གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༤

2010-01-24 18:40:00 ཕུན་ཚོགས་དབང་རྒྱལ(ཕུན་དབང)། ཀློག་གྲངས། མཆན ཡོད།

༡༢ སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་ལས་མཐོ།  མི་རིགས་གང་ཡིན་ཡང་སྤྱི་ཚོགས་འཕེལ་བའི་བརྒྱུད་རིམ་ཁྲོད་དུ། སྤྱི་ཚོགས་འཚོ་བའི་དངོས་པོའི་རྒྱུ་ཆ་དང་བསམ་བློའི་རྒྱུ་ཆའི་དོ་དམ་ལས་ཁུངས་ཁྲོད་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་སོགས་སྡེ་ཁག་་གིས་མཚོན་ཁྱབ་ཁོངས་སོ་སོའི་ཁྲོད་ཀྱི་སྤྱི་ཚོགས་ལས་བགོ་དེ་ཉུང་ངུ་ནས་མང་པོ་དང༌། རྩིང་པོ་ནས་ཞིབ་མོ།
དམའ་རིམ་ནས་མཐོ་རིམ་དུ་འཕེལ་ཞིང་ཡོད། སྤྱི་ཚོགས་བསམ་བློའི་འཕེལ་རིམ་ཡང་འདི་ལྟར་ཡིན།སྤྱི་ཚོགས་གང་ཞིག་ཡིན་ཡང་དེའི་བསམ་བློའི་རླབས་རྒྱུན་དང་ཆུ་ཚད་ཀྱིས་དུས་རབས་གང་དེའི་སྤྱི་ཚོགས་དབང་བསྒྱུར་གྲལ་རིམ་གྱི་བསམ་བློའི་འཕེལ་ཚད་མཚོན་ཀྱིན་ཡོད་ལ།    སྤྱི་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་དེ་ཡང་སྤྱི་ཚོགས་འཕེལ་རིམ་གྱི་མཐོ་དམའ་ལྟར་ཕྱིར་མངོན་ཡོང༌། དེའི་ཕྱིར། དམངས་གཙོ་རིང་ལུགས་ཀྱི་བསམ་བློ་དེ་ནམ་ཡང་བཀའ་དབང་རིང་ལུགས་ཀྱི་བསམ་བློ་ལས་ཚད་མཐོ་སྟེ།དེས་ནི་བཀས་བཀོད་ཆེད་དབང་རིང་ལུགས་དང་བཀས་བཀོད་ཁྱད་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པ་གཞི་རྩའི་ནང་དོན་དུ་བྱས་པ་ཡིན། དེ་ཡང་ཐོག་མར་གསར་བྱུང་འབྱོར་ལྡན་གྲལ་རིམ་གྱི་ཚབ་མཚོན་མི་སྣ་ཝུ་ཐེ་རེནVoltaireདང་མིང་རྡུ་སིཀ་ཡུགMontesquieuལུའུ་་་སོRousseauསོགས་ཀྱིས་བཏོན་པ་དང༌། རྗེས་སོར་ཝ་ཧྲིན་ཏུནWashingtonསོགས་ཀྱིསཨ་རིའི་རང་བཙན་བསྒྲགས་གཏམདུ་བཞག་པ་སོགས་ལས་ཤེས་ཐུབ།
བཀས་བཀོད་སྤྱི་ཚོགས་ནས་མ་རྩ་རིང་ལུགས་སྤྱི་ཚོགས་སུ་འགྱུར་བའི་གནས་སྐབས་སུ། མ་རྩ་རིང་ལུགས་ཀྱི་བསམ་བློ་དེ་གཞི་རྩའི་སྟེང་དམངས་གཙོ་རིང་ལུགས་ཀྱི་བསམ་བློའི་མ་ལག་དང་ལྟ་བ་ཚད་གཞིར་བྱས་པ་ཞིག་ཡིན། གོང་ནས་བསྟན་པ་བཞིན། བསམ་བ་འདི་བཀས་བཀོད་སྤྱི་ཚོགས་ཀྱི་བསམ་བློའི་ཚད་གཞི་ལས་མཐོ། དེ་ཉིད་མི་རིགས་གནད་དོན་སྟེང་ལ་འབབ་དུས། དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དང༌། སྤྱི་་ཚོགས་རིང་ལུགས་ཀྱི་མི་རིགས་ལྟ་བ་ནི་དམངས་གཙོ་རིང་ལུགས་ཀྱི་མི་རིགས་ལྟ་བ་གཞི་བྱས་ཤིང་དེ་ལས་མཐོ་ཞིང་འཐུས་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་འདྲེས་པའི་མི་རིགས་འདྲ་མཉམ་ལྟ་བར་་་་ཆགས། དེར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དེ་མ་རྩ་རིང་ལུགས་སྤྱི་ཚོགས་སུ་གཏོགས་པའི་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ཚད་མཐོ་བ་སྨོས་མ་དགོས། ཧྥུན་ལེ་ཡེ་དང་ཧྲིན་ཞི་མིན།
ཨུ་བུན་སོགས་ཀྱི་སྔ་རབས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང༌། ལྷག་པར་དུ་མར་ཁེ་སི་དངཨིན་ཀི་སི་རྣམ་གཉིས་གཙོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ནི་དེང་རབས་སྤྱི་ཚོགས་སྟེ་མ་རྩ་རིང་ལུགས་སྤྱི་ཚོགས་ལས་ཚད་མཐོ་ཞིང་ལུགས་དང་མཐུན་པ། སྔོན་ཐོན་དང་དཔལ་ཡོན། ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲང་རིང་ལུགས་སྤྱི་ཚོགས་ཀྱི་བསམ་བློ་འཚོལ་སྙེག་བྱེད་པ་ཡིན་ཕྱིན། མི་རྣམས་ཀྱིས་དེ་ལ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་ཞེས་འབོད། བསམ་བློ་འདིས་ཕྱོགས་དང་ཁྱབ་ཁོངས་སོ་སོ་ནས་མ་རྩ་རིང་ལུགས་ཀྱི་དམངས་གཙོ་རིང་ལུགས་བསམ་བློ་ལས་སྔོན་ཐོན་དང་ལུགས་མཐུན་བདེ་ཐང་དང་དཔལ་ཡོན་ལྡན་་་་་པའི་སྒོ་ནས་རང་ཉིད་མངོན་ཞིང་ཡོད།
དེས་ན། སྤྱི་ཚོགས་རིང་ལུགས་བསམ་བློའི་མི་རིགས་འདྲ་མཉམ་ལྟ་བ་ནི་ཅི་ཞིག་ཡིན་ཞེ་ན། 1917ལོར་ཨུ་རུ་་སུ་རྒྱལ་ཁབ་ཏུ་ཟླ་བཅུ་པའི་གསར་བརྗེ་བྱུང་བ་དེའི་མི་རིགས་གནད་དོན་ཁོ་ནའི་ཆ་གླེང་ན། དེས་ཧྲ་ཝང་གིས་དབང་བསྒྱུར་འོག་གི་མི་རིགས་བཙོན་ཁང་གཏོར་ནས་ཨུ་རུ་སུ་རྒྱལ་ཁབ་ཕྱི་ནང་གི་གཉའ་གནོན་མྱོང་བའི་མི་་་་་རིགས་མང་པོ་ཞིག་བཅིངས་འགྲོལ་བྱས་པ་ཡིན། དཔེར་ན། ལེ་ཉིན་གྱིས་ཨུ་རུ་སུའི་གུང་ཁྲང་ཏང་སྲིད་གཞུང་གི་་ཚབ་བྱས་ཤིང༌། མི་རིགས་རང་བདག་དབང་ཆ་གཞིར་བཟུང