གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༧

2010-01-25 18:25:00 ཕུན་ཚོགས་དབང་རྒྱལ(ཕུན་དབང)། ཀློག་གྲངས། མཆན ཡོད།

༡༥ མི་རིགས་གནད་དོན་གྱི་བྱུང་བ་དང་དེའི་རྒྱུ་རྐྱེན། མི་རིགས་ཞེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ལས་བལྟས་ན། དེ་ནི་མི་རྒྱུདད་རིག་གནས་བརྩད་དཔྱོད་རིག་པ་དང་དམ་པོར་འབྲེལ་བ་ཞིག་ཡིན། མི་ནི་ཚད་མཐོ་བའི་སྲོག་ཆགས་སྟེ་སྤྲ་མི་ལས་འཕེལ་བ་ཡིན།མོར་གུན་དང་ཨིན་ཀི་སིའི་འབྲེལ་ཡོད་བརྩམས་ཆོས་ཁྲོད་དུ་འཕེལ་་རིམ་འདི་ལ་ཞིབ་མོར་འགྲེལ་འདུག སྤྲ་མིས་ཡོ་བྱད་བཟོ་ཤེས་ཤིང་སྐད་ཆ་བསམ་གཞིགས་བྱེད་ཤེས་པའི་དུས་ན།སྲོག་ཆགས་ཕལ་བའི་འཇིག་རྟེན་དང་ཁ་གྱེས་ཏེ་འགྲོ་བ་མིའི་གནས་སྐབས་སུ་སླེབས་པ་ཡིན། ཤ་ཟ་འདོད་གྲི་ལ་རྣོ་དགོས་ཞེས་པ་བཞིན། ཡོ་བྱད་ཇེ་ལེགས་སུ་བཏང་བ་དང་བསྟུན་ནས་མི་རིགས་འཚོ་གཞེས་པ་དང་རིགས་རྒྱུད་སྤེལ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང༌། མིའི་རིགས་དང་རྩྭ་གཟན་ཤ་གཟན་སྲོག་ཆགས་བར་དུ་རྟག་ཏུ་ཁྱོད་ཤི་ང་གསོན་གྱི་དམར་འཛིང་གི་ཁྲོད་དུ་གནས་ཤིང༌། དེ་དང་ལྷན་དུ། འགྲོ་བ་མིའི་རིགས་ཀྱིས་ཀྱང་རང་ཉིད་གནས་སའི་འཁོར་ཡུག་དང་བསྟུན་ཅི་ཐུབ་བྱས་ན་ད་གཟོད་གནས་ཐུབ་པ་ཞིག་ཡིན། ཏ་ཨེར་བུན་གྱི་སྟོབས་ལྡན་གནས་པའི་འཇིག་རྟེནརུས་རྒྱུད་དང་འགྱུར་ལྡོག་རིག་པ་ཞེས་པས་སྐྱེ་དངོས་ཀྱི་གནས་ཚུལ་སྤྱི་དང་འཕེལ་འགྲོས་གསལ་བོར་འགྲེལ་འདུགམི་ནི་སྲོག་ཆགས་ཕལ་བ་ལས་འཕེལ་བ་ཡིན་ཕྱིན། མིའི་སྟེང་ནའང་གཅན་གཟན་གྱི་རྒོད་པོའི་རང་གཤིས་སྣ་ཚོགས་དང་མི་གཤིས་ཀྱི་ཁྱད་ཆོས་ཕན་ཚུན་བསྣོལ་མར་གནས་ཤིང་ཤན་ཤུགས་ཐེབས་པ་ཞིག་ཡིན་ངེས། རྒོད་པོས་ཉམ་ཆུང་ཟ་བ་དང་སྟོབས་ལྡན་གྱིས་གཉོམ་ཆུང་ཐུལ་བ་ནི་འགྲོ་བ་མི་དང་བཅས་པའི་སྲོག་ཆགས་སྤྱི་གནས་པ་དང་འགྱུར་བ། འཕེལ་བའི་ནང