བོད་རིག་པར་ཐོས་བསམ་བྱས་པའི་དཔེ་ཀློག་ཟིན་ཐོ་ རིག་པའི་བཤུལ་ལམ།

ཁྱུང་ཕྲུག་བློ་བཟང་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-27

                ----དཔེ་མང་ཚར་རེ་བཀླགས་པ་ལས། །དཔེ་གཅིག་བརྒྱ་ཚར་བཀླགས་འདི་མཆོག །
       ནང་དོན་གནད་བསྡུས། རྩོམ་འདིར་དཔེ་ཀློག་གི་མྱོང་ཚོར་ཀློག་པ་པོ་རང་རང་ལ་འཆར་སྣང་གཅིག་གྱུར་མ་ཡིན་པ་ལྟར་ཁོ་བོས་རང་གི་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་དཔེ་ཀློག་སློབ་གཉེར་གྱི་མྱོང་བ་སྣ་ཚོགས་བརྒྱུད་མཐར་དཔེ་ཆ་གང་དག་ཅི་ལྟར་བཀླགས་པའི་ཐབས་མཆོག་དང་སེམས་པའི་གཏིང་རིམ་དུ་ཟུག་པའི་དཔེ་ཆ་ལ། བོད་རིག་པའི་ལེགས་བཤད་གསེར་ཕྲེང་དང་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ། དུང་དཀར་པའི་གྲུབ་མཐའི་རྣམ་བཤད་གསུམ་ཡིན་ཚུལ་གླེང་པ་དང་འབྲེལ་ད་ལྟའི་ཤེས་ལྡན་མང་པོ་ཞིག་འགྲམ་ཆུ་གཞན་ལ་ལྡང་པ་དང་དཔེ་མང་ཀློག་པར་བྲེལ་ཅིང་སྐུལ་པའི་བཤད་པ་དག་ལེགས་པོ་མིན་ཚུལ་སྨྲས་ཡོད།
   དེ་ཡང་ཁ་བའི་ཡིད་ཀྱི་གསོས་སྨན་དུ་གྱུར་པ་སྟེ་རྩོམ་རིག་གི་སྨྲ་བའི་འབབ་སྟེགས་ཉག་གཅིག་སྦྲང་ཆར་དུས་དེབ་ཀྱི་རྩོམ་སྒྲིག་པ་དཔྱོད་ལྡན་ཆོས་སྐྱོང་ལགས་ཀྱིས་བསྐུལ་པ་བཞིན་ཕྲན་ཆུང་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་ཙམ་ཞུ་བ་ལ། སྤྱིར་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱེད་པའམ་དཔེ་ཆ་ཀློག་པའི་ལས་སུ་བྱ་བ་ནི་འགྲོ་བ་མི་གང་ཞིག་གི་རང་ཉིད་ཀྱི་མི་ཚེའི་བརྒྱུད་ལམ་རིང་མོའི་ནང་གི་ཆེས་རིན་ཐང་ལྡན་ཞིང་ལེགས་ཚོགས་འདྲེན་བྱེད་ཀྱི་དམིགས་བུ་གཞན་དུ་མ་མཆིས་པ་ཉིད་ཡིན། དེར་བརྟེན་དོན་ལྡན་མི་ཚེའི་རིན་ཐང་གི་སྡོམ་ཚིག་ཏུའང་ལས་དེ་ཉིད་འཁོར་ལོ་གསུམ་གྱི་ཡ་གྱལ་ཉིད་དུ་བགྲངས་ཡོད་པ་རེད། ཀློག་པ་ཐོས་བསམ་དུ་བརྩིས་ཆོག་པའི་དཔེ་ཆ་ཇི་ཙམ་བཀླགས་པ་ལ་དེ་ཙམ་གྱི་ཡི་རངས་དང་དགའ་གུས་ཞུ་འོས་མོད། འོན་ཀྱང་གནའ་བོའི་ངག་སྒྲོས་སུ། དཔེ་མང་བལྟ་བ་ཤེས་རབ་འཆལ་པའི་རྒྱུ། །ཞེས་པ་དང་། ཡུམ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སྟེ་ཚེག་བར་བརྒྱད་མ་རྐང་པ་གཅིག་ཏུ་བྱས་པའི་ཤོ་ལོ་ཀ་འབུམ་ཅན་གྱི་མདོ་དེ་བློ་ཐོག་ནས་ཆུ་བྱོ་བ་ལྟར་བཀླགས་ཐུབ་ཀྱང་བླང་དོར་གྱི་རྣམ་གཞག་ལྟ་ཅི་ཐ་སྙད་ཀྱི་དོན་ཙམ་ཡང་ཧ་གོ་མེད་པའི་དགེ་མའི་གཏམ་རྒྱུད་ལྟར་ན་དཔེ་མང་བལྟ་ཀློག་བྱ་བ་དང་གཞུང་ལུགས་ཕོན་ཆེན་བཀླགས་པའི་གྲངས་ཀ་མང་པ་ཙམ་གྱིས་ཀློག་པ་པོ་གང་ཉིད་ཀྱི་ཤེས་རབ་བམ་ཡོན་ཏན་གྱི་ཆུ་ཚད་མཚོན་པར་བཤད་མི་ཐུབ། དེས་ན་དཔེ་ཆ་ཀློག་པ་འདི་ལ་ཡང་ཕྱི་ཚུལ་གྱི་རྣམ་པ་ཙམ་དང་གྲངས་ཀྱི་མང་ཉུང་ལ་ལྟོས་པ་མིན་པར་རིགས་པའི་རྩལ་ནུས་ཀྱིས་འཇུག་དགོས་པ་ནི་གནད་ཀྱི་དོན་པོར་བསྙོན་དུ་མེད། དུས་རབས་འདིར་མཚོན་ན་དཔལ་ཡོན་གཉིས་གང་ཅིར་འགྲན་བཞིན་འཕེལ་བ་ལ་བརྩོན་པའི་སྐབས་ལགས་ན། རིག་པའི་གནས་ཀྱི་དཔེ་ཀློག་ལ་གཞོལ་པའང་གཅིག་ལས་གཅིག་ལྷག་གིས་མང་པ་བཤད་མ་དགོས། ཡིན་ནའང་དཔེ་ཆ་གང་ཞིག་བདམས་ཏེ་ཀློག་པ་ནི་ཞིབ་ཏུ་བསམ་དགོས་པ་ཞིག་སྟེ། དེང་དུས་ཁ་ཅིག་གིས་རང་གི་དགའ་མོས་ལྟར་ཀློག་པ་དང་། འགའ་ཞིག་གིས་དད་ཞེན་ལྟར་ཀློག་པ། ལ་ལ་ཞིག་གིས་ཉི་མ་གཏོང་ཐབས་ཀྱིས་ཀློག་པ། མང་པོ་ཞིག་གིས་རང་གི་འཚོ་ཚིས་ཀྱི་སླད་དུ་ཀློག་པ་ལ་ངལ་པ་བསྟེན་པ་སོགས་དགོས་དོན་དང་དམིགས་ཡུལ་མི་འདྲ་བ་ཤིན་ཏུ་མང་པོ་འདུག་གོ །ཕྲན་ཆུང་བདག་ལྟ་བུ་ལ་མཚོན་ན་ལོ་ན་ཆུང་ངུའི་དུས་སུ་མ་ངེས་ཀྱང་བློའི་ཤེད་ཅུང་ཕྱེ་བ་ནས་བཟུང་འཇིག་རྟེན་ཐོག་གི་རང་ཉིད་ཀྱི་ཆེས་ཡིད་སྨོན་བྱ་ས་ནི་ཡོན་ཏན་ཅན་གྱི་སློབ་དཔོན་དང་གསར་གཏོད་མཁན་གྱི་ཤིང་རྟ་པ་དག་ཡིན་པ་ལ་བརྟེན་དེ་དག་གི་བཤུལ་ལམ་བསྙེགས་ནས་མི་ཚེའི་དོན་སྙིང་མངོན་འདོད་པ་དེའི་ཕྱོགས་ཡིན་འདུག