ཚ་བ་མདའ་སྨྱུག་གི་དགག་ལན་བསྡུས་གྲྭའི་མེ་སྟག་ལས་ཚད་མའི་སྐོར།

ཐང་དགོན་མཁས་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-21

  ད་ནི་ཁོ་བོས་ཚེ་སྔོན་ལས་ཀྱི་བསྐོས་ཤིང་ཚེ་འདིར་རྐྱེན་གྱིས་བསྒྱུར་བའི། ཤོག་ཐོག་གི་རྩོད་ཟླ་ཚྭ་སྒང་བློ་གྲོས་དཔལ་ལྡན་ལ། འདྲི་བ་འདི་ལྟ་ཞིག་ཞུ་བར་འདོད་དེ།《ཚད་མའི་ལུགས་ལ་དཔྱད་སྐབས་》གསུང་རབ་གང་དུ་ཡང་ཚད་མ་ཚད་མིན་གྱི་རྣམ་བཞག་སོགས་གསལ་བོར་མ་གསུངས་ཟེར། མ་གསུངས་ན་གསལ་མི་གསལ་གླེང་ས་མེད་པས་མི་གསལ་བ་ཞིག་གསུངས་བ་ཤུགས་ལ་གྲུབ་པས།ཁུངས་སུ་མི་འགྲོ་ཟེར་ཡང་འགྲོ་བ་ཁྱོད་ཀྱིས་བསྒྲུབས་སོ།།གཞན་ཡང་ཁྱོད་ཀྱིས་གསུང་རབ་མ་ལུས་པ་གཟིགས་ནས་གསུངས་སམ། ཡིན་རྒྱུ་བྱས་པ་ཡིན་འདྲི་བ་ཙམ་ཡིན།རིག་གཞུང་འདི་ཐོག་མར་མི་སྟེགས་རིག་པ་ཅན་པའི་ཁྲོད་དུ་རང་རྐྱ་ཐུབ་ཚུལ་དང། ཕྱིས་སུ་སངས་རྒྱས་པའི་ཟུར་དུ་ཕྱེས་པར་དོན་ལ་གནས་སོ་སྙམ་ཡང།  སྙམ་པའི་རྒྱུ་མཚན་མེད་པ་འདི་ཅི་ཡིན།   སྐྱེ་བ་སྔ་ཕྱི་མེད་པ་ཙམ་གྱིས་ཆོས་ལུགས་ཕལ་མོ་ཆེ་ཚར་འགྲོ་བ་དེ། ཁྱོད་ཀྱིས་སྨོན་བ་ཙམ་མི་ཆོག་པ་ག་ལ་ཡོད། འོན་ཀྱང་ཆོས་ལུགས་ཕལ་མོ་ཆེའི་དམིགས་ཡུལ་ཐར་གཏུགས་དེ། སེམས་ཅན་ཀུན་ནང་སེམས་ཀྱི་བདེ་ཐབས་འབད་པ་ཡིན་པས། ཇི་སྲིད་མི་རྣམས་སེམས་སྐྱིད་འདོད་པ་དེ་སྲིད་དུ་དར་ཤིང་རྒྱས་པ། ནུབ་ཕྱོགས་ཀྱི་བཙན་ཕྱུག་ང་ཡིན་ཟེར་མཁན་ཚོ་ཡང།ནང་ཆོས་ལ་གཤིན་པོ་ཆོས་ཕྲད་པ་ལྟར་བྱེད་པ་འདིས་ཀྱང་དཔོག་ནུས། དེས་ན་བོད་གཞོན་བསམ་བློ་བ་གྱན་སངས་རྒྱས་དོན་གྲུབ་ཀྱིས་《དགག་སྒྲུབ་ཀྱི་སྙིང་སྟོབས་》སུ་དགོས་དབང་ཆེན་པོ་གསུམ་གྱིས་ཆོས་ལུགས་ཡུན་གནས་ཡོད་པའི་ཚོད་དཔགས་དང། སེམས་ངལ་བྱས་ཡོད། རྒྱང་འཕེན་གྲུབ་མཐའ་དྲང་སྲོང་ཕུར་བུས་ལྷ་ཡུལ་དུ་སྤེལ་ཚུལ་བཤད་ཀྱང། ལྷ་ཡུལ་དུ་སྤེལ་ཚུལ་གཞུང་འགའ་ཨྭཞིག་ བཤད་སྲིད་ཀྱང་ཡང་དག་མིན་ཐ་ཚོམ་ཡིན་ཏེ། ཐུན་ཀན། ལྕང་སྐྱ། དུང་དཀར། གྲུབ་མཐའ་སོགས་སུ། ལྷ་ཡི་བླ་མའམ། འཇིག་རྟེན་མིག་གིས། མ་འམ་སྲིང་མོ་ལ་འཁྲིག་ཕྱིར་སྤེལ་བ་གསུངས་པས་སོ། ། རྣམ་སྨིན་ཁས་ལེན་མིན་ལ་རག་ལས་མིན་དུས་ཀྱིས་བསྐལ་བས་སུས་ཀྱང་ཐག་མི་ཆོད། དེས་ན་དྲང་པོ་མིན་ཞེས་གསལ་སྟོན་བྱས་པ་ཁོ་ནའོ་ཟེར་བ་དེ་རྒྱུ་མཚན་ཅི་ཡང་མི་འདུག། ད་ནི་ཚིག་ཉོབ་བསྐྱུར་ཏེ་དོན་དུ་ཕབས་ན། མེ་ཇི་ཙམ་འབར་ཡང་དུ་པ་དེ་ཙམ་འཕྱུར་མི་དགོས་ཞེས་པའི་རིགས་པ་དེ་ཚ་སེ་བྱུང་མོད། དུ་པའི་རྒྱུ་མེ་ཁོ་ན་མ་ཡིན་པར་ཤེས་ན་ཁྱེད་ཀྱི་ཐལ་འགྱུར་དེ་ཐེ་ཚོམ་ཟ་འོང། ལུས་སེམས་བདག་ཉིད་གཅིག་རུང་འདུ་བྲལ་མེད་པས་མ་ཁྱབ་པ་ནི་ལྕགས་གོང་དང་དེའི་དམར་འབར་བ་ནང་བཞིནརེད་ཟེར།  དེའི་ཞེས་པའི་སྐབས་ཀྱི་འབྲེལ་སྒྲ་དེ་གཞི་མཐུན་གྱི་དྲུག་སྒྲ་ཡིན་ན་ནི།། བུམ་པ་དང་དེའི་མི་རྟག་པ་བཞིན་འདུ་བྲལ་མེད་པས་ལོས་ཁྱབ། སྤྱི་བྱེ་བྲག་ལ་ཟེར་ན།
     དངོས་པོ་བུམ་པའི་བདག་ཉིད་ཡིན་པ་འདོད་མཁན་དང་། ལྕགས་གོང་དེ་དམར་འབར་བའི་ལྕགས་གོང་གི་བདག་ཉིད་ཡིན་ཟེར་མཁན་ནི་སུ་ཞིག་མེད་ཀྱང་ །དམར་འབར་བའི་ལྕགས་གོང་ལ་ལྕགས་གོང་གནས་ལོས་དགོས། ། དེས་ན་ལུས་དེ་སེམས་ཀྱི་བདག་ཉིད་ཡིན་ན། སེམས་རྗེས་སུ་ལུས་འགྲོ་མི་དགོས་ཡང་ལུས་རྗེས་སུ་སེམས་འགྲོ་བར་ཤེས་པར་གྱིས་ལ་སྤྱི་བྱེ་བྲག་གི་འགྲོ་ལྡོག་ལ་མགོ་ཚོས་པར་གྱིས་ཤིགཆང་མ་མཐུང་བར་དུ་མྱོས་པའི་ནུས་པ་ཧ་མི་གོ་ཡང་འཐུང་ནས་ཧ་གོ་བ་དེ་ཡོན་ཏན་མཐོང་པ་ཡིན་གྱི་མཐོང་ན་མིག་གིས་མཐོང་དགོས་བ་ནི་གང་དུ་ཡང་མ་གསུངས་པས་རྣམ་པ་ཐམས་ཅད་དུ་གཅིག་གྱུར་དུ་བསྡད་ཡོད།   གསོན་ལུས་ སེམས་ཀྱི་རྒྱུ་ཚོགས་གྲངས་ཚང་ཡིན་སྲིད་ཀྱང་དབུགས་དང་དྲོད།སྲོག་བཅས་ཡོད་ཚད་སོང་ཟིན་པའེ་རོ་ཐོག་ཏུ་བསམ་བློ་རང་འཇག་ལོག་ འོང་བའི་ངེས་པ་ག་ལ་ཡོད་ཟེར་བ་ནི།  དབུགས་དང་། དྲོད།སྲོག་བཅས་རྒྱུ་ཡི་ཁུངས་སུ་འཇོག་གམ་འབྲས་བུའི་ཁུངས་སུ་འཇོག། དང་པོ་ལྟར་ན་རྒྱུ་ཚོགས་དྲང་མ་ཚང་བས་སེམས་མི་ལོག་ལ།གཉིས་པ་ལྟར་ན་སོང་ཟིན་མ་ཟིན་བསྒྲུབ་བྱ་ཡིན་པས། སོང་ཟིན་པ་གཞིར་བཞག་བྱས་ནས་སྨྲས་ནི་བོང་བུ་སྔོན་དང། ས་ལམ་རྗེས་ཡིན།  དབྱིན་ཇིའི་སྐྱེ་དངོས་རིག་པ ”རྡར་ཝུན” གྱིས་ཡང་སྲིད་རིང་ལུགས་འདི་ཡང་རྩ་འཛིན་བྱེད་ས་ཡག་པོ་ཞིག་མེད་པེ་བརྡ་ལན་གསར་པོ་སྤྲད་ཡོད་ཟེར་བ་དེ། མདོར་བསྡུས་ན་འདུ་ཤེས་ཐམས་ཅད་ཀླད་པའི་ནུས་པར་བཤད་པ་ལ་བརྟེན་ནས། ཤེས་པ་གསལ་རིག་གི་ཆ་ལ་དོགས་པ་ཡོད་པ་འདྲ། དབང་རྩ་ཚན་རིག་པས་ཀླད་པ་ཆས་ཤས་གཞི་(Cerebnum)སོགས་དང་པོ་ཡང་(Frontal Lobe)སོགས་ནང་གསེས་བཞི། ཆ་ཤས་གསུམ་པ་ལ་ནང་ཚན་གཉིས་སོགས་ཞིབ་པར་འབྲི་མི་དགོས་ཏེ་གཞན་ལས་ཤེས་པར་བྱོས། དེ་རྣམས་ཀྱི་ནང་ནས་ཆ་ཤས་དང་པོའི་དུམ་བུ་གསུམ་པ་(Occipital Lobe)ཡིས་མིག་ཤེས་ཀྱིས་ཡུལ་རྟོགས་པ་དང་སོ་སོར་ངོས་འཛིན་པའི་ལས་ཀ་བྱེད་ཟེར། རས་དམར་པོ་གྲུ་བཞི་མཐོང་བཞིན་པའི་མི་ཞིག་གི་ཀླད་པ་ལ་བརྟག་ཚེ་ཀླད་གནས་དེ་གཡོ་འགུལ་བྱེད་པས་གཟུགས་སོགས་མཐོང་བ་ཐག་གཅོད་ནུས་ན་ཡང་། མདོག་དབྱིབས་སོགས་གང་འདྲ་མཐོང་མིན་ཀླད་པ་རང་སྟེང་ནས་ནས་འགྲེལ་ནུས་སམ། ཁ་དོག་དང་དབྱིབས་སྣ་ཚོགས་ངོས་འཛིན་པའི་ཀླད་པ་སོ་སོ་ནས་ཡོད་ན། དབྱིབས་མ་མཐོང་ན། ཁ་དོག་མི་མཐོང་བ་དང། སྔོན་པོ་མི་གསལ་ན་སེར་པོ་མི་གསལ་བར་གྱུར་འགྲོ་བ་ཅི་ཡི་ལན།དེ་གཉིས་གཅིག་པ་ཡིན་ན་སྔོ་སེར་དུས་མཉམ་དུ་འཛིན་ཚུལ་གང་ཡིན་ནམ། སྡུག་བསྔལ་གྱི་ཀླད་པ་ལོགས་སུ་ཡོད་ན་དེ་སྨན་རྫས་ཀྱིས་ཉམས་པར་བྱས་ནས་མ་ཤི་ཐར་བ་ཐོབ་མི་འདོད་མཁན་སུ་ཞིག་ཡོད། དེས་ན་སྲོག་མི་འཚོ་ཟེར་ན། ཕྱི་སྒོ་ལྔའི་དབང་པོ་ཉམས་ཀྱང་སྲོག་མི་ཆད་མོད། ནང་རྣམ་རྟོག་གི་དབང་རྩ་སྲོག་དང་འབྲེལ་བ་དེ་ཙམ་ཆེ་བ་ང་ཚོའི་བློ་ཡུལ་ལ་འཆར་དཀའ་བའི་གསང་བ་ཞིག་ཡོད་པ་མ་རེད་དམ། གཞན་ཡང་ཁྱོད་ཀྱིས་འོག་ཏུ་དམིགས་གསལ་ཅན་གྱི་མི་རེ་གཉིས་ཀླད་ཆེན་མེད་ཀྱང་ཆོག་ཅེས་ཟེར་འདུག་པས། ཆོག་ཆན་སྤྲོད་མཁན་མེད་ཀྱང་འདུ་ཤེས་ཀླད་ཆེན་གྱི་རྣམ་འགྱུར་ལ་ཤི་འཇུ་རོ་འཐམ་བྱེད་མཁན་ཚོར་གཟུ་བོར་གནས་དགོས་པའི་རྡ་ལན་སྤྲད་པ་རེད། དེས་ནི་རྣམ་ཤེས་ཀྱི་དབང་ལ་བསྙོན་འབྱིན་ཡོད་ཟེར་པ་ཡང་བསམ་ཚད་འཁོ་ཚད་བཤད་པ་ལས་མ་འདས་སོ། དཔལ་ལྡན་ཆོས་གྲགས་དང་། མཁན་ཆེན་ཞི་ཚོ། སློབ་དཔོན་དཔའ་བོ་གསུམ་གྱིས་སྐྱེ་སྲིད་སྒྲུབ་བྱེད་ཀྱི་རིག་པ་ཁྱབ་འབྲེལ་ངེས་པ་མེད་ཟེར་བ་དེ། བུམ་པ་ཡིན་ན་རང་གི་ཉེར་ལེན་གྱུར་བའི་བུམ་པ་སྔོན་དུ་སོང་བས་མ་ཁྱབ་པ་ལྟ་བུ་ལ་དགོངས་པ་ཡིན་ན་བློ་རྒྱ་ཆུང་ཐག་ཆོད་པ་ཡིན་ཏེ། དེ་འདྲ་དོགས་པ་བྱེད་མཁན་འཇིག་རྟེན་ཨ་མ་རྒན་མོ་ལ་ཡང་ཡོད་ཚོད་མེད་ལ། གཟུགས་ཡིན་ན་རང་གི་ཉེར་ལེན་དུ་གྱུར་བའི་གཟུགས་སྔོན་དུ་སོང་བས་མ་ཁྱབ་ཟེར་བ་ནི། འཛམ་གླིང་མཁས་དགུ་ཕྱོགས་གཅིག་ཏུ་ལང་ཡང་། ཕོད་དཀའ་བའི་ཚོད་དུ་སླེབས་ཡོད་པས། ཁྱོད་ཀྱི་སྡིག་པ་མིག་ཙུམ་ལས་མ་འདས། རྨི་ལམ་ནང་ནས་རྗེས་ཕྱོགས་ཀྱི་དོན་སྔོན་དཔག་བྱེད་པ་བཞིན་སྐྱེ་བ་དྲན་པ་ཡང་དེ་འདྲ་ཡིན་ཤས་ཆེ་ཟེར་མོད། ཚེ་སྔ་མའི་ཕ་མ་ཉེ་འབྲེལ་ཀུན་གསལ་གསལ་ཐིང་ཐིང་ཤེས་མཁན་རྣམས་དེ་འདྲ་བའི་ཕ་མ་ཉེ་འབྲེལ་རྗེས་ནས་འབྱུང་འགྱུར་ལ་མངོན་དཔག་བྱས་པ་ཡིན་ནམ་སྙམ་མཁན་ནི་རིག་པའི་དཔའ་བོར་གྲགས་པ་ཁྱེད་ཕལ་བཞག་མི་ཕལ་སུ་ཡིན་ཡང་ཀླད་པ་རྟག་དཔྱད་བྱེད་དུ་འཁྲིད་པ་ལས། ཐལ་འགྱུར་རེ་གཉིས་ཤིག་འཕངས་པའི་ཕན་མི་ཐོག་མོད། མིང་དེ་དང་འདྲ་བའི་འབྱུང་འགྱུར་མངོན་དཔག་བྱས་པ་ཡིན་ན