བཙན་པོའི་དུས་སྐབས་ཀྱི་མགུར་ནས་སྲོལ་རྒྱུན་སྙན་ངག་གི་འགྱུར་ལྡོག་གི་སྐོར་གླེང་བ།

ཨ.ལྷ་མོ་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-03

  ༼བོད་ཀྱི་རྩོམ་རིག་ལོ་རྒྱུས༽ལས་གནའ་རབས་ཀྱི་མགུར་གླུ་ཞེས་པ་ནི་སྤུར་རྒྱལ་བཙན་པོའི་དུས་སྐབས་ཀྱི་རྗེ་བློན་རྣམས་ཀྱིས་བླངས་པའི་མགུར་ལ་བྱ་ཞིང་།དུས་ཡུན་གྱི་ཁྱབ་ཁོངས་ནི་སྤུ་དེ་གུང་རྒྱལ་ནས་གནམ་རི་སྲོང་བཙན་བར་ལ་ངོས་བཟུང་བ་ཡིན།ཞེས་གསུངས་ཡོད་པ་ལས།བོད་ཀྱིས་རྩོམ་རིག་གི་ལོ་རྒྱུས་རྒྱུན་ཇེ་རིང་དང་རྩོམ་རིག་གི་མགོ་ཁུངས་མི་རིགས་ཅན་དུ་བྱས་པ་རེད།བཙན་པོའི་དུས་སྐབས་ཀྱི་མགུར་ལ་ནང་དོན་རྒྱ་ཆེ་ཞིང་།རྩོམ་ལུགས་སྣ་མང་ལྡན་པས་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ལུས་ཀྱི་སྨྱུ་གུར་རྨང་བཏང་བ་རེད།
  བཙན་པོའི་དུས་སྐབས་ཀྱི་མགུར་གླུ་དག་ནི་ལོ་རྒྱུས་རྒྱབ་ལྗོངས་གསལ་བོ་ཡོད་པའི་ཁར། སྐབས་དེའི་ཆབ་སྲིད་ལོ་རྒྱུས་དང་འབྲེལ་ཆེ་བས་ན་བཙན་པོའི་དུས་ཀྱི་ཆབ་སྲིད་ལོ་རྒྱུས་ དང་དམག་དོན།སྐད་ཡིག་དང་གོམས་གཤིས་སོགས་ཀྱི་རིག་གནས་རྒྱུས་ལོན་ལ་དོན་སྙིང་གལ་ཆེན་ཡོད་པ་རེད།༼བོན་གྱི་མཛོད་སྒྲ་འགྲེལ༽ལས་རྒྱལ་བོ་གྲི་གུམ་བཙན་པོའི་སྐུ་དུས་གཤེན་ངག་ཚིག་གསུམ་མ་བྱུང་བར།རྒྱལ་བོས་བཀའ་མི་སྩོལ།བློན་པོས་གྲོས་མི་འཆའ།གཤེན་གླུ་དེང་གསུམ་མ་བླངས་པར།རྒྱལ་བོ་གླུ་བྲོ་ལ་མི་རོལ་ཞེས་པ་སོགས་ལས་སྤྱིར་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མིའི་རིགས་ཀྱི་ཀླད་པའི་ནང་ཚུར་སྣང་བའི་ཐོན་དངོས་ ཞིག་རེད།དེར་བརྟེན་བོད་ཀྱི་རྒྱལ་བློན་གཙོ་བྱས་པའི་དམངས་ཚོགས་ཀྱི་གདོད་མའི་དུས་སུ་མགུར་ཀྱི་རྣམ་པས་ཕན་ཚུན་བར་ལ་སྲིད་དོན་སོགས་གླེང་བའི་རྣམ་པ་ཁྱད་པར་བ་ཞིག་ ཡིན།ཁོ་ཚོས་ཐུན་མོང་གིས་གསར་དུ་བསྐྲུན་པའི་ངག་ཐོག་གི་སྙན་ངག་ཀྱང་ཡིན།ངག་ཐོག་གི་སྙན་ངག་དེ་དག་ནི་བོད་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་།དེས་གདོད་མའི་མི་རྣམས་ཀྱི་འདུ་ཤེས་དང་བསམ་བློ།དད་མོས་སོགས་མཚོན་ཡོད་པ་རེད།བོད་གདོད་མའི་ངག་ཐོག་གི་སྙན་ངག་འདི་ལྟ་བུར་དཔེ་དཔེ་ཅན་སོགས་བརྗོད་བྱ་སྟོན་ཚུལ་སྣ་མང་ལྡན་པས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་གཞུང་ལུགས་ཁ་ཇེ་གསལ་དང་གོ་བསྐོན་བློ་འགུག་གི་ཉམས་སྔར་ལས་ཐོན་པར་རམ་འདེགས་ཀྱི་ནུས་པ་གང་མང་འདོན་སྤེལ་བྱས་པ་རེད།དོན་འགྲུབ་རྒྱལ་གྱིས་༼མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས༽ལས།བོད་ཀྱི་མགུར་གླུ་དང་བོད་ཀྱི་སྙན་ངག་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅིང་།དེ་དག་ནི་ བོད་རང་གི་སྙན་ངག་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་ཞེས་པ་ལས་མགུར་གླུའི་སྙན་ངག་འཕེལ་རྒྱས་ཐད་ནུས་པ་གང་ལེགས་ཐོན་དང་ཐོན་བཞིན་པ་རྟོགས་ཐུབ༼བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་ངག་སྒྲོན༽ལས།སྐབས་དེའི་མགུར་གང་ཡིན་ཡང་ཚིག་ཉུང་ཞིང་ དོན་འདུས་པ་ཤ་སྟག་ཡིན་ལ།ཚིག་རྒྱན་དང་མངོན་བརྗོད་འཕྱོར་བའི་རིགས་ཀྱིས་བཅིངས་མེད་པར།སྐབས་སུ་བབ་པའི་བརྗོད་འདོད་ཀྱི་དོན་རྣམས་ཡུལ་དུས་ཀྱི་ཁྱད་ཆོས་མངོན་པར་ གསལ་བའི་དཔེ་གཅིག་གམ་དུ་མས་སྟོན་པ་དང་།བསྡུས་ཤིང་གབ་པ་ལ་སོགས་པའི་མཚོན་ཐབས་མང་བོ་སྤྱད་ནས་ཐོལ་བྱུང་དུ་བླངས་པ་ཡིན་པས།མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩོམ་རིག་གི་རྣམ་པ་ཞིག་ཅེས་པ་ལས་མགུར་གླུའི་བརྗོད་བྱ་སྟོན་པའི་ཐབས་ཚུལ་གྱི་ཆ་ནས་ཀྱང་སྤྱི་ཚོགས་ཀྱི་འཚོ་བ་དངོས་སྣང་བ་ཞིག་མཚོན་ཐུབ་པ་དང་།དེ་ལ་སྙན་ངག་གི་ཉམས་ཁྱད་པར་བ་རེ་ཡོད་པ་རྟོགས་ཐུབ།འདི་དག་ལས་བོད་རང་གི་སྙན་ངག་མེ་ལོང་མ་མ་དར་གོང་གི་སྙན་ངག་གི་འཚོ་བ་ཇེ་རྒྱས་ཇེ་ལེགསདང་།བོད་རང་གི་རྩམ་དྲི་དང་མར་དྲི་མ་ཡལ་བའི་གདོད་མའི་སྲོལ་རྒྱུན་སྙན་ངག་འདིར་བརྗོད་བྱ་སྟོན་ཚུལ་དང་།རྗོད་བྱེད་  