དེས་ན་རང་གཞན་གྱི་དབང་དུ་མའི་རྐྱེན་གྱིས་སྣ་མང་དཔེ་ཆ་ཀློག་པ་ཡིས་རང་གི་ནམ་རྒྱུན་གྱི་འཚོ་བའི་ལོངས་སྤྱོད་ཀྱི་ཆ་གཙོ་བོ་ཟིན་ཡོད་ཅེས་བཤད་ཀྱང་མི་ཆོག་པ་མེད། དེ་ནས་རིམ་བཞིན་དཔེ་ཆ་ལྟ་ཀློག་གི་རིགས་ཀྱི་ནང་ནས་ཀྱང་བོད་ཀྱི་མཚན་ཉིད་རིག་པ་སྟེ་ཚད་མ་དང་ཕར་ཕྱིན། དབུ་མའི་སྐོར་མཇལ་ཀློག་ལ་ངང་ངམ་ཤུགས་ཀྱིས་དགའ་བར་གྱུར། དེ་མཚུངས་སུ་རང་གི་གྲོགས་པོ་རྣམ་དཔྱོད་ཅན་འགའ་ཞིག་གིས་རང་ཉིད་མཚན་ཉིད་རིག་པའི་གཞུང་ལུགས་སྐོར་དེ་ལ་མི་དགའ་ཞིང་དེ་ཉིད་སྟོང་བསམ་མགོ་བོ་འཁོར་བྱེད་ཅིག་ཡིན་ཚུལ་བཤད་པའང་ཐོས་ཤིང་། ད་དུང་། གོང་གི་གསུང་སྒྲོས་དེ་ཉིད་ལྡོག་སྟེ། དཔེ་མང་བལྟ་བ་ཤེས་རབ་འཆར་བའི་རྒྱུ། །ཞེས་བཀླགས་དགོས་པར་བཤད་མཁན་ཡང་བྱུང་། འོན་ཀྱང་ཁོ་བོ་འདོད་ཚུལ་དེ་ལ་ཡིད་ཆེས་ཕྲ་མོ་རྨི་ལམ་ཙམ་དུ་ཡང་སྐྱེས་མ་མྱོང་། ང་རང་རིག་གཞུང་དེ་ལ་དགའ་བ་ནི་ཆུང་དུས་ཀྱི་ཐོག་མའི་སློབ་གཉེར་ལ་འབྲེལ་བ་ཡོད་སྙམ། དེ་ཡང་བདག་ལ་ལས་འཕྲོ་ཤིན་ཏུ་ཟབ་པའི་བཤེས་གཉེན་བཀའ་དྲིན་ཅན་གྱི་གམ་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭར་སྦྱངས་སྐབས་རྭ་བསྡུས་གྲྭ་གཅིག་པུ་བརྒྱ་ཕྲག་མང་པོ་བཀླགས་པའི་སྐལ་བ་བྱུང་། དེ་ཡང་རང་ཉིད་བརྩོན་པ་ཆེ་བས་མ་ཡིན། ཡིན་རྒྱུ་ནི་དགེ་རྒན་རིན་པོ་ཆེ་དགུང་གྲངས་ཀྱི་རྐྱེན་པས་སྤྱན་གྱིས་ཡི་གེ་མ་གཟིགས་པ་ལ་བརྟེན་ཁོ་བོས་ཁོང་གི་སྙན་དྲུང་དུ་བསྡུས་གྲྭའི་ཁྱབ་སྐོར་རེ་རེ་ནས་བཟུང་སྟེ་རིམ་བཞིན་བློ་རྟགས་ཀྱི་སྐོར། གྲུབ་དོན་ས་གསུམ། ལེགས་བཤད་གསེར་འཕྲེང་གི་དབུའི་མཆོད་བརྗོད་ནས་སྐབས་དང་པོ་ཡོངས་རྫོགས་ཀློག་ཕུལ་ཡང་ཡང་ཞུས་ཏེ་གཞུང་ཚིག་ལ་བྱང་ཆ་སོང་རྗེས་ཁོང་གིས་ད་གཟོད་ཁོ་བོ་ལ་དེའི་སྟེང་ནས་གཟབ་ཁྲིད་དོགས་གཅོད་གནང་རྒྱུ་བྱུང་སོང་བ་དེར་ཐུག་ཡོད་འདུག དེར་བརྟེན་ཁོ་བོ་སློབ་ཆེན་དུ་བོད་རིག་པའི་རབ་འབྱམས་པ་ནས་བཟུང་སྟེ་ད་ལྟ་འབུམ་རམས་སློབ་གཉེར་དུ་ཞུགས་པའི་བར་དུ་བོད་རྒྱ་གཉིས་ཀྱི་ཡི་གེའི་ལམ་ནས་རྩོམ་བསྒྱུར་ཡོད་པའི་མིའི་རིགས་རིག་པ་དང་། སྤྱི་ཚོགས་རིག་པ། ཆོས་ལུགས་རིག་པ། ལོ་རྒྱུས་རིག་པ་སོགས་རིག་ཚན་གཞན་པ་ཤིན་ཏུ་མང་པོ་ཞིག་མཇལ་གླགས་ཀྱི་བགོ་སྐལ་བྱུང་སོང་བ་དང་། དེར་བསྟུན་གྱི་ཞིབ་འཇུག་གི་བློ་སྒོ་གསར་པའི་ཁེ་བཟང་ཡང་མི་ཆུང་བ་རག་པར་གྱུར། དེ་ལྟ་ནའང་དེང་གི་གཞོན་རབས་ཨག་གསར་པ་ཕལ་མོ་ཆེ་ལྟར་རང་ཁྱིམ་གྱི་ཕུགས་ནོར་མ་རིག་མ་ཚོར་པའམ་རྩྭ་ལྟར་དོར་ནས་གཞན་གྱི་རིག་གཞུང་རྩོམ་གསར་ཉི་ཚེ་བ་དག་ལ་ཡིད་སྨོན་གྱིས་འགྲམ་ཆུ་ལྡང་རྒྱུ་དང་ངོམ་སོ་བྱ་བ་ལྟ་ཞོག