་ནས། ཧྥིན་ལན་དི་རྒྱལ་ཁབ་རང་བཙན་བྱས་པའི་འཛིན་ཡིག་ཧྥིན་ལན་དི་སྲིད་གཞུང་གི་སྐུ་ཚབ་ཚོགས་པར་སྤྲད། ལེ་ཉིན་གྱིས་ད་དུང་ཧྥིན་ལན་དི་རྒྱལ་ཁབ་རང་་བཙན་བྱས་པར་ལྐོག་ཏུ་འདྲ་མིན་གྱི་གཏམ་སྨྲ་བའི་ཨུ་རུ་སུའི་གུང་ཁྲང་ཏང་ཡོན་རྒན་པར་སྐྱོན་བརྗོད་ཚ་དྲག་བཏང་བ་སྟེ། ཁོང་གིས་བཤད་རྒྱུར། མི་འདི་དག་གི་ཀླད་པའི་ནང་དུ་ཨུ་རུ་སུ་ཆེན་མོའི་བཙན་འཛུལ་རིང་ལུགས་ཀྱི་དུག་ཆུ་འདྲེས་སོང༌། ཟེར་ཞིང༌། སུའུ་ལེན་གུང་ཁྲང་ཏང་ཀྲུང་དབྱང་གིས་མི་རིགས་རང་བདག་དབང་ཆའི་རྩ་དོན་རྦད་ཆོད་ཀྱིས་ལག་བསྟར་བྱས། རང་དབང་དང་སྒེར་ཚུགས་འཐོབ་པའི་ཧྥིན་ལན་དི་མི་དམངས་ཀྱིས་ད་ལྟ་ད་དུང་སུའུ་ལེན་གུང་ཁྲང་ཏང་དང་དེའི་གཙོ་འཛིན་ལེ་ཉིན་གྱི་བཀའ་དྲིན་བསམ་ཞིང་ཡོད། ལེ་ཉིན་ནི་ཨུ་རུ་སུ་ཆེན་མོའི་ལྟ་བར་གཞི་ནས་གུ་ཡངས་མི་བྱེད་པའི་ཨུ་རུ་སུའི་རླབས་ཆེན་མི་སྣ་ཞིག་ཡིན། ཁོང་གིས་གསུངས་རྒྱུར།
ང་ཚོ་མི་རིགས་ཆེན་མོ་འདི་དག་སྟེ། ལྷག་པར་དུ་ཨུ་རུ་སུ་མི་རིགས་ལ་མཚོན་ན། ལོ་རྒྱུས་སྟེང་དུ་མི་རིགས་ཆུང་བའི་རང་དབང་ལ་བརྙས་བསྐོ་བྱས་པའི་ཉེས་པ་ཆེན་པོ་གང་མང་བསགས་མྱོང༌། ད་ལྟ། ང་ཚོ་མི་རིགས་ཆེན་མོ་འདི་དག་གིས་རྣམ་པའི་སྟེང་མི་རིགས་གཞན་དང་འདྲ་མཉམ་དུ་གནས་དགོས་པར་མ་ཟད། མི་རིགས་གཞན་དག་མི་རིགས་ཆེན་མོའི་གནོད་འཁེལ་སར་འགྱུར་བའི་འདྲ་མཉམ་མིན་པ་དེ་འགོག་དགོས། ཞེས་དང༌། ཡང༌། མི་རིགས་གཞན་ལ་མི་བསད་འཕྲོག་བཅོམ་གྱི་གཉའ་གནོན་ཡ་ང་བ་བྱས་པའི་མི་རིགས་ཆེན་མོའི་གསར་བརྗེ་པ་དེ་དག་གིས། རང་གི་རིགས་ཀྱིས་མྱངས་པའི་འདྲ་མཉམ་མིན་པར་འཛིན་པ་དེས་མི་རིགས་ཆུང་བར་འདྲ་མཉམ་འཛིན་དགོས་སྟེ། མི་རིགས་ཆེན་མོར་འདྲ་མཉམ་མ་བྱིན་པ་དེ་མི་རིགས་ཆུང་བར་འདྲ་མཉམ་སྟེར་བའི་སྟེང་སྣོན་དགོས། དེར་མ་ཟད། མི་རིགས་གཞན་ལ་མཛའ་མཐུན་དང་གུ་ཡངས་སྣ་ཚོགས་སྟེར་བའི་ཐབས་ལ་བརྟེན་ནས།