་དོན་གཙོ་བྱས་པའི་རྩ་བའི་འགྲོས་སྟངས་ཤིག་ཏུ་འཁུམས།མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད། བདེ་བར་འཚོ་བའི་ཐབས་སུ་མིས་ནམ་་་ཡང་ཐོན་སྐྱེད་ཡོ་བྱད་སྣ་ཚོགས་བསྐྲུན་པ་དང་བསྟུན་ནས་རང་གི་བསམ་གཞིགས་ནུས་པ་དང་བསམ་བློ་བརྗེ་རེས་ཀྱི་རྟེན་དུ་གྱུར་པའི་སྐད་ཆའི་ནུས་པ་མཐོ་རུ་འདེགས། དེ་དང་ལྷན་དུ། རང་བྱུང་འཁོར་ཡུག་ལ་བསྟུན་ཅི་ཐུབ་བྱེད་པ་དང་སྦྲེལ་ནས་རང་བྱུང་འཁོར་ཡུག་བེད་སྤྱོད་དང་བཅོས་བསྒྱུར་བྱེད་པ་ཡིན།ངལ་རྩོལ་གྱིས་ཡོད་ཚད་བསྐྲུན་པ་ཡིན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་དུ། རན་གི་དཀའ་སྡུག་གི་ངལ་རྩོལ་ལ་བརྟེན་ནས་རང་ཉིད་ལ་བསྒྱུར་བཅོས་བྱས་པར་མ་ཟད། འཁོར་ཡུག་གི་འཇིག་རྟེན་ལའང་རང་ནུས་ཅི་ལྕོགས་ཀྱིས་བཅོས་བསྒྱུར་བྱས།དེ་དང་ལྷན་དུ། མི་གཞིས་བསྟུད་མར་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཁྲོད། གཅན་གཟན་གྱི་རང་གཤིས་ད་དུང་རང་སྟེང་ན་གནས་པ་ཡིན། འོན་ཀྱང་སྤྱི་འགྲོ་ཕྱོགས་ནི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོའི་འབྲེལ་འདྲེས་དང་བསྟུན་ནས་རང་སྟེང་ན་ལྷག་མར་གནས་པའི་གཅན་གཟན་ཀྱི་རང་གཤིས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང༌། མི་གཤིས་དེ་སྔར་ལས་ཤུགས་ཆེ་རུ་འགྲོ་ཞིང་ཡོད། མདོར་ན། གདོད་མའི་གཤིས་ཀ་འགྱུར་ཞིང་མི་གཤིས་ཇེ་མང་དུ་འགྲོ་བཞིན་པ་ནི་སྤྱི་འགྲོས་ཤིག་གོ།། འོན་ཏེ་སྐབས་ལ་ལར་རང་གཤིས་ཕྱིར་ལོག་གི་སྣང་ཚུལ་ཡང་ཉུང་ཙམ་ཡོད་པ་ཡིན། ཕྱོགས་གཞན་ཞིག་ནས་བལྟས་ཚེ། གདོད་མའི་གཅན་གཟན་གྱི་གཤིས་ཀ་དེ་མི་གཤིས་དང་ལྷན་དུ་དུས་རབས་མི་འདྲ་བར་གནས་སྟངས་དང་དོན་མི་འདྲ་ཞིང་མང་ཉུང་གང་རུང་གི་ངོས་ནས་མི་རབས་ནས་མི་རབས་ལ་བརྒྱུད་ཅིང་འདུག