ད་དུང་སྔོན་ལས་ལྡབ་འགྱུར་གྱིས་རིགས་པའི་ནགས་ཚལ་སྟུག་པོའི་ངང་ཚུལ་གྱི་ལྟད་མོ་ངོམ་པའི་དེ་སྔའི་ཀློག་མྱོང་གི་བརྩམས་ཆོས་ཀྱི་དཀྱུ་ས་གང་དག་ལ་བློ་གྲོས་ཀྱི་རྟ་ཕོ་དབང་མེད་དུ་ཤོར་ཏེ་དུས་ཀུན་ཏུ་རྒྱུགས་པར་ཕྱོགས་སོ། །
དེས་ན་འདིར་རང་མྱོང་དཔེ་ཀློག་ངོ་སྤྲོད་ཏོག་ཙམ་ཞུ་བ་ལ། ཐོག་མར་རང་ཅག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༨༦ལོར་པར་དུ་བསྐྲུན་ཅིང་མཁས་དགུའི་གསུང་རྩོམ་ཟིལ་གྱིས་གནོན་པ་ཞེས་དཔེ་སྐྲུན་གསལ་བཤད་དུ་བསྔགས་པ་དོན་ལ་གནས་པའི་དཔེ་ཆ། ཀུན་རིག་སྨྲ་བའི་དབང་བོ་རྗེ་བློ་བཟང་གྲགས་པས་བརྩམས་པ། ལེགས་བཤད་གསེར་གྱི་ཕྲེང་པ་ཞེས་པ་དེ་ནི་ཁོང་གིས་སྐབས་དེར་ཁ་བའི་ལྗོངས་ན་བཞུགས་སོ་ཅོག་གི་གླེགས་བམ་མཐའ་དག་ལ་མཇལ་ཀློག་དང་ཞིབ་འཇུག དགག་བཞག་དང་མཐའ་དཔྱོད་གང་འོས་གནང་ནས་ནང་རིག་ཕར་ཕྱིན་གྱི་གཞུང་དོན་དེ་སྔོན་གྱི་འགྲེལ་བཤད་དག་ལས་ཤིན་ཏུ་རྒྱས་པ། ཏིག་པོ་དང་གསལ་བའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྒོ་ནས་བོད་རིག་པ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་བསྐྲུན་པ་མྱོང་བས་ཤེས། དེ་ཡང་ཁོང་གིས་དཔལ་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་འཛིན་པ་མཁས་དབང་ཉ་དབོན་ཀུན་དགའ་དཔལ་པ་དང་མཉམ་མེད་ས་སྐྱ་བའི་གྲུབ་མཐའ་འཛིན་པ་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ཀྱི་མདུན་ནས་ཕར་ཕྱིན་གྱི་གཟབ་བཤད་མཉན། དེ་ནས་དབུའི་མཆོད་བརྗོད་དུ། རྣམ་དག་ལེགས་ལམ་ལམ་གྱི་མཆོག་གྱུར་རྒྱལ་དང་དེ་སྲས་སློབ་མའི་ཡུམ། །ཡུམ་དོན་ཆེས་ཟབ་ཟབ་མོའི་མདོ་སྡེར་སྦས་པའི་ཚུལ་གྱིས་གསུངས་པ་གང་། །གང་གི་ཚིག་དོན་དