ཇི་ལྟར་བྱས་ན་ད་གཟོད་དམའ་འབྲིང་སློབ་མའི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་ཐུབ།

བཀྲ་ཤིས་བསྟན་པ།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-10

  དེ་ཡང་<<རླངས་ཀྱི་པོ་ཏེ་སེ་རུ>>ལས་“ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ནགས་ཁུང་གི་སྤྲེའུ་དང་འདྲ།  རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མོ་དང་འདྲ། ཡབ་མེས་ཀྱི་ཆེ་གེ་ཡིག་ཚང་མ་ཤེས་ན་མོན་ཕུག་ཡལ་བོར་དང་འདྲ་” ཟེར་བ་ཇི་བཞིན་ འ་ཅག་འཁྲུལ་མེད་བོད་པ་ཞིག་ཡིན་ཕྱིན་བོད་སྐད་ཡིག་འདི་མཐར་ཕྱིན་སྦྱངས་དགོས་པ་ནི་ཧ་ཅང་གལ་ཆེ།  ང་རང་དམའ་འབྲིང་ལོ་བཞི་ཙམ་གྱི་སློབ་ཁྲིད་ཉམས་མྱོང་ལས་དམའ་འབྲིང་སློབ་མ་ལ་ལས་བོད་སྐད་ཡིག་འདི་རང་དབང་གི་བྱུང་བའི་རྫུ་འཕྲུལ་ལྟ་བུར་བརྩིས་ཏེ་ཕངས་མེད་དུ་བསྐྱུར་བ་དང་ཐ་ན་དགེ་བའི་བཤེས་གཉེན་འགས་སློབ་མར་བོད་ཡིག་སྦྱངས་ན་མདུན་ལམ་རྟ་རྔ་ཙམ་མེད།   སྤྱི་ཚོགས་འདིར་མཁོ་བ་ཆེ་བ་ནི་རྒྱ་ཡིག་རེད་ཅེས་པའི་ཟོལ་གཏམ་གྱིས་སློབ་མ་མི་ཉུང་བ་ཞིག་གཡང་མཆོངས་བྱེད་དུ་འཇུག་གིན་ཡོད།  དེ་ནི་མི་རིགས་ཞིག་གི་གྲུབ་ཆ་བཞི་ལས་ཆེས་གལ་ཆེ་བའི་གྲུབ་ཆ་སྐད་ཡིག་ལ་གཏོར་སྐྱོན་བཏང་བ་རེད་ལ་ལྷག་པར་དུ་བོད་མི་རིགས་འདིར་འགན་ཏིལ་འབྲུ་ཙམ་ཡང་མི་འཁུར་བའི་རང་དོན་རིང་ལུགས་ཀྱི་བསམ་པ་འབའ་ཞིག་གོ    སྟོང་གཏམ་བརྒྱ་ལས་ཚིག་གི་རྡོག་ཁ་དངོས་སུ་བསྟན་ཏེ་དམའ་རིམ་སློབ་མའི་བོད་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་ཕྱོགས་སྐོར་རང་ཉིད་ཀྱི་ལྟ་བ་རག་ཙམ་གླེང་ཁུལ་བྱས་ན།་
དང་པོ།  སློབ་ཕྱིའི་བྱེད་སྒོ་གཙོར་བཟུང་གིས་བོད་སྐད་ཡིག་ལ་འདུ་ཤེས་ཟབ་མོ་ཡོད་དུ་འཇུག་དགོས་པ།
དེ་ཡང་དགེ་རྒན་ལ་ལས་སློབ་ཚན་དུས་ཚོད་ཁོ་ན་བེད་སྤྱད་ཏེ་རྡོ་ཆག་བཙན་བསྒྲིག་གིས་བོད་ཡིག་སྐྱོར་སྦྱངས་བྱེད་དུ་བཅུག་པ་སོགས་བྱེད།  ཐ་ན་སྦྱོང་ཚན་སོགས་ཀྱང་སློབ་ཚན་དུས་ཚོད་ནང་འབྲི་རུ་འཇུག་གིན་ཡོད།་  དེ་ལྟར་བྱས་ཚེ་སློབ་མའི་ཤེས་ཚད་དེ་ཙམ་མི་ཆེ་ལ་ལྷག་པར་དུ་ཁོ་ཚོ་བཙོན་ལ་བཙུད་པ་ལྟ་བུའི་གུ་དོགས་པའི་སྣང་བ་ཞིག་ཀྱང་ངམ་ཤུགས་སུ་སྐྱེ་སྲིད།  