རྒྱལ་ཁབ་ཆེན་པོའི་མི་རིགས་ཀྱི་སྲིད་གཞུང་གིས་སྔོན་ཆད་ལོ་རྒྱུས་སྟེང་ཁོ་ཚོའི་སེམས་ལ་བཞག་པའི་ཡིད་ཆེས་མེད་པ་དང་དོགས་ཟོན། བརྙས་བཅོས་སོགས་བྱས་པའི་སྐྱིན་ཚབ་སྤྲོད་དགོས། འདི་ལྟར་ན་ད་གཟོད་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལས་ཁྱད་དུ་འཕགས་པའི་དོན་མཚོན་པ་ཡིན། གལ་ཏེ་སུས་འདི་ལ་ཤེས་རྟོགས་བྱེད་མི་ཐུབ་ཚེ། དེས་མར་ཁེ་སི་རིང་ལུགས་ཀྱི་ངོ་བོ་དང་མི་རིགས་འདྲ་མཉམ་ལྟ་བར་གོ་བ་མ་ལོན་པ་ཡིན། ཞེས་གསུངས་སོ།། ཀྲིག་ཨེན་ལེ་སོགས་གསར་བརྗེ་་་སྔོན་རབས་པས་ཀྱང་རྒྱལ་ཁབ་ཚུགས་པའི་ཐོག་མའི་དུས་སུ་འདི་ལྟར་གསུངས་མྱོང་སྟེ། ལོ་རྒུས་སྟེང་ང་ཚོ་རྒྱ་མི་་རིགས་ཀྱི་མེས་པོས་རྒྱལ་ནང་གི་མི་རིགས་གྲངས་ཉུང་ལ་མི་འོས་པའི་ལས་མང་པོ་བགྱིས་མྱོང་ཞིང༌། ཁོ་ཚོ་ཡུལ་མཐའ་འཁོབ་ཏུ་བསྐྲད་ཅིང་བརྙས་བཅོས་སྣ་ཚོགས་བྱས་མྱོང༌། དེ་རིང༌། ང་ཚོ་རྒྱ་རིགས་ཀྱི་གསར་བརྗེ་པ་རྣམས་ཀྱིས་བུ་ལོན་འཇལ་བའི་རྣམ་འགྱུར་གྱིས་ཁོ་ཚོར་ལས་བཟང་སྒྲུབ་དགོས། ཞེས་གསུངས། འདི་དག་ལས་ཤེས་ཐུབ་པ་ནི། མི་རིགས་དང་རྒྱལ་ཁབ་ཆེ་ཆུང་དང་བཙན་གཉོམ་བར་ཆེ་བས་ཆུང་བ་དང་མང་པོས་ཉུང་བར། སྟོབས་ལྡན་གྱིས་ཉམ་ཆུང་ལ་བྱམས་སྐྱོང་བྱེད་དགོས་པར་མ་ཟད། སྟོབས་ལྡན་དང་མི་རིགས་ཆེན་མོ། རྒྱལ་ཁབ་ཆེན་མོས་རང་གི་ཁེ་ཕན་ལ་སྨད་པའི་ཚུལ་གྱིས་མི་རིགས་དང་རྒྱལ་ཁབ་ཉམ་ཆུང་ལ་འདྲ་མཉམ་སྟེར་དགོས། དེ་ཡང་བཙན་པོས་གཉོམ་ཆུང་ལ་བརྙས་བསྐོ་མི་བྱེད་པར་མ་ཟད། རང་ལ་རེ་བ་ནན་མོ་འཛིན་པ་དང་ཉམ་ཆུང་ལ་གུ་ཡངས་གནང་བའི་ཚད་གཞི་བརྩི་དགོས། འདི་ནི་ད་གཟོད་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དང་ངོ་བོའི་སྟེང་ཁྱད་པར་འདུག་པའི་གནད་དམ་པ་སྟེ།
སུ་ཞིག་གིས་དོན་འདིའི་གོ་བ་ཟབ་མོ་མ་རྟོགས་ཚེ། དེས་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་འདྲ་མཉ་ལྟ་བ་རྟོགས་མི་ཐུབ། དེ་མུར།བསམ་མ་བསམ་བར་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་དང་འགལ་འགྲོ་ལ།  ཐ་ན་རང་ཉིད་ད་དུང་མི་རིགས་གནད་དོན་ཐད་མར་ཁེ་སི་རིང་ལུགས་པ་ཞིག་ཏུ་རློམས་ནས་རང་མགོ་རང་གཡོགས་སམ་གཞན་ལ་འཁྲུལ་སྣང་སྟེར་ངེས་སོ།།

རྩོམ་ཁུངས། ཕྱིར་དྲན་དང་གསར་རྟོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།