ་ནས་ཡོད་པ་ཆགས་པ་ཤིང་རིམ་གྱིས་འཕེལ་རྒྱས་དང་རྣམ་པ་ཇེ་ཚང་དུ་སོང་ཡོད་པ་རེད།བོད་རང་གི་ལོ་རྒྱུས་དང་སྤྱི་ཚོགས་རིག་པ་ཟུང་དུ་འབྲེལ་བའི་སྒོ་ནས་བལྟས་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་དེ་ནི་གདོད་མའི་དུས་སྐབས་དང་།བཙན་པོའི་དུས་སྐབས།བོད་སིལ་བུའི་དུས་སྐབས།དགའ་ལྡན་སྲིད་དབང་གི་དུས་སྐབས་བཅས་དུས་སྐབས་བཞི་རུ་ཕྱེས་ན་འོས་ཤིང་འཚམ་པ་ཞིག་རེད་འདོད།དུས་སྐབས་འདིའི་ནང་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་རེ་བྱུང་ཡོད་ངེས་ཀྱང་།དགོན་སྡེ་འཛུགས་སྐྲུན་གྱི་ལོ་རྒྱུས་དེ་ནི་ཕལ་ཆེར་བོད་ཧྲིལ་པོའི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ ཞིག་ཏུ་གྱུར་འདུག བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་ནང་དུའང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་།གདོད་མའི་རུས་རྒྱུད་ཚོ་བ་ཁག་གཅིག་གྱུར་འབྱུང་བར་དགེ་མཚན་ཆེན་པོ་ཐོན་ཡོད་པ་རེད།སྤྱི་ལོའི་སྔོན་གྱི་༡༢༧ལོར་གཉའ་ཁྲི་བཙན་པོས་བོད་ཁམས་སྤྱི་ལ་དབང་བསྒྱུར་གྱི་ནུས་པ་དེ་ཡང་སྐབས་དེའི་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ཡོད་པ་དངོས་དོན་ཡིན།ཆོས་ལུགས་ནི་དེ་ལྟར་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ནང་འགྱུར་བའི་གོ་རིམ་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་།དད་མོས་བྱེད་ས།ཆོས་ལུགས་སློབ་སྦྱོང་བྱེད་པ་བཅས་ལས་རིམ་པར་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བྱུང་ཤིང་།མཆོད་འབུལ་བྱེད་ས་དང་།ཕྱག་བསྐོར་བྱེད་ས།སློབ་སྦྱོང་བྱེད་ས་དེ་དག་ནི་དགོན་སྡེ་འཛུགས་སྐྲུན་གྱི་སྔོན་འགྲོའི་ཆ་རྐྱེན་དུ་གྲུབ།ཐོག་མར་ལྷ་ཁང་གི་རྣམ་པ་ཅན་དང་།དེ་ནས་རིམ་གྱིས་གཙུག་ལག་ཁང་དང་འདུ་ཁང་།གྲ་བ་གཞི་སྡོད་གྱི་ལམ་དུ་འཕེལ་རྒྱས་ཡོང་བ་ཞིག་རེད།གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་སྲོང་བཙན་ལ་ཐུག་པའི་བར་གྱི་རྒྱལ་རབས་དག་གི་སྐབས་བོན་ཆོས་ནི་སྤྱི་ཚོགས་ཀྱི་དགོས་མཁོར་གྱུར་བའི་རིག