འོ་ན་ཇི་ལྟར་བྱས་ན་ད་གཟོད་ཁོ་ཚོའི་སློབ་སྦྱོང་བྱེད་སེམས་ཆེ་རུ་འགྲོ་ཐུབ་ཅེ་ན།  ཐབས་མེད་པ་མིན་ཏེ་སློབ་ ཕྱིའི་བྱེད་སྒོ་མང་ཙམ་སྤེལ་རྒྱུ་དེ་རེད།  བྱེད་སྒོ་དེ་ཚོ་སྤོ་ལོ་རྒྱག་པ་དང་ཐག་མཆོངས་འགྲན་པ་སོགས་ལུས་སྦྱོང་ཁོ་ན་མིན་པར་སློབ་སྦྱོང་བྱེད་སྒོ་ལ་གོ་བ་ཡིན།  དཔེར་ན་དགེ་རྒན་གྱིས་དེ་རིང་《རྒྱལ་པོའི་ན་བཟའ་གསར་པ་》ཞེས་པའི་སློབ་ཚན་དེ་སློབ་པའི་དབང་དུ་བཏང་ན་དེ་རིང་གི་ཉིན་དེ་རང་དུ་“ལྕགས་ཚ་ཐོག་བརྡུངས་”ཞེས་པའི་དཔེ་ལྟར་སློབ་མ་ལ་ལ་བདམས་ཏེ་སློབ་ཚན་དེཐེངས་ཤིག་འཁྲབ་ཏུ་བཅུག་ན་དེ་ལས་བག་ཆགས་ཟབ་པ་དང་དེ་ལས་ངེས་ཤེས་བརྟན་པ་ཞིག་གང་ན་ཡོད།  དེ་ཡང་དེ་ལྟར་ཁོ་ན་མིན་པར་གལ་ཏེ་《སློབ་གྲྭའི་ཁོར་ཡུག་》ཞེས་པའི་རྩོམ་ཡིག་ཞིག་འབྲི་དགོས་ཚེ་དགེ་རྒན་གྱིས་སློབ་མ་རྣམས་མཐོང་རྒྱ་ཆེས་ཡངས་བའི་སློབ་གྲྭའི་ལུས་རྩལ་ཐང་ལྟ་བུ་ཞིག་ཏུ་འཁྲིད་ཏེ་ཁོ་ཚོས་གང་མཐོང་ཇི་ལྟ་བ་བཞིན་ཡུལ་ལྗོངས་བཀོད་འབྲི་བྱེད་དུ་བཅུག་ཚེ་དེ་ནི་ནད་ཐོག་སྨན་འཁེལ་དང་རྣག་ཐོག་གཙག་འཁེལ་མ་ཡིན་ནམ།  ང་ཚོས་བསམ་བཞིན་བསམ་བཞིན་འབྲི་བཞིན་འབྲི་བཞིན་ལག་ལེན་དངོས་ནང་བཞུགས་ན་ལག་ལེན་དངོས་ལས་ཐོབ་པའི་འབྲས་བུ་དེ་ནི་རྩོམ་ཡིག་གི་འབྲས་བུ་རེད།  དེ་ཡང་རྩོམ་ཡིག་ནི་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ཟེར་བ་དེ་མིན་ན་ཅི།  སྙན་ངག་ཞིག་ཡིན་ན་ཡང་དེ་ལྟར་ལག་ལེན་དངོས་ནང་སྐྱོར་སྦྱངས་དང་གྱེར་འདོན་སོགས་ཀྱི་བྱེད་སྒོ་སྤེལ་ན་དེ་ནི་སློབ་གྲྭ་ཙམ་མ་ཟད་ཕྱི་རོལ་ཡུལ་ལ་ཡང་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་སྲིད་སྙམ་མོ།  །
གཉིས་པ།   དགེ་རྒན་གྱི་མཐོང་རྒྱ་ཐོས་རྒྱ་ལས་སློབ་མའི་བོད་ཡིག་སྦྱངས་སེམས་ཤུགས་ཆེ་རུ་གཏོང་དགོས་པ།
   དེ་ཡང་དགེ་བའི་བཤེས་གཉེན་ནི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་མུན་སེལ་སྒྲོན་མེ་ལྟ་བུའོ།  གལ་ཏེ་སྒྲོན་མེ་དེ་ཤི་སོང་ན་སློབ་མ་རྣམས་མི་གསལ་བར་འགྱུར།  གལ་ཏེ་སྒྲོན་མེའི་འོད་མདངས་དེ་གསལ་པོ་དེ་ཙམ་མི་སྣང་ཚེ།  སློབ་མ་རྣམས་ནམ་ཡང་རབ་རིབ་ངང་གནས་རྒྱུ་ཉག་གཅིག་རེད།   