ཉམས་འདོན་སྟངས་བཅས་ལ་ཁྲིད་སྟོན་གྱི་ནུས་པ་གང་ལེགས་ཐོན་སྲིད་པ་རེད།བཙན་པོའི་དུས་ཀྱི་མགུར་གླུ་འདི་དག་ལ་བལྟས་ཚེ་སྙན་ངག་གི་ཡིད་འཕྲོག་ནུས་པ་དེ་སྲོལ་རྒྱུན་སྙན་ ངག་ལྟར་ཕྱིའི་ཚིག་རྒྱན་ལས་ཀྱང་སྙན་ངག་གི་ནང་རོལ་ན་ཤུགས་དྲག་པའི་ཡིད་འགྱུར་ རམ་ཚོར་འདུ་ཡོད་པ་དེའི་སྟེང་ན་ཡོད་པ་མཐོང་ཐུབ་ལ།དེ་བས་བཙན་པོའི་དུས་ཀྱི་མགུར་གླུའི་སྙན་ངག་གི་མཛེས་ཆོས་གཙོ་བོ་དེ་ཚིག་རྒྱན་གྱི་སྦྱོར་བའི་མཛེས་དཔྱོད་རྩ་དོན་ལས་ ཀྱང་མཛེས་དཔྱོད་ཀྱི་དགོངས་པ་གཞན་ཞིག་སྟེ་བརྩེ་དུང་ངམ་ཡིད་འགྱུར་གྱི་སྟེང་ན་ཡོད།
  དེ་བས་བོད་བཙན་པོའི་དུས་སྐབས་ཀྱི་མགུར་གླུའི་སྲོལ་རྒྱུན་སྙན་ངག་གི་མཛེས་རྟོགས་ཀྱི་ཆ་འདོན་སྟངས་དང་སྲོལ་རྒྱུན་རྩོམ་རིག་གི་བརྗོད་བྱ་སྔོག་འདོན་ཐད་ནུས་པ་གང་ལེགས་ ཐོན་ཡོད་པ་དང་།ཤོང་སྟོན་རྡོ་རྗེས་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་ཆ་ཚང་བོད་དུ་ བསྒྱུར་རྗེས་དཔང་ལོ་ཙྰ་བས་འཆད་ཉན་གྱི་སྒོ་ནས་རྒྱ་ཆེར་བྱས་པ་རེད།བོད་དུ་སྙན་ངག་གི་སྒོ་གསུམ་མམ་སྲོལ་རྒྱན་རྩོམ་སྟངས་རྩོམ་ལུགས་སྣ་ཚོགས་དར་བར་བཙན་པོའི་དུས་ཀྱི་ མགུར་གླུའི་སྙན་ངག་གསར་བ་དར་བར་ལམ་འདྲེན་ལྟ་བུའི་ནུས་པ་ཐོན་ཡོད།མེ་ལོང་མའི་ནང་གི་རྒྱན་གང་མང་ཞིག་གི་མཚོན་སྟངས་བཙན་པོའི་དུས་སྐབས་ཀྱི་མགུར་གླུའི་ནང་དུ་ཐོན་ཡོད་པས་བོད་ལ་སྙན་ངག་གི་གཞུང་དར་བར་ལམ་སྟོན་གྱི་དགོས་པ་ལྟ་བུ་ཐོན་ཡོད།
  སྙན་ངག་དང་མགུར་གླུ་གཉིས་ནི་རྩོམ་རིག་གི་རྣམ་པ་མི་འདྲ་བ་གཉིས་ཡིན་པ།རྩོམ་རིག་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཡིན་པས།རྩོམ་རིག་གཞུང་ལུགས་ཇེ་རྒྱས་ཇེ་ལེགས་དང་ཁ་ཇེ་གསལ་དུ་སོང་བར་སྙན་ངག་དང་མགུར་གླུ་སོགས་ཀྱི་རྣམ་པའམ་ཚིག་རྩལ་ཐད་འགྱུར་ལྡོག་དང་སྐུལ་འདེད་ཀྱི་ཆ་གང་མང་མཆིས།དེར་བརྟེན་བཙན་པོའི་དུས་སྐབས་ཀྱི་མགུར་ གླུའི་བོད་ཀྱི་རྩོམ་རིག་བྱུང་འཕེལ་སྤྱི་དང་སྲོལ་རྒྱུན་སྙན་ངག་གི་འགྱུར་ལྡོག་ཐད་གཞན་གྱི་སུབ་ཐབས་མེད་པའི་ནུས་པ་གང་མང་ཞིག་ཐོན་ཡོད།བཙན་པོའི་དུས་ཀྱི་མགུར་ལ་ནང་ དོན་འདྲིལ་ཞིང་རྗོད་ཚིག་གྲིམ་པའི་སྙན་ངག་གི་ཉམས་མོད་པོ་ཞིག་གི་རང་བཞིན་ལྷུན་ ཆགས་སུ་ཡོད་པ་དང་།སྲོལ་རྒྱུན་སྙན་ངག་གི་རྩོམ་རྩལ་ཐད་ནས་ཀྱང་མགུར་གྱིས་གཞུང་ ལུགས་འཕེལ་བར་ལམ་སྟོན་གང་ལེགས་ཐོན་ཡོད།དེ་བས་ང་ཚོས་མགུར་གླུའི་སྒྱུ་རྩལ་སྔོག་འདོན་ཐད་དུ་ཤུགས་སྣོན་རེ་བརྒྱབ་ན་ལེགས་པོ་འདུག།
  མདོར་ན་ང་ཚོས་མེས་པོའི་དུས་སུ་མགུར་དང་འདྲ་བའི་རིག་གནས་གང་མང་ཡོད་པ་རྒྱུན་འཛིན་སྤེལ་གསུམ་གང་ལེགས་བྱེད་པ་དང་།འདི་ལྟ་བུའི་ཐུན་མིན་གྱི་ཆ་གང་མང་ཡོད་པ་ ཤེས་བཞིན་དུ་གཞན་པར་འགྲམ་ཆུ་ལྡང་བ་ནི་རྐེད་རང་ལ་ཡོད་བཞིན་དུ་མགོ་གཞན་ལ་ བཏགས་པ་ཡིན་པས།དུས་རབས་འདི་དང་མི་རབས་འདིའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆ་གང་མང་ཞིག་ལ་རྡོག་བརྫིས་གཏོང་དང་གཏོང་བཞིན་ཡོད་པས།མི་བུ་རང་སྟེང་ནས་མགོ་བཙུགས་ཏེ་མ་ཉམས་གོང་འཕེལ་དང་།ཉམས་པ་སླར་གསོ་བྱ་རྒྱུ་གལ།མ་འོངས་པར་ མགུར་དང་འདྲ་བའི་སྲོལ་རྒྱུན་རིག་གནས་གང་མང་ཞིག་མིང་གི་ལྷག་མ་ཞིག་ཏུ་སྲིད་པས་འདིའི་ཐད་ལ་དཔྱོད་ལྡན་པ་ཚོས་གནོངས་སེམས་རེ་གཏོང་རྒྱུ་གལ།མགུར་ལྟ་བུའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་གང་མང་ཞིག་ང་ཚོས་ངོས་ཟིན་གང་ལེགས་བྱས་ཏེ་ཐུན་མོང་མ་ཡིན་པའི་རིག་པ་འདི་ལྟ་བུ་དུས་རབས་ཉེར་གཅིག་པར་སྔོག་འདོན་གང་ལེགས་བྱ་ དགོས།མགུར་གླུས་ནི་གཙོ་བོ་མི་དང་མིའི་བར་གྱི་འགལ་འབྲེལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཐད་ཀར་མཚོན་ཡོད་པས།རྩོམ་རིག་སྤྱི་དང་སྙན་ངག་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་ཤིན་ཏུ་གལ་ཆེ་བས་གོམ་པ་གཅིག་སྤོས་ཡོད་པ་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཙན་པོའི་དུས་སྐབས་ཀྱི་མགུར་ནས་སྲོལ་རྒྱུན་སྙན་ངག་གི་འགྱུར་ལྡོག་གི་སྐོར་གླེང་བ།

2013-01-03 ཨ.ལྷ་མོ་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།