་གནས་གལ་ཆེན་ཞིག་ལགས་ཤིང་།གསས་ཁང་དང་ལྷ་ཁང་བཞེངས་པ་དེ་ནི་བཟློག་ཏུ་མེད་པའི་ཆ་རྐྱེན་ཞིག་ཡིན་པ་ནི་གཉའ་ཁྲིས་བོན་གྱི་གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས་པ་ནས་གླང་དར་ལ་ཐུག་པའི་རྒྱལ་རབས་དག་གི་ལོ་རྒྱུས་ལ་ཕྱི་མིག་ཐེངས་གཅིག་གཟིགས་ན་གསལ་ལེར་མཁྱེན་འོངས་པ་ཞིག་རེད།
ཆོས་རྒྱལ་སྲོང་བཙན་གྱི་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ལ་དར་བའི་འགོ་ཚུགས་པ་དེ་དང་མཉམ་དུ་སངས་རྒྱས་ཆོས་ལུགས་ཀྱི་ལམ་ལུགས་ཞིག་ཀྱང་བོད་དུ་ཤུགས་ཆེར་དར་འགོ་ཚུགས་ཏེ་གཙུག་ལག་ཁང་བཞེངས་པ་དང་།ལྷ་ཁང་བཞེངས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་བོད་ཁུལ་ཡོངས་སུ་ཁྱབ་པ་ནི་ཆོས་རྒྱལ་སྲོང་བཙན་གྱི་ལོ་རྒྱུས་བརྗོད་པའི་སྐབས་སུ་གཙུག་ལག་ཁང་རྣམ་གཉིས་དང་ཕོ་བྲང་པོ་ཏ་ལ།མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་བརྒྱ་རྩ་བཞེངས་པ་སོགས་གསུངས་པ་དེ་དག་གིས་ཡིད་རྟོན་འཕེར་ཐུབ།དེ་དང་ནང་བཞིན་ཕྱིས་ཀྱི་རྒྱལ་རབས་སོ་སོ་དང་ལྷག་པར་ཆོས་རྒྱལ་ཁྲི་སྲོང་གི་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་དར་བའི་རྩེ་མོར་སོན་པ་དང་བསྟུན་འཛམ་གླིང་ན་འགྲན་ཟླ་དང་བྲལ་བའི་ལྷ་ཁང་དུ་བཞེངས་པར་གྲགས་པའི་བསམ་ཡས་གཙུག་ལག་ཁང་ཆེན་མོ་བཞེངས་གྲུབ་བྱུང་བ་དང་།ཁྱད་པར་རབ་བྱུང་གི་སྡེ་བྱུང་བ་མ་ཟད།དེ་ལ་མཆོད་བཀུར་གྱི་སྡེ་དམིགས་སུ་བཀར་བའི་ཆ་རྐྱེན་གྱི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ནང་གཞི་ནས་ཆོས་ལུགས་པའི་ཆོས་སྒྲུབ་བསྟི་གནས་དགོན་པའམ་རབ་བྱུང་བའི་ཆོས་སྤྱོད་གཙོ་བོར་བྱེད་ས་གཙུག་ལག་ཁང་ཆ་ཚང་བ་ཞིག་བྱུང་བ་རེད།
     དེས་ན་བོད་ཀྱི་དགོན་སྡེ་འཛུགས་སྐྲུན་ནི་ལོ་རྒྱུས་ཀྱི་གནས་སྐབས་དང་སྤྱི་ཚོགས་ཀྱི་ལམ་ལུགས་དེ་འདྲ་ཞིག་གི་འོག་ཏུ་བྱུང་བ་ཡིན་ཞིང་།ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ།རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།བོད་སིལ་བུའི་དུས་སྐབས་སམ་བསྟན་པ་ཕྱི་དར་གྱི་དུས་སྐབས་སུ་ཡང་རྒྱ་གར་གྱི་མཉམ་མེད་ཇོ་བོ་རྗེ་བོད་དུ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་དང་ཆོས་བཀའ་རྒྱ་ཆེར་གསུངས་པ་ལས་ས་སྟེང་འདིར་ཆེ་བ་བཞི་ལྡན་གྱི་བཀའ་གདམས་པའི་གྲུབ་མཐའ་བྱུང་བ་དང་།དེ་དང་མཉམ་དུ་ཆོས་སྡེ་ཆེན་པོ་ར་སྒྲེང་སོགས་ཀྱིས་མཚོན་སྟོད་མངའ་རིས་ནས་ཡུལ་མདོ་ཁམས་ལ་ཐུག་པའི་བར་དུ་དགོན་སྡེ་འཛུགས་སྐྲུན་རྒྱ་ཆེར་བྱུང་ཡོད་པ་དང་།ས་སྐྱ་བའི་དུས་སྐབས་སུ་ས་སྐྱའི་ཆོས་སྡེ་ཆེན་པོ་བྱུང་བ་སོགས་ལོ་རྒྱུས་ཡོངས་གྲགས་དང་།ལྷག་པར་ཕག་མོ་གྲུ་བའི་དུས་སྐབས་སུ་རྗེ་བླ་མ་ཙོང་ཁ་ཆེན་པོ་ཡུལ་གངས་ཅན་གྱི་ལྗོངས་འདིར་སྐུའི་བཀོད་ལྷམ་མེར་མངོན་ཏེ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་མ་རྟོག་ལོག་རྟོག་གྱི་སྒྲིབ་པ་ཐམས་ཅད་འཆད་རྩོད་རྩོམ་གསུམ་གྱིས་ཉི་ཟླ་བཞིན་གསལ་བར་བྱས་ཏེ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་བ་དང་།སེ་འབྲས་དགའ་གསུམ་དང་།གཙང་བཀྲ་ཤིས་ལྷུན་པོ་སོགས་ཀྱིས་མཚོན་པའི་དབུས་དང་།མདོ་སྟོད་སྨད་ཀུན་ཏུ་དགེ་ལུགས་པའི་དགོན་སྡེ་ཉིས་སྟོང་ལ་ཉེ་བ་འཛུགས་སྐྲུན་བྱུང་ཡོད་པ་དང་།ཕྱིས་ཀྱི་དགའ་ལྡན་སྲིད་དབང་གི་དུས་སུ་ཡིན་ནའང་བོད་ཡུལ་ལུང་བ་རེ་ན་དགོན་པ་རེ་ཟེར་བ་ལྟར་དགོན་སྡེ་འཛུགས་སྐྲུན་རྒྱ་ཆེར་བྱུང་ཡོད་པ་འདིར་ཡིག་ཚོགས་ལ་འཇིགས་ནས་མ་དྲངས་སོ།།
     དགོན་སྡེ་དེ་དག་གིས་བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་ལ་འཆད་རྩོད་རྩོམ་གསུམ་གྱིས་༼བོད་རིག་པ༽འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་མ་ཟད།བོད་ཀྱི་རིན་ཆེན་སྣ་ལྔའི་བསྲེས་སྦྱོར་ལས་བཞེངས་པའི་ཐང་ཀ་དང་རི་མོ་སོགས་སྒྱུ་རྩལ་དང་།གནའ་བོའི་བཟོ་རྩལ་ལས་ཐོན་པའི་ཐོན་དངོས་རིན་ཐང་བྲལ་བ་དག་ཉར་ཚགས་དང་སྲུང་སྐྱོབ་ལ་ཕན་ནུས་བཏོན་པ་དང་།དགོན་སྡེ་འཛུགས་སྐྲུན་དེས་བོད་ཀྱི་རྩིག་བཟོ་དང་ཤིང་བཟོ།རྡོ་བརྐོས་སོགས་ལག་རྩལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ལ།བོད་མི་རིགས་ཀྱི་ཀུན་སྤྱོད་དང་མི་ཆོས།སྤྱི་ཚོགས་འཆམ་མཐུན་སོགས་ལ་དགེ་མཚན་བཏོན་པར་ཞིབ་འཇུག་གཏིང་ཟབ་བྱས་ཆོག་པ་ཡོད།