ཨིན་ཀི་སིས་བཤད་རྒྱུར། མི་རྣམས་ལ་ཐོག་མར་ལྟོ་གོས་འདུག་གནས་གསུམ་དང་ལྡན་ཚེ་ད་གཟོད་སྤྱི་ཚོགས་བྱ་འགུལ་གཞན་དག་སྤེལ་ཐུབ་པ་ཡིན། མར་ཁེ་སིས་ཀྱང༌། དཔལ་འབྱོར་དུས་རབས་ཀྱི་དབྱེ་བ་ནི་ཐོན་རྫས་ཅི་ཞིག་ཐོན་སྐྱེད་བྱས་པ་ལས་འབྱེད་པ་མིན་ཏེ། ཡོ་བྱད་གང་ཞིག་བེད་སྤྱོད་པ་ལས་དབྱེ་བ་ཡིན། ངལ་རྩོལ་ཡོ་བྱད་ཚད་གང་ཞིག་ལ་ཐོན་པ་དེས་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཚད་འཇལ་བར་མ་ཟད། སྤྱི་ཚོགས་འབྲེལ་་་བའི་ཚད་འཇལ་བྱེད་ཅིག་ཀྱང་ཡིན། ཞེས་གསུངས། དེའི་ཕྱིར། དུས་རབས་ངེས་ཅན་ཞིག་གི་སྤྱི་ཚོགས་དཔལ་འབྱོར་རྨང་གཞི་བྱས་པའི་ཆབ་སྲིད་དང་རིག་གནས་སོགས་སྟེང་གི་བཀོད་པ་འཕེལ་རྒྱས་སུ་སོང་ནས་སྐབས་ངེས་ཅན་ཞིག་ལ་ཐོན་ཚེ། དུས་རབས་དེ་དང་མཐུན་པའི་བཙན་པོས་ཉམ་ཆུང་ཟ་བའི་སྣང་ཚུལ་འབྱུང་བ་ཡིན། དཔེར་ན་མི་རིགས་སམ་རིགས་རྒྱུད་བར་གྱི་གལ་བ་དང་རྩོད་གཞི་སྣ་ཚོགས་ལྟ་བུ།མིའི་རིགས་ཀྱི་སྤྱི་ཚོགས་ནི་དམའ་རིམ་ནས་མཐོ་རིམ་དང་རགས་མོ་ནས་ཞིབ་མོར། སླ་མོ་ནས་རྙོག་འཛིང༌།ཉུང་བ་ནས་མང་བར་འགྲོ་བའི་སྤྱི་ཚོགས་ཕྱོགས་སོ་སོའི་ལས་བགོས་ཀྱི་རིམ་པ་བརྒྱུད་པ་ཡིན། ཚོང་ར་འཕེལ་བ་་དང་ཐོན་རྫས་བརྗེ་རེས་བྱེད་པའི་སྣང་ཚུལ་བྱུང་བ་དང་བསྟུན་ནས་ཡུལ་གྲུ་སོ་སོའི་རང་བྱུང་དཔལ་འབྱོར་ཆགས་པ་ཡིན། ཐོན་སྐྱེད་དང་ཚོང་ཟོག་བརྗེ་རེས་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་སོང་དང་བསྟུན་ནས། ཕན་ཚུན་བར་ལ་ཚོང་ཟོག་གམ་ཐོན་ཁུངས་གང་ཞིག་ཡོད་མེད་འབྲེལ་འདྲིས་བྱེད་པའི་རིགས་དང་གཞི་ཁྱོན་མི་འདྲ་བའི་ཐོག་མའི་ཚོང་རའི་དཔལ་འབྱོར་ཆགས་པ་ཡིན། སྤྱི་ཚོགས་འཕེལ་ནས་ཚད་ངེས་ཅན་ཞིག་ལ་སླེབས་པའི་མོད། རུས་རྒྱུད་སྤྱི་ཚོགས་ཡང་ཆགས་ནས་བྱུང་ཞིང༌། དེ་མུར་ཚོ་བའི་སྤྱི་ཚོགས་དང་མཇུག་མཐར་མི་རིགས་ཁྱད་ཆོས་གཙོ་་་བོར་གྱུར་པའི་སྤྱི་ཚོགས་ཆགས་པ་ཡིན། མི་རིགས་ནང་ཁུལ་དུ་ཡུལ་གྲུ་སོ་སོའི་སྤྱི་ཚོགས་ཚོགས་པའི་བར་ལ་འཐབ་རྩོད་འདྲ་མིན་སྣ་ཚོགས་བྱུང་ཞིང༌། མཐའ་མར་སྟོབས་ལྡན་གང་དེས་གཅིག་གྱུར་བྱས་པའི་ཡུལ་དབུས་རང་བཞིན་གྱི་དབང་བསྒྱུར་ཚོགས་པ་བྱུང་ནས་མི་རིགས་སོ་སོའི་རྒྱལ་ཁབ་བཙུགས་པ་ཡིན།ཨིན་ཀི་སིསརང་བྱུང་རྩོད་སྒྲུབ་རིག་པཞེས་པའི་དེབ་ལས་ངལ་རྩོལ་གྱིས་སྤྲ་མི་རུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་ནུས་པ་གླེང་བའི་སྐབས་འདི་ལྟར། ངལ་རྩོལ་དེ་ཉིད་མི་རབས་དང་མི་རབས་བརྒྱུད་པའི་སྐབས་སོ་་་སོར་མི་འདྲ་ཞིང་སྔར་ལས་འཐུས་ཚང་དང་ཕྱོགས་མང་པོར་ཁེབས་ཡོད། རི་དྭགས་རྔོན་པ་དང་ཕྱུགས་འཚོ་བ་ལས་གཞན། ཞིང་ལས་ཡང་བྱུང་ཞིང༌། དེའི་རྗེས་སྐུད་པ་འཐག་པ་དང་རས་འཐག་པ། གསེར་བཙོ་སྦྱངས་དང་རྫ་ཆས་བསྲེག་པ། མཚོ་འགྲུལ་ལ་སོགས་ཀྱང་བྱུང༌། ཚོང་ལས་དང་ལག་བཟོ་ལས་རིགས་བྱུང་བ་དང་བསྟུན་ནས།མཇུག་མཐར་སྒྱུ་རྩལ་དང་ཚན་རིག་བྱུང་བ་ཡིན། ཚོ་བའི་སྤྱི་ཚོགས་ཀྱང་མི་རིགས་དང་རྒྱལ་ཁབ་ཏུ་འཕེལ་བའོ།།ཞེས་གསུངས།ཡིན་ན་ཡང༌། མི་རིགས་དང་རྒྱལ་ཁབ་བྱུང་རྗེས། ཧེ་ཀེལ་གྱིས་བྱ་དངོས་འགལ་བའི་ཁྲོད་དུ་འགུལ་བསྐྱོད་་་བྱེད་པ་དེ་མཇུག་མཐར་རང་གི་ཚད་ལས་འདའ་བ་ཡིན། ཞེས་པ་ནང་བཞིན། དྲག་པོའི་གཡུལ་ལ་མོས་པའི་མི་རིགས་ཁ་ཤས་ཀྱི་དབང་བསྒྱུར་སྟོབས་ཤུགས་ཀྱིས་མི་རིགས་གཞན་གྱི་རྒྱུ་ནོར་དང་ཐོན་ཁུངས་བདག་གིར་བཟུང་ཆེད། རང་གི་ཁྱབ་ཁོངས་སམ་ཡུལ་གྲུ་ལས་བརྒལ་ཏེ་མི་རིགས་གཞན་གྱི་ས་ཁོངས་བཙན་བཟུང་དང་རང་གི་དབང་བསྒྱུར་རྒྱ་བསྐྱེད་པ་ཡིན། དེ་མུར། ཐོག་མའི་དུས་ཀྱི་མི་རིགས་འགལ་བ་དང་རྩོད་གཞིའང་བྱུང་བ་ཡིན།འདི་ནི་མི་རིགས་གནད་དོན་གྱི་འབྱུང་རྐྱེན་དུ་ངེས། འདིའི་ཁྱད་ཆོས་ནི་རིམ་པ་དམའ་ཞིང་སྤྱོད་པ་རྩུབ་པ་དང༌།ཐ་ན་དམུ་རྒོད་ཀྱི་འཕྲོག་བཅོམ་དང་བདག་བཟུང་ཡིན་ལ། བཙན་པོས་ཉམ་ཆུང་ཟ་བའི་གདོད་མའི་དུས་རབས་ཀྱི་མཚོན་སྟངས་ཤིག་གོ།།ཐོན་སྐྱེད་དང་ཚོང་ཟོག་བརྗེ་རེས་གཏིང་ཇེ་ཟབ་དང་ཁྱབ་ཁོངས་བསྟུད་མར་རྒྱ་བསྐྱེད་པ་དང་བསྟུན་ནས།མི་རིགས་དང་རིགས་རྒྱུད། གྲུབ་མཐའ་སོ་སོའི་བར་གྱི་འཐབ་རྩོད་ཀྱི་རྣམ་པ་དང་ནང་དོན་ལ་དུས་རབས་སོ་སོར་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཡིན། དེའི་ཕྱིར། སྤྱི་ཚོགས་འཕེལ་ནས་བཀས་བཀོད་ཁྱད་དབང་གི་གྲལ་རིམ་སྤྱི་ཚོགས་སུ་སླེབས་པའི་དུས། བཀའ་དབང་སྤྱི་ཚོགས་ཀྱི་བཙན་དབང་དང་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་སྣ་ཚོགས་འོག བཙན་པོས་ཉམ་ཆུང་ཟ་བའི་མི་རིགས་དང་རིགས་རྒྱུད། གྲུབ་མཐའ་སོ་སོ་བར་གྱི་རྩོད་གཞི་དང་འཐབ་རྩོད་སྣ་ཚོགས་ཀྱང་བྱུང༌། དེ་བཞིན་དེང་རབས་སྤྱི་ཚོགས་སྟེ་མ་རྩ་རིང་ལུགས་སུ་སླེབས་པའི་དུས་ན། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་རའི་མ་རྩ་དཔལ་འབྱོར་གྱི་རིན་མཚུངས་བརྗེ་རེས་བྱེད་པའི་རིན་ཐང་ཆོས་ཉིད་ཀྱི་རྩ་་་་་དོན་འོག མི་རིགས་དང་རིགས་རྒྱུད།གྲུབ་མཐའ་སོ་སོ་བར་གྱི་རྩོད་གཞི་དང་འཐབ་རྩོད་སྣ་ཚོགས་དང༌། ལྷག་པར་དུ་མ་རྩ་རིང་ལུགས་དེ་བཙན་རྒྱལ་རིང་ལུགས་དུ་འཕེལ་བའི་དུས་སྐབས་ངེས་ཅན་དེར། མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཀྱི་ཐོན་ཁུངས་དང་གདོད་མའི་ཐོན་སྐྱེད་རྒྱུ་ཆར་འཕྲོག་བཅོམ་རང་བཞིན་ལྡན་པའི་ཉོ་བསྡུ་དང་རིན་གོང་མཐོན་པོར་བཙོང་བ། ད་དུང་ཡ་ཧྥེ་ལ་གླིང་ཆེན་གྱི་མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཀྱི་ངལ་ཤུགས་ལ་དཔལ་འབྱོར་གྱི་ཚད་ལས་འདས་པའི་བཤུ་གཞོག་བྱས་པ་དང་འབྲེལ་ནས་དེང་རབས་ཀྱི་བཙན་པོས་ཉམ་ཆུང་ཟ་བའི་མི་རིགས་དང་རིགས་རྒྱུད།གྲུབ་མཐའ་སོ་སོའི་བར་དུ་གནད་དོན་སྣ་ཚོགས་བྱུང༌། ལོ་རྒྱུས་་ཀྱི་དུས་སྐབས་འདི་མིག་སྔར་ས་ཁུལ་དང་དུས་ངེས་ཅན་ཞིག་ཏུ་ད་དུང་ལྷག་འཕྲོ་གནས་པ་དང་སྐབས་ལ་ལར་ཚབས་