ལྷག་པར་དུ་བོད་ཡིག་ཁྲིད་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་གི་ངོས་ནས་བརྗོད་ན་དེ་བས་རང་ཉིད་ཀྱི་བྱ་སྤྱོད་གཏམ་གསུམ་ལ་ཡིད་འཇོག་བྱེད་དགོས་པ་ནིགཙིགས་ཆེ།  དེ་ཡང་ གང་ཞིག་གསེར་གྱི་རི་ལ་བརྟེན་བྱས་ན་དེར་གནས་འདབ་ཆགས་ཐམས་ཅད་གསེར་ལ་འགྱུར་བ་བཞིན་སློབ་མ་ཞིག་གི་དགེ་རྒན་ལ་གདེང་འཇོག་བྱེད་སྐབས་ཐོག་མར་དགེ་རྒན་དེའི་རིག་གནས་ཆུ་ཚད་ལ་བལྟ་བ་ཡིན།  དེ་ནི་རིག་གནས་ཆུ་ཚད་དག་ལས་བྱ་སྤྱོད་དག་ངམ་ཤུགས་སུ་མངོན་ཡོང་བས་སོ།  མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་དུས་འདིར་བོད་སྐད་ཡིག་སློབ་ཁྲིད་ལས་ལ་གཞོལ་མཁན་གྱི་དགེ་རྒན་ཞིག་ཡིན་ཚེ་ཤེས་བྱའི་སྣ་གྲངས་མང་ཙམ་ཤེས་དགོས།  དེ་ཡང་སློབ་མའི་ངོས་ནས་བཤད་ན་དགེ་རྒན་གྱི་ཤེས་བྱའི་སྣ་གྲངས་དེ་དག་དགོས་གལ་གྱི་ཡང་རླུང་ལྟར་ཧ་ཅང་མཁོ་བར་འགྱུར།  དཔེར་ན། “པན་ཆེན་རིན་པོ་ཆེས་མགར་བ་རྡོ་རྗེ་དང་ཕྱག་གཏོང་གནང་མཛད་”ཅེས་པའི་དུམ་བུ་འདི་ལས་“མགར་བ་་”ཞེས་པའི་ཚིག་དེ་འགྲེལ་དགོས་པའི་དབང་དུ་བཏང་ན་ཐད་ཀར་བོད་ན་སྐྱེས་ས་མཐོ་དམན་ཀྱི་དབྱེ་བ་མེད་ཅེས་བརྗོད་ཀྱང་སློབ་མས་ཡིད་ག་ལ་ཆེས། དེ་ནི་ཁོ་ཚོས་རྣམ་ཀུན་འཚོ་བའི་ནང་མང་དུ་ཐོས་པས་སོ།  གལ་ཏེ་དགེ་རྒན་དེ་ཕྱིའི་རིག་གནས་ལ་བྱང་ཆ་ཡོད་པ་ཞིག་ཡིན་ཚེ་ཁུངས་དང་རིགས་པས་བོད་ཀྱི་སྐྱེས་ས་མཐོ་དམན་དེ་རྒྱ་གར་བྲམ་ཟེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའམ་ཡང་ན་བོད་མིའི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་ཁྲོད་ཇི་ལྟར་བྱུང་ལུགས་སོགས་སློབ་མར་དྲངས་ཆོག་ལ།  དེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དངོས་སུ་རྒྱ་གར་དུ་རིག་པའི་བྲམ་ཟེའི་སྐོར་གྱི་གནས་ཚུལ་འགའ་ཡང་གསུང་ཐུབ་ངེས་རེད།   ད་དུང་ང་ཚོས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་《ལང་ཚོའི་རྦབ་ཆུ་》སློབ་ཁྲིད་བྱེད་སྐབས་རྒན་ལགས་ཀྱིས་ཞོར་དུ་ཁོང་གིས་བརྩམས་པའི་བརྩམས་སྒྲུང་རེ་གཉིས་ནང་དོན་ཕྱོགས་བསྡུས་ཀྱིས་སློབ་མ་ཚོར་ཤོད་ཐུབ་ཚེ་སློབ་མ་རྣམས་དེ་བས་བོད་སྐད་ཡིག་ལ་སྣང་ཆེན་དང་རྩོམ་པ་པོར་དད་གུས་ཡིད་འགུགས་ཀྱི་ནུས་པ་བཅས་ཐོན་ངེས་རེད་སྙམ།  དང་འདོད་ཧ་ཅང་ཆེ་བའི་སྤྱི་ཚོགས་འདི་ན་ སློབ་མ་ཞིག་བོད་ཡིག་སློབ་ཚན་དེར་དགའ་ཞེན་དང་དད་པ་སྦྱངས་འདོད་ཀྱི་བློ་ཡོད་མེད་ཐད་ཀར་དགེ་བའི་བཤེས་གཉེན་ཀྱི་རིག་གནས་ཡོན་ཚད་དང་མཐུན་སྡུར་དུ་གྲུབཔ་ནི་སྨོས་མི་དགོས།
གསུམ་པ།   བོད་ཀྱི་གྲགས་ཅན་ལོ་རྒྱུས་མི་སྣའི་མཛད་པ་གླེང་སྟེ་སློབ་མའི་བོད་ཡིག་ཆུ་ཚད་མཐོར་འདེགས་གཏོང་དགོས་པ།
 དེ་ཡང་གངས་ཅན་མེས་པོ་སམ་བྷོ་ཊ་མེད་ན་འ་ཅག་མི་རིགས་འདི་ནམ་ཡང་མུན་ཁུང་ནང་འཚོ་དགོས་པ་ངེས་གཏན་རེད།  དེ་ཡང་དེ་སྔའི་སུའུ་ལེན་གྲགས་ཅན་རྩོམ་པ་པོ་ཀའོ་འར་ཅི་ཡིས་འདི་ལྟར་གསུངས་མྱོང་ “ མི་རིགས་ཞིག་གི་སྲོག་རྩ་ནི་མི་རིགས་དེའི་སྐད་ཡིག་རེད། སྲོག་རྩ་དེ་ཆད་ཚེ་མི་རིགས་དེ་འཆི་སོང་བ་རེད་ ” ངོ་མ་ཡང་འདི་ལྟར་སྙམ་ཏེ་ང་ཚོས་མེས་པོ་དེ་དག་གི་མཛད་རྗེས་ཕྱི་རབས་པ་ཚོར་སྒྲོག་སྦྱངས་བྱེད་མི་ཐུབ་ཚེ་ཁོ་ཚོ་ནམ་ཡང་རྨོངས་གཉིད་ལས་མི་བསད་པར་མི་རིགས་གཞན་གྱི་སྐད་ཡིག་ཕ་ནོར་ལྟ་བུར་བརྩིས་ཏེ་སྡོད་རྒྱུ་ལས་མ་མཆིས།  ལྷག་པར་རང་མི་རིགས་མངའ་ཁོངས་ན་སློབ་གསོའི་ལམ་ཆེན་ཐོག་ཕྱག་ལས་གནང་མཁན་གྱི་ལས་དོན་པ་ཞིག་ཡིན་ཚེ་དེ་བས་མཐོང་ཆེན་གནང་རྒྱུ་གལ་ཆེ།  དམའ་འབྲིང་སློབ་མ་ནི་ལོ་ཚོད་ཆེ་མིན་ཆུང་མིན་གྱི་དོན་གོ་ཐུབ་པའི་བོད་རིགས་རྐང་འཛིན་པ་ཤ་སྟག་རེད། ཁོ་ཚོའི་ཆབ་སྲིད་ལམ་ཕྱོགས་བརྟན་པོ་ཡིན་པའི་རྨང་གཞིའི་ཐོག་མི་རིགས་འདིའི་སྐད་ཡིག་ལ་མཐོང་ཆེན་བྱེད་མཁན་གྱི་རྗེས་རབས་པ་ཞིག་ཆགས་ཆེད་ང་ཚོ་དགེ་བའི་བཤེས་གཉེན་མི་རེ་ངོ་རེས་རྣམ་པ་ཙམ་མིན་པར་དོན་དངོས་ནས་འགོ་བརྩམས་སྟེ་བོད་ཀྱི་མེས་པོ་རླབས་ཆེན་འགའི་མཛད་པ་ནམ་ཡང་ཁོ་ཚོའི་བློ་ལ་འཇགས་ཐུབ་པ་བྱེད་རྒྱུ་ནི་དོར་ཐབས་མེད་པའི་འགན་འཁྲི་ལྕི་མོ་ཞིག་རེད་ཨང༌། དཔེར་ན།  བོད་ཡུལ་མུན་པའི་གླིང་དུ་ཤེས་རིག་གི་སྒྲོན་མེ་བཏེགས་མཁན་ཏེ་དྲིན་ཆེན་སློབ་དཔོན་ཐོན་མིའི་མཛད་པ་དང༌།  རེབ་གོང་གསེར་མོ་ལྗོངས་ནས་རྒྱལ་ཁམས་ཕྱོགས་མེད་འགྲིམས་མཁན་ཏེ་རྣམ་དཔྱོད་རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མཛད་པ།  