། ཚེ་འདིའི་ཕ་མ་ཉེ་འབྲེལ་ཡོད་ཚད་མ་འོངས་པར་མིང་དང་གདོང་ལྤགས་བརྗེ་འགྲོ་བ་མངོན་ཤེས་ཀྱིས་མཁྱེན་པ་མིན་ན། སྐྱེ་བ་ཕྱི་མ་ཁས་བླངས་དགོས་ཏེ་སྐྱེ་བ་ཕྱི་མའི་ཕ་མ་དག་ཁས་བླངས་པས་སོ། འཇིག་རྟེན་རྒད་པོའི་ཡ་རབ་ཀྱི་གཏམ་དེ་དཔྱད་གསུམ་གྱིས་དག་ཟེར་བ་དེ་ཁོ་བོའི་བློ་ལ་ཤིན་ཏུ་བབས་ཏེ། དེ་ལྟར་མ་ཡིན་ན་ཁྱོད་རང་གི་ཕ་མ་ངོ་མ་སུ་ཡིན་མི་ཤེས་ལ། ཐ་ན་རང་ཉིད་བུ་ཡིན་དང་བུ་མོ་ཡིན་མི་ཡིན་དང་དུད་འགྲོ་ཡིན་མི་ཤེས་པར་འགྱུར་ལ་འདི་དག་གི་དབྱེ་བ་ནི་ཀ་ཁ་མ་ཤེས་གོང་འཇིག་རྟེན་རྒད་པོས་འུ་ཅག་ལ་སླབས་པས་སོ། དེས་ཕྱིར་ཁོ་བོས་སོ་སྐྱེ་ང་ལྟ་བུས་དངོས་པོ་ཞིག་ལ་མཛུབ་མོ་འཛུགས་ཏེ་འདི་བུམ་པ་རེད་ཅེས་ཐག་གཅོད་བྱེད་ཀྱི་ཚད་མ་ཡོད་ཟེར་མཁན་དེས་སྐྱག་རྫུན་ནམ་མཁར་མི་ཤོང་བར་བཤད་པ་ཁས་ལེན་བཞིན་ཡོད། འོན་ཀྱང་སངས་རྒྱས་བཀའ་དང་དེ་གཉིས་ཡུལ་གྱི་ཆ་ནས་ནམ་མཁའ་དང་ལག་མཐིལ་གྱི་ཁྱད་པར་ཡོད་དེ། འདིའི་དཔྱད་ཡུལ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། མི་ལ་རས་པ་ཟྭ་བོ་ཁོ་ནའི་མི་ཚེ་བསྐྱལ་བ་དང།  མའོ་ཙེ་ཏུང་དམར་དམག་རྒྱང་བསྐྱོད་ཀྱི་ལས་འགུལ་སྤེལ་བ་གཉི་ག་གྲུབ་འབྲས་ཐོབ་ཕྱིར་འབད་པ་གཅིག་མཚུངས་ཡིན་ཡང། དམིགས་ཡུལ་རྒྱང་རིང་ཐུང་དང་། སྒྲུབ་བྱེད་ཀྱི་ཐབས། ཐོབ་བྱའི་འབྲས་བུ་གང་གི་ཆ་ནས་ཡང་ཤར་ནུབ་གོ་ལྡོག་པས་ཕྱིར་ལས་འབྲས་ཁས་ལེན་མིན་གྱི་ཐ་སྙད་བྱེད་ཀྱི། མའོ་ཡིས་ཁ་ལག་ཟོས་ན་གྲོ་གོག་རྒྱག་པ་ཁས་མི་ལེན་ཟེར་མཁན་ཡོད་ན་ནི་ཨ་རག་འཐུང་མང་བས་ཡིན་རྒྱུ་རེད། དཔྱད་གསུམ་གྱིས་དག་པའི་གཏམ་ལ་ཡིད་ཆེས་ཚད་རྨོངས་དད་ཡིན་ན། རང་རང་གི་ཕ་མ་ལ་ཕ་མར་ངོས་འཛིན་མཁན་ཀུན་རྨོང་དད་དུ་གྱུར་ཏེ། དངོས་སུམ་དང། དངོས་སྟོབས་གང་ཡང་སྒྲུབ་བྱེད་མེད་པའི་ཕྱིར། རང་གི་ཕ་མ་ཕ་མར་ཁས་མ་བླངས་ན་མ་གཏོགས་ཚན་རིག་པ་དང་ནང་པ་ཡོད་ཚད་རྨོངས་དད་ལ་མགོ་འབུལ་ལུས་འབུལ་ཞུས་ཚར་འདུག་པས། ད་ནི་ཁ་ཆེ་དང་སྣ་ཉག་གཉིས་གཅིག་ལས་གཅིག་རྩོག་པས་འཛུབ་མོ་སྟོན་རེས་བྱས་པ་ལས་རང་རང་གི་ཁྱིམ་ན་ཁ་རོག་གེར་བསྡད་ན་མི་ལེགས་སམ།
  ཁྱེད་རང་མུན་ནག་ནང་དུ་ལམ་ལ་ཞུགས་པ་དང། ཉི་མའི་གོང་དུ་ལམ་ལ་ཞུགས་པ་གཉིས་མདུན་དུ་གཡང་ས་མ་མཐོང་བ་འདྲ་ཡང། མུན་ནག་ནང་ཐེ་ཚོམས་དང་གཟབ་གཟབ་བྱེད་དགོས་ལ། ཉི་མའི་གོང་ཐེ་ཚོམ་མེད་པར་བསྐྱོད་ཆོག་པ་ལྟར། རི་བོང་གི་རྭ་དང་། ལས་འབྲས་ཕྲ་མོ་གཉིས་ང་ཚོས་མ་མཐོང་བ་འདྲ་ཡང་མ་མཐོང་ཚུལ་མི་འདྲ་པའི་ཁྱད་པར་ སྣང་རུང་མ་དམིགས་དང། མི་སྣང་མ་དམིགས་ཀྱི་ཁྱད་པར་ཤེས་ན་སྣང་དག་ཡོད་མ་རེད། འདི་ཙམ་གྱི་དབྱེ་བ་ཡང་མི་ཤེས་པར་ཚད་མའི་གཞུང་ལུགས་ནང་དུ་མགོ་རྒྱག་ནུས་པ་ཁམས་པའི་བུ་ཡིན་རིན་ཆོག་པ་འདུག  ཧ་ཧ་རྩེད་མོ་ཞུས་པ་ཡིན། ང་རང་ཡང་བསྡུས་གྲྭ་མ་གཏོགས་ལྟ་མ་མྱོང། རྣམ་སྨིན་འདི་ལ་ཟེར། ལྷ་ཡུལ་དང་དམྱལ་ཡུལ་མ་གཏོགས་སྐྱེ་ས་མེད་པ་ལྟར་བརྗོད་པ་འདི་འཇིག་རྟེན་རྒད་མོ་སེམས་བཟང་ཅན་གྱིེས་བུ་ཆུང་ལ་འཇིགས་སྣང་སྐུལ་བའི་བཤད་ཚུལ་ལས། རིགས་པ་སྨྲ་བས་གླེང་རིན་ཡོད་པའི་ཞིབ་ཆ་ཐོན་མི་འདུག་ལ། མྱོང་བ་རྒྱུ་མཐུན་ནི། ཚེ་འདིར་སྦྱིན་པ་བཏོང་བའི་འབྲས་བུ་སྒོར་མོ་སོགས་ཟང་ཟིང་གི་ཕྱུག་པོར་འགྱུར་ཞེས་པ་གསུངས་ཡོད་ན་ རིག་པའི་སྒྲུབ་བྱེད་དཀའ་ཟེར་བ་ནི་བདེན་པ་མངོན་མོད། གཏོང་སེམས་གོམས་སྟོབས་ཀྱིས་སེར་སྣ་ནུས་ཆུང་བྱེད་ལ། སེར་སྣ་མེད་པ་དེ་དོན་གྱི་ཕྱུག་པོ་ལ་དགོངས་པ་ཡིན་ན་ནི་མྱོང་བས་གྲུབ་པས་ལུང་རིག་གང་ཡང་མི་དགོས་སོ། བྱེད་པ་རྒྱུ་མཐུན་ཡང་བག་ཆགས་ཤིག་གོ་དགོས་པ་ལས། ཚེ་སྔོན་མར་ཟོས་ཚད་གཏུང་ཚད་ཚེ་རབ་ཀུན་ཏུ་རྗེད་རྒྱུ་མེད་པ་ཁ་ལ་ཐུག་པ་བཞིན་བསར་པ་གསར་རྐྱང་བྱེད་ནས་སྡོད་པ་ནི་གཞུང་གང་དུ་ཡང་མ་གསུངས་ལ།  