ཆེ་བ་ལྟར་སྣང་མོད། འཛམ་གླིང་སྤྱིའི་ཁྱབ་ཁོངས་ནས་ཕལ་ཆེར་མཇུག་རྫོགས་ཟིན། འོན་ཀྱང་མི་རིགས་མང་པོའི་རྒྱལ་ཁབ་ཁ་ཤས་སུ། དབང་བསྒྱུར་མི་རིགས་སམ་གཙོ་གཞིར་གྱུར་པའི་མི་རིགས་ཀྱིས་དེའི་མངའ་ཁོངས་ཀྱི་མི་རིགས་ཉམ་ཆུང་དག་ལ་ཆབ་སྲིད་ཐད་ཚོད་འཛིན་དང་དབང་བསྒྱུར་བྱེད་པ་ལས་གཞན། དཔལ་འབྱོར་ཁྱབ་ཁོངས་ནས་གླེང་ནའང་གཞི་ཁྱོན་དང་ཚད་མི་འདྲ་བའི་ངོས་ནས་རིན་ཐང་ཆོས་ཉིད་ཀྱི་རིན་མཚུངས་བརྗེ་རེས་བྱེད་པའི་རྩ་དོན་དང་འགལ་བ་དང༌། དཔལ་འབྱོར་ཐོན་ཁུངས་སྣ་ཚོགས་རྒྱལ་ཁབ་ལ་དབང་བ་ཅན་དུ་གཏོང་བར་ཁ་གཡར་ནས། དངོས་བརྒྱུད་གང་རུང་གི་ངང་བདག་གིར་འཛིན་པའི་སྲིད་ཇུས་ལག་ཏུ་བསྟར་ཞིང༌།
འཕྲོག་བཅོམ་རང་བཞིན་ལྡན་པའི་སྔོགས་འདོན་དང་བེད་སྤྱོད་བྱས་པས། མི་རིགས་དང་རིགས་རྒྱུད། གྲུབ་མཐའ་སོ་སོའི་བར་དུ་བཙན་པོས་ཉམ་ཆུང་ཟ་བའི་རྩོད་གཞི་དང་འགལ་བ་སྐོར་གྱི་གནད་དོན་རྣམ་པ་སྣ་ཚོགས་བྱུང༌། མདོར་ན།དབང་བསྒྱུར་མི་རིགས་སམ་མི་རིགས་ཆེན་མོས་མངའ་ཁོངས་ཀྱི་མི་རིགས་ཉམ་ཆུང་རྣམས་ལ་དཔལ་འབྱོར་དང་ཆབ་སྲིད་ཁེ་ཕན་ཐད་བཙན་དབང་སྤྱད་པ་དང༌། ནང་སྒོས་སུ་མི་རིགས་གྲངས་ཉུང་ས་ཁུལ་དུ་རྣམ་པ་འགྱུར་བའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་ཇུས་གསར་བ་སྤེལ་ཏེ། འཛོམས་ཕྱུག་ལྡན་པའི་ས་ཁུལ་དེ་མི་མི་སེར་སྤེལ་ཡུལ་དུ་བསྒྱུར་བས། མི་རིགས་དང་རིགས་རྒྱུད་སོ་སོའི་བར་དོན་དངོས་སྟེང་འདྲ་མཉམ་མིན་པའི་འགལ་བ་གསར་དུ་བསླངས།གོང་བཤད་མདོར་བསྡུས་ན། དུས་རབས་སོ་སོར་ཆགས་སྟངས་དང་རྣམ་པ་མི་འདྲ་བའི་བཙན་གཉོམ་བར་གྱི་འགོག་རྒོལ་སྣ་ཚོགས་ལས་གྲུབ་པའི་མི་རིགས་གནད་དོན་གནས་པ་ཡིན། ཡིན་ནའང༌། དུས་རབས་སོ་སོའི་མི་་རིགས་དང་རིགས་རྒྱུད་ཀྱི་གནད་དོན་དེའི་ཕུགས་དེད་ན། ཕྱོགས་གཅིག་ནས་བཙན་དབང་རིང་ལུགས་དང་མི་་་སེར་སྤེལ་བའི་རིང་ལུགས། མངའ་ཁོངས་རྒྱ་བསྐྱེད་སྟོབས་ཤུགས་ཀྱིས་ཆོག་ཤེས་མེད་པར་ཁེ་ཕན་ཧམ་ཟ་བྱེད་པར་གཏོགས། ཨིན་ཀི་སིས། ཚིག་རྒྱན་གྱིས་སྤྲས་པའི་སྲིད་གཏམ་དག་གི་ཕག་ཏུ་སྦས་པ་ནི་དཔལ་འབྱོར་ཁེ་ཕན་་ཡིན། ཞེས་དང༌། མར་ཁེ་སིས་ཀྱང༌། དབྱིབས་རྩིས་སྤྱི་འགྲོས་ཀྱིས་མི་རྣམས་ཀྱི་ཁེ་ཕན་ལ་གནོད་ཚེ། དེ་ལའང་དགག་གཞག་བྱེད་ངེས། ཞེས་པ་ནང་བཞིན་ནོ།། ཕྱོགས་གཞན་ཞིག་ནས། ཉམ་ཆུང་མི་རིགས་དང་རྒྱལ་ཁབ་ཆུང་བ་དག་མི་རིགས་ཆེན་མོ་དང་སྟོབས་ལྡན་རྒྱལ་ཁབ་ཀྱིས་བརྙས་བཅོས་དང་འཕྲོག་བཅོམ་བྱེད་ཡུལ་དུ་གྱུར། དེའི་ཕྱིར། མི་རིགས་བར་གྱི་རྩོད་གཞི་དང་འཐབ་རྩོད་སོགས་སྔོན་ཆད་དང་ད་ལྟའི་མི་རིགས་འགལ་བ་གང་ཡིན་ཡང༌།དེའི་ངོ་བོ་ནི་འགལ་བའི་མཐའ་གཅིག་ནི་གཉའ་གནོན་མི་རིགས་དང་མི་རིགས་ཆེན་མོ་ཡང་ན་བཙན་འཛུལ་རྒྱལ་ཁབ་ཀྱིས་བཙན་དབང་དང་རྒྱ་བསྐྱེད་བསམ་བློ་འོག རང་གི་ཆབ་སྲིད་དང་རིག་གནས་དམག་དོན་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཉམ་ཆུང་ཕྱོགས་ཀྱི་ཐོན་ཁུངས་དང་རྒྱུ་ནོར་བཙན་གྱིས་བདག་གིར་བཟུང་བའི་ལུགས་ལྡོག་གི་མི་རིགས་འཐབ་རྩོད་ཡིན། འགལ་བའི་མཐའ་གཞན་ཞིག་ནི་གཉའ་གནོན་དང་དབང་བསྒྱུར་མྱོང་བའི་མི་རིགས་དང་བཙན་འཛུལ་བྱེད་ཡུལ་རྒྱལ་ཁབ་དེས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་འཚོ་གནས་ལ་སྲུང་་སྐྱོབ་བྱེད་ཆེད། སྲིད་འབྱོར་རིག་གསུམ་དང་དམག་དོན་སོགས་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་པའི་ལུགས་མཐུན་གྱི་འགོག་རྒོལ་ཡིན། ཕྱོགས་འདི་གཉི་གའི་འཐབ་རྩོད་ནི་གནའ་ནས་ད་བར་དུ་དུས་རབས་དང་དུས་སྐབས་མི་འདྲ་བ་སོ་སོའི་གནས་སྐབས་སུ་རིགས་རྒྱུད་དང་གྲུབ་མཐའ་འདུས་པའི་མི་རིགས་འཐབ་རྩོད་ཀྱི་གཞི་རྩའི་ནང་དོན་དང་འབྱུང་རྐྱེན་ཡང་ཡིན།

རྩོམ་ཁུངས། ཕྱིར་དྲན་དང་གསར་རྟོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།