ད་དུང་མདོ་སྨད་དགུ་འགྱུར་རོང་ནས་མདུན་སྐྱོད་ལང་ཚོ་རྫོགས་པའི་བོད་ཀྱི་རྩོམ་རིག་གསར་པའི་དེད་དཔོན་ཏེ་སྐུ་ཞབས་དོན་གྲུབ་རྒྱལ་སོགས་མཁས་པའི་མཛད་པ་སློབ་མའི་སེམས་ལ་རྡོ་བརྐོས་རི་མོ་ཇི་བཞིན་ཡོད་པར་བྱས་ཏེ་སློབ་མ་རྣམས་ཀྱིས་རང་མི་རིགས་འདི་ཡང་མི་རིགས་གཞན་དང་འདྲ་བར་ཕུན་སུམ་ཚོགས་པའི་རིག་གནས་དང་རིག་གནས་ལ་བྱང་ཆ་ལྡན་པའི་མཁས་དབང་ཡོད་པར་རྟོགས་སུ་བཅུག་དགོས།   དེ་ལྟར་ཤེས་སོང་ན་ཁོ་ཚོས་དེ་ལས་ལྷག་པའི་སྒོ་ནས་བོད་སྐད་ཡིག་ལ་མཐོང་ཆེན་དང་ངར་ཤུགས་ཀྱིས་མ་སྐད་དེ་རང་གི་བླ་སྲོག་ལྟ་བུར་བརྩིས་ཏེ་མི་རིགས་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་གསར་པ་ཞིག་ཀྱང་སྟེར་སྲིད།  དགེ་བའི་བཤེས་གཉེན་ཞིག་གིས་དེ་ལྟ་བུའི་སློབ་བུ་ཞིག་གསོ་སྐྱོང་ཐུབ་ཚེ་ཁྱེད་ནི་མི་རིགས་ལ་འགན་ཁུར་ཞིང་མི་རིགས་ཀྱི་རིག་གནས་ཨང་དང་པོར་འཇོག་མཁན་གྱི་སློབ་མའི་མིག་དཔེ་བཟང་པོ་ཞིག་དང་སྤྱི་ཚོགས་ཀྱི་དཔེ་བཟང་མི་སྣ་ཞིག  དུས་རབས་ཀྱི་སྔོན་བསྐྱོད་པ་ཕུལ་བྱུང་ཞིག་ཡིན་པ་ནི་གདོན་མི་ཟའོ།
     མདོར་ན།  དེང་གི་དུས་འདི་བོད་སྐད་ཡིག་ལ་མཚོན་ན་ཧ་ཅང་ཉེན་ཁ་ཆེ་བའི་དུས་ཞིག་རེད་སྙམ།  ཐ་ན་ཆེས་བབས་ཆགས་པའི་ཞིང་པས་ཀྱང་ཁ་པར་ཨང་གྲངས་དག་མི་རིགས་གཞན་གྱི་སྐད་ཡིག་ནས་བརྗོད་ལ།  གང་ས་གང་དུ་ར་མ་ལུག་སྐད་ཀྱིས་སྨུག་ཞག་འཁོར་བའི་དུས་འདིར།  ང་ཚོ་སློབ་གསོའི་སྔོན་སྐྱོད་པ་འགའ་ཡིས་རིག་པ་དམ་དུ་སྒྲིམ་ཏེ་ཆེས་ཡ་ང་བའི་རང་མི་རིགས་ཀྱི་སྐད་ཡིག་དེར་ཞབས་འདེགས་ཧུར་ཐག་གིས་སློབ་བུ་མང་ཙམ་ལམ་དེའི་ཐོག་ཁྲིད་ཐུབ་པ་དང་ཁྲིད་པ་དག་རྐང་ཆག་དང་རྣ་རལ་སོགས་མིན་པ་ཁས་ལེན་གྱིས་སློབ་མའི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་ཆེད་བླ་ལྷག་གི་ནུས་པ་ཞིག་འདོན་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཇི་ལྟར་བྱས་ན་ད་གཟོད་དམའ་འབྲིང་སློབ་མའི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་ཐུབ།

2013-05-10 བཀྲ་ཤིས་བསྟན་པ།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།