བག་ཆགས་ཡོད་པ་ནི་མྱོང་བས་གྲུབ་སྟེ་ཚིག་རྐང་གཅིག་ཚར་གཉིས་གསུམ་སྐྱོར་པས་བློར་མི་ཟིན་ལ། ལན་མང་དུ་སྐྱོར་ཚེ་བློར་ཟིན་ལ་དེ་ཡང་ཚར་དང་པོ་རྣམས་ཀྱི་བག་ཆགས་ཙམ་ཡང་མེད་ན་གཉིས་པའི་བག་ཆགས་མེད་དགོས་པས། ལན་མང་སྐྱོར་པའི་ཕན་པ་ཡོད་མི་སྲིད་དོ། དེ་ཕྱིར་བག་ཆགས་ཕྲ་མོ་ང་ཚོས་ཐད་ཀར་རྟོགས་མི་ནུས་པ་ལས་ཡོད་པ་ནི་མྱོང་བས་དཔོག་ནུས་སོ། སྔོན་གྱི་ལས་ཡོད་ཀྱང་གནས་སྐབས་རྐྱེན་གྱིས་སྒྱུར་དགོས་པས། བྱིས་པའི་གནས་བབ་འཁོར་ཡུག་དང། སློབ་གསོ་ལ་རག་ལོས་ལས།སངས་རྒྱས་པས་རྒྱུ་རྐྱེན་གཉིས་རྟག་པར་མཉམ་དུ་སྨོས་པ་ཡང་རྒྱུ་མཚན་དེས་སོ།། སྣོད་བཅུད་དབྱེར་མེད་ཀྱི་ལྟ་བ་ཟེར་བ་ཁོ་བོས་མི་ཤེས་ཀྱང། མི་རྣམས་ཀྱིས་ཕན་ཚུན་བྱམས་བརྩེ་མཛའ་མཐུན་གྱིས་ནས། འདོད་ཆུང་ཆོག་ཤེས་དང་།དམག་འཁྲུག་རྐུ་འཕྲོག་མི་བྱེད་པ་དེ་བསོད་ནམས་གསོག་པ་ཞེས་བྱ་ལ། དེ་ལྟར་བྱས་པས་འཇིག་རྟེན་ཀུན་ལ་བདེ་སྐྱིད་བྱུང་ལ།དེ་ལས་ལྡོག་ན་རྙོག་གྲ་ལུང་པ་གང་བྱུང་བ་ཡང་མྱོང་བས་གྲུབ་པ་འདི་ག་ཡིན་ནོ།། ལོ་སྟོང་ཕྲག་སྔོན་གྱི་ཤིང་སྡོང་ཞིག་བློ་བུར་དུ་མེས་འཚིག་ནས་ཐལ་བར་གྱུར་བ་ལ་རིག་པས་བསལ་བ་མེད་ན། གོམས་པ་ཡུན་རིང་གིས་བསགས་པའི་སྡིག་སྒྲིབ་ཀྱང་དགེ་བ་སྟོབས་ཆེན་པོས་སྐད་གཅིག་གིས་ངོ་བོ་བསྒྱུར་བའམ། རིགས་འདྲའི་རྒྱུན་བཅད་པ་ལ་ནང་འགལ་ཡོད་དམ་སྙམ་པའི་ཐུགས་ཁྲལ་སྣང་དགོས་དོན་མེད།
        འདིའི་གོང་མ་གཟིགས་འདོད་ན་(ཞི་བདེའི་ཕྲིན་པ)ཞེས་པའི་ཁ་བྱང་ལ་ཕེབས་རོགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚ་བ་མདའ་སྨྱུག་གི་དགག་ལན་བསྡུས་གྲྭའི་མེ་སྟག་ལས་ཚད་མའི་སྐོར།

2013-01-21 ཐང་དགོན་མཁས་མཆོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།