དེ་ཡང་མདོ་སྨད་ཀྱི་ཡུལ་གྲུ་འདི་ལ་ཆ་མཚོན་ནས་བཤད་ཡང་དགོན་སྡེ་རིག་གནས་ཀྱིས་དུས་རབས་གསར་རྙིང་གཉིས་ཀར་བླ་ན་མེད་པའི་དགེ་མཚན་བཏོན་ཡོད་པ་རེད། ལོ་རྒྱུས་དང་དུས་སྐབས་གང་ལ་ཡང་ཁས་ལེན་ཆོག་ཆོག་གི་བྱང་གི་དགོན་ཆེན་བཞིའི་གཙོས་མདོ་སྨད་བཤད་པའི་ཤིང་རྟ་བ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དང་།མདོ་སྨད་སྒྲུབ་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་རྒྱ་མཚོའི་གདན་ས་ཆེན་པོ་རོང་བོ་དགོན་ཆེན་དང་།ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་བོད་གངས་ཅན་སྤྱི་དང་ཡང་སྒོས་མདོ་སྨད་ཀྱི་རིག་གནས་ཆ་ལག་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་བྨཡེད་དང་བྱེད་བཞིན་པ་དང་།གངས་ཅན་ལྗོངས་ལ་སྔ་ཕྱིར་བྱོན་པའི་མཁས་དབང་གསེར་རིའི་ཕྲེང་བ་དག་ལས་མདོ་སྨད་ལྗོངས་འདིའི་དྲན་དབང་མཁས་བརྒྱའི་གཙུག་ཏུ་མཆོད་འོས་པ་མང་པོ་བྱོན་མྱོང་བ། དཔེར་ན། ཀུན་མཁྱེན་ཡབ་སྲས། རེབ་གོང་སྐྱབས་མགོན་རྣམ་གཉིས། མཁས་དབང་དགེ་ཆོས། སྒེས་སྟེང་བློ་བཟང་དཔལ་ལྡན། ཚེ་ཏན་ཞབས་དྲུང་རིན་པོ་ཆེ། ཤར་གདོང་བླ་མ་རིན་པོ་ཆེ། ལ་མོ་ཡོངས་འཛིན་རིན་པོ་ཆེ། རྡོ་སྤིས་དགེ་བཤེས་ཤེས་རབ་རྒྱ་མཚོ།དཔའ་རབ་གསལ་ཚང་སོགས་ཀྱིས་ཆོས་དང་རིག་གནས་གཉིས་ཐད་ནས་རྒྱབ་ཁབ་དང་མི་རིགས་ལ་ཕན་བདེ་བླ་ན་མེད་པ་བསྐྲུན་ཡོད་པ་རེད་ལ།སྤྱིར་གངས་ཅན་ལྗོངས་འདིར་མཁས་དབང་མང་པོ་ཞིག་བྱོན་བྱོན་པ་ལས་ཕལ་ཆེ་བ་ནི་དགོན་སྡེ་རིག་གནས་ཀྱིས་སྐྱེད་བསྲིང་མ་བྱས་པ་ཞིག་ཕལ་ཆེར་མེད་ཚོད་དང་། བོད་རང་གི་མཁས་པའི་དབང་པོ་ཞིག་གི་ཁྱད་ཆོས་ཡོངས་སུ་ཚང་བ་དེ་དགོན་སྡེ་རིག་གནས་ཁྲོད་དུ་གཏིང་ཟབ་ངང་གནས་ཡོད་པ་དང་།ལྷག་པར་རྗེ་བླ་མ་ཙོང་ཁ་བ་ཆེན་པོ་དེ་ཉིད་གངས་ཅན་ལྗོངས་ཞལ་བྱོན་ཏེ་རིག་གནས་སྤྱི་བྱེ་ཀུན་ལ་ཐོས་བསམ་སྒོམ་གསུམ་ཞེས་པའི་བླ་ན་མེད་པའི་ཐུགས་དགོངས་ཟབ་མོ་གསར་དུ་ཕྱེས་པ་ལ་བརྟེན་ནས་དགོན་སྡེ་དེ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཚམས་པའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་སའི་གནས་གཞི་ཞིག་ཏུ་གྱུར་ཡོད་པ་དང་དེང་སྐབས་ཀྱང་ས་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ཀྱིས་བཤད་གྲྭ་རེ་ཟུར་དུ་འཛུགས་པའི་འབད་བརྩོན་ལྷུར་ལེན་པ་ཐམས་ཅད་རྗེ་བླ་མའི་གདུགས་དཀར་གྱིས་ཁྱབ་པ་ལ་ཐེ་ཚོམ་མེད་མོད་ཀྱང་། དགོན་སྡེ་དེ་སྤྱི་ཚོགསདང་ཁ་བྲལ་ཐབས་མེད་ཅིང་། འཛམ་གླིང་ཤེས་ཡོན་པའི་སྡེ་དང་།རིགས་པ་སྨྲ་བ་དང་བདེན་པར་སྨྲ་བ་གཅིག་པུ་ཡིན་པ་དེ་ནི་བསྙོན་དུ་མེད་པ་ཞིག་ཡིན་པ་རེད།སྐྱེས་ཆེན་གོང་མ་ཚོའི་གསུང་རྒྱུན་ལ་བུ་རབ་ཅིག་དགོན་སྡེ་ནས་ལོ་ཞེ་ལྔའི་ཐོག་སྦྱངས་པ་མཐར་ཕྱིན་ན་དགའ་ཚོད་ཡིན་ཞེས་པ་འདི་དག་གིས་ཤེས་ཡོན་ལ་དོ་སྣང་གཙིགས་ཆེན་འགན་འཁུར་གྱི་རྣམ་འགྱུར་གསལ་བོ་ཞིག་ཐོན་ཡོང་གི་ཡོད་པ་རེད། སློབ་གཉེར་བྱེད་སྟངས་དང་དེའི་གོ་རིམ། སྦྱངས་བྱ་ཁག་སོགས་རེ་རེ་ཞུ་དགོས་མོད་འདིར་ཡིག་ཚོགས་ལ་འཇིགས་ནས་རེ་ཞིག་བཞག དགོན་སྡེ་རིག་གནས་ལ་གཏིང་ཟབ་ཀྱི་ཞིག་འཇུག་བྱེད་རྒྱུ་འདི་ཡང་དེང་རབས་ཀྱི་སྤྱི་ཚོགས་ཡར་ཟླར་འགྲོ་བ་དང་འཛམ་གླིང་གི་ཤེས་རིག་གཅིག་གྱུར་ཆགས་པའི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་འཕྲལ་ཕུགས་ཀྱི་མིག་རྒྱང་རིང་བོས་དབྱེ་ཞིབ་མ་ནོར་ཞིག་བྱེད་རྒྱུ་དེ་ཡང་གལ་ཆེན་དུ་བཟུང་དགོས་སོ། །
         མདོར་ན་བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་བའི་གོ་རིམ་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་དང་བོད་ཀྱི་རིག་གནས་ལ་ཞབས་འདེགས་ཕུལ་དུ་ཕྱིན་པ་ཞིག་ཞུས་ཡོད་པ་མ་ཟད། བོད་ཀྱི་སྤྱི་ཚོགས་དུས་འགྱུར་མི་འདྲ་བ་དང་ཉམས་ཉེས་ཐེབས་པའི་ནང་ཏན་ཏན་མི་རིགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་དགེ་མཚན་མི་དམན་པ་བཏོན་ཡོད་པ་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་དགོན་སྡེ་འཛུགས་སྐྲུན་གྱིས་བོད་ཀྱི་རིག་གནས་ལ་ཕན་ཐོགས་པའི་སྐོར་གླེང་བ།

2011-04-06 ཨ་འབུམ་བློ་བཟང་དམ་ཆོས།༼རེབ་གོང ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།