ཆུ་དབལ་མའི་མིང་གི་བྱུང་ཚུལ་ལ་ཅུང་ཙམ་དཔྱད་པ།

ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-23

    དེ་ཡང་འཛམ་གླིང་གོ་ལའི་མཐོ་སྒང་ལ་གནས་པའི་གདོང་དམར་བོད་ཅེས་གྲགས་པ་འདི་ལ་བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་རྟའི་ཆོལ་ཁ་དེ་ལ་ཡང༌།རྨ་ཀླུང་རིང་མོའི་བཞུར་རྒྱུན་གྱིས་དབང་གིས་ལྷོ་བྱང་གཉིས་སུ་ཕྱེ་བ་ལས་ལྷོ་རྒྱུད་དུ་གཏོགས་པ།གནམ་འོག་གི་རྨ་ཁུགས་དང་པོའི་འགྲམ་དུ་གཞིས་ཆགས་པའི་ཆུ་དབལ་མ་ཞེས་པའི་གྲོང་ཚོ་འདིའི་མིང་ཇི་ལྟར་བྱུང་ཚུལ་ནི།སྐབས་དེའི་རྟེན་གནས་ཀྱི་ཆ་ནས་ཆུ་ཞེས་པ་བྱུང་བརྟེན་པ་མིའི་རིགས་རུས་ཀྱི་ཆ་ནས་དབལ་ཞེས་པ་བྱུང༌།དེ་གཉིས་བསྡོམས་པའི་ཆུ་དབལ་ཞེས་པ་ལ་བདག་སྒྲ་མ་ཡིག་སྦྱར་བས་ཆུ་དབལ་མ་ཞེས་བྱུང༌།གནས་ཡུལ་ཆུ་དེ་གང་ཡིན་ཞེས་ན།དེ་བོད་ཀྱི་རྨ་འབྲི་རྫ་གསུམ་དུ་གྲགས་པའི་ནང་ཚན་རྨ་ཀླུང་རིང་མོ་ཡིན་ཞིང༌།དེ་ལ་ཡང་ཁུགས་པ་ཆེན་པོ་གསུམ་ཡོད་པའི་རྨ་ཁུགས་དང་པོ་རུ་གནས་བཟུང་བས་རྨ་སྡེ་ཞེས་ཀྱང་ཐོགས།དབལ་ཞེས་པ་ནི་གྲོང་ཚོ་འདིའི་རུས་རྒྱུད་གཙོ་བོ་ལྡོང་ཤུལ་ཆེན་པོ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་གྱི་དབལ་ཤུལ་ཡིན་པས་དེ་ལྟར་ཐོགས་ཤིང༌།དབལ་ཤུལ་ཁྲོ་ཁོ་ཞེས་ཀྱང་འབོད་དོ།།འདིར་ངེས་དོན་མཁས་པའི་དབང་བོ་རྗེ་དམུ་དགེ་བསམ་གཏན་རིན་པོ་ཆེས།རྔ་བ་དང་ཁྲོ་ཁོ་ལྟ་བུ་ལྡོང་ཤུལ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ཚན་ཡིན་ལ།དབལ་ཤུལ།ཐལ་ཤུལ།སྔོ་ཤུལ་སོགས་མིང་མ་འགྱུར་པར་ཡོད།གསུངས་པ་ལྟར་ལགས་ལ།དེ་ཡང་དབལ་ཤུལ་གྱི་རིགས་རུས་བྱུང་ཚུལ་ནི།ཐོག་མར་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་ལས་མཆེད་པའི་བོད་ཀྱི་མིའི་འགྲོ་བ་ལ།སྒ་འབྲུ་སྦྲ་ལྡོང་གི་རུས་ཆེན་པོ་བཞི་གྱེས་པ་ལས།ཨ་སྤོ་ལྡོང་གི་ཡབ་མེས་གོང་མ་ཞིག་ལ་བུ་རྒྱུད་མ་བྱུང་བ་ལ།སྐབས་དེར་བོད་ལ་བོན་ཆོས་དར་བས་བོན་ཞིག་ལ་སྐྱབས་བཅོལ་ནས་བུ་ཞིག་བྱུང་ཚེ།སླར་ཡང་བོན་དེ་ལ་བུ་དེ་གཏད་སྐྱབས་བཅོལ་ཞུས་པར།བོན་པོ་ཁོས།བུ་འདི་བོན་ལྷ་སེ་སྟག་ལྷ་མེ་འབར་ལ་སྐྱབས་བཅོལ་བ་ཡིན་པས།འདིའི་མིང་ལའང་དབལ་སེ་སྐྱབས་བཏགས་པ་ཡིན།ཞེས་པ་དེ་ནས་བཟུང་ལྡོང་དབལ་སེ་སྐྱབས་ཞེས་གྲགས་པ་དེ་བྱུང༌།དེའི་ཤུལ་ཁའམ་རུས་རྒྱུད་ལ་དབལ་ཤུལ་ཞེས་གྲགས།དེའི་མི་རྒྱུད་མང་རབས་ཤིག་སོང་བ་དབལ་ཤུལ་ཕུར་བ་ཐར་རམ་ལྡོང་མི་ནག་གུ་གུ་ར་སྐད་ཟེར་བ་བྱུ་བ་དེས་རྨ་ཁོག་རྭ་རྒྱ་སོགས་སུ་ཡུལ་བཟུང༌། དེའི་སྲས་ཀེ་ལི་ལ། སྲས་ཀེ་རྩེ། ཀེ་འཕན། ཀེ་རྒྱལ། བན་སྐྱབས་ཟེར་བ་བཞི་བྱུང༌།འདིའི་དབལ་ཤུལ་ཀེ་འཕན་གྱི་རྒྱུད་པར་དབལ་ཤུལ་ངག་དབང་བརྩོན་འགྲུས་སམ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཁྲུངས།དབལ་ཤུལ་བན་སྐྱབས་ཀྱི་མི་རབས་མང་བོ་སོང་བ་ན་དབལ་ཤུལ་ནམ་མཁའ་ཟེར་བ་བྱུང་བ་ལ་བུ་ཞིག་སྐྱེས་ནས་བསྙལ་ཡོད་པའི་སྟེང་ཁྲོ་སླང་ཞིག་ལྷུང་ཡང་སྐྱོན་མ་བྱུང་བས་མིང་ལ་ཁྲོ་ཁྲོ་ལུ་ཐར་བཏགས་སོ།།དེ་ནར་སོན་པ་ན་དབལ་ཤུལ་ཁྲོ་ཁོ་ཞེས་པའི་མིང་ཆགས། དེས་རྡོ་བཟའ་སྙིང་མོ་ཡག་ཟེར་བ་ཁྱིམ་ཐབས་སུ་བླངས་པ་ལ། བུ་རྒྱ་ཡུ། ཟོན་འབུམ། ཨོས་ཁྱིག་ཟེར་བ་གསུམ་བྱུང་ལ།ཕྱིས་སུ་དེ་གསུམ་སོ་སོར་གྱེས་ཏེ།གཅིག་གིས་རུ་སྡེ་ཁྲིད་དེ་གཅའ་ཁོག་ཟེར་བར་གཞི་བཟུང་བ་ལ་གཅའ་དབལ་མ།ད་ལྟའི་དབལ་ཤུལ་གཅའ་རོ་ཟེར་བ་དེ་ཡིན།གཅིག་གིས་རུ་སྡེ་རྣམས་ཁྲིད་དེ་ཆོ་ཆེན་པོའི་འགྲམ་དུ་གཞི་བཟུང་བ་ལ་ཆོ་དབལ་མ་ཞེས་གྲགས།དེ་ལ་ཕྱིས་སུ་སྟོད་སྨད་གཉིས་བྱུང་མོད་གཙོ་བོ་ད་ལྟའི་ཁྲོ་ཁོ་སྨད་མ་ཡིན།གཅིག་གིས་རྨ་ཆུའི་ཁུགས་པ་དང་པོའི་འགྲམ་དུ་གཞི་བཟུང་བ་ལ་ཆུ་དབལ་མ་ཞེས་གྲགས་པ་འདི་ཉིད་བྱུང་བ་ཡིན་ནོ།།དེ་ལྟར་ཆུ་དབལ་མ།ཆོ་དབལ།གཅའ་དབལ་མ་གསུམ་ལ།དབུལ་ཤུལ་ཁྲོ་ཁོ་ཁག་གསུམ་ཞེས་ཀྱང་གྲགས་སོ།།འདིར་གྲོང་ཚོ་འདི་ལ་ཆ་རྒྱུད་ཡོད་པའི་མཁས་བླུན་ཀུན་གྱིས་ངག་ནས་བརྗོད་ཚེ་བྱུང་རིམ་དང་མཐུན་པར་ཆུ་དབལ་མ་ཞེས་ཀྱིན་ཡོད་མོད་ཀྱང༌། ཡི་གེར་འབྲི་སྐབས་གོང་གི་བྱུང་རིམ་མ་ཤེས་པའི་དབང་གིས་སྣ་ཚོགས་བྲིས་འདུག་གོ ། སྔ་མ་འགའ་ཞིག་གིས་ཆུ་དབལ་མ་ཞེས་པའི་སྒྲ་གདངས་ཆུ་ཝ་མར་གོ་ནས་ཆུ་ཝ་མ་ཞེས་བྲིས་འདུག་པ་དང༌།དེར་མང་བོ་ཞིག་གིས་གྲོང་སྐད་ཀྱི་ཆུ་ཝ་ཞེས་པ།ཆུ་ཁའི་དོན་ཡིན་སྙམ་ནས།ཆུ་ཁ་མ་ཞེས་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བ་དང༌།ཁྱད་པར་དུ་གཞུང་གི་ལས་བྱེད་དག་གིས་དོན་ལ་དཔྱད་པ་ཡེ་མ་མཛད་པར།རྒྱ་ཡིག་གི་ལམ་ནས་འབྲི་སྐབས།ཆུ་དབལ་མ།ཞེས་པའི་སྒྲ་གདངས་དང་མཐུན་ཙམ་བྲིས་འདུག་མོད་ཀྱང༌། བོད་ཡིག་གི་ལམ་ནས་འབྲི་སྐབས་ཕ་དང་སྒྲ་གདངས་གཏན་ནས་མི་མཐུན་པའི་ཆུ་ཁ་མ། ཞེས་བྲིས་ཏེ།སྒྲ་གང་གི་ཆ་ནས་ཀྱང་མི་འབྲེལ་བའི་མིང་ཡིག་འདི་ཉིད་མང་ཚོགས་ཁྲོད་བཀོལ་སྤྱོད་བྱས་པར་བརྟེན།སྐབས་འགའ་ཞིག་ཏུ་ཡི་གེ་འདི་དག་ནོར་བར་ཤེས་མཁན་དག་ཀྱང་བེད་སྤྱོད་མི་བྱེད་ཀ་མེད་བྱུང་སའང་ཡོད་པས།དཀའ་ཉོག་འདི་གོང་རིམ་གྱིས་དོ་སྣང་བྱེད་དགོས་པ་ཞིག་ཀྱང་ཡིན་མོད།གཙོ་བོ་རང་གི་ཡུལ་མོང་ལ།རང་ས་གནས་ཀྱི་ཤེས་ཡོན་པ་དང་གཞོན་སྐྱེས་རིགས་པ་སྨྲ་བ་རྣམས་ཀྱིས་ཞིབ་འཇུག་དང་དོ་སྣང་བྱས་ཏེ། མ་དག་རང་འདོར་དང་དག་པ་རྒྱུན་འཁྱོངས་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།།   དེས་ན་སྔར་དབུས་གཙང་ཕྱོགས་ཀྱི་དཔྱོད་ལྡན་འགའ་རེས།ཆུ་ཁ་མ།ཟེར་བ་ཇི་འདྲའི་མིང་མི་ལེགས་པ་དགོད་སྤྲོ་བ་ཞིག་རེད་ཟེར་དོན་ནི།སྤྱིར་ཆུ་ཁ་ཞེས་པ་མོ་མཚན་དང་གཅིན་ལམ་དག་གི་མིང་ཡིན་པས་རྐྱེན་གྱིས་ངོ་ཚ་ལྡན་པའི་ཤེས་ལྡན་རྣམས་ཀྱི་ངོར་མི་མཛེས་སོ།དེས་ན་མདོ་སྨད་ཆོས་འབྱུང་དུའང་ཆུ་ཁ་མ།ཞེས་གསུངས་པར།ཆ་ག་མ།གསུངས་པ་ལ་རྒྱུ་མཚན་པ་མིན་ནོ།དེས་ན་ཉེ་སྔོན་རྒྱབ་ཁབ་ཕྱི་ནང་གི་དཔྱོད་ལྡན་དུ་མས་སྔོན་གྱི་བྱུང་རབས་ལོ་རྒྱུས་དང་མཐུན་པར་ཆུ་དབལ་མ། ཞེས་བྲིས་ཡོད་པ་དང༌།  ཁྱད་པར་དུ། ཆོས་རིག་ལོ་རྒྱུས་མཐའ་དག་སྨྲ་བ་ལ་གཞན་དྲངས་མི་འཇོག་པའི་མཁས་དབང༌།  བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཀྱང་ཆུ་དབལ་མ།ཞེས་བའི་ཕྱག་བྲིས་མང་བོ་མཇལ་རྒྱུ་ཡོད་པ་འདི་བཞིན་དུ། རྗེས་ཕྱོགས་ཀུན་གྱིས་དོན་དངོས་ཀྱི་ལོ་རྒྱུས་དང་མཐུན་པར་ཆུ་དབལ་མ་ཞེས་འབྲི་བརྗོད་ལག་ལེན་རྒྱུན་འཁྱོངས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ་མོ།།ཞེས་དབྱངས་ཅན་ཟླ་བའི་འོད་ཟེར་དུ་འབོད་པས་བྲིས་སོ།།

རྩོམ་ཁུངས། ཆུ་ཁ་མའིདུས་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་དབལ་མའི་མིང་གི་བྱུང་ཚུལ་ལ་ཅུང་ཙམ་དཔྱད་པ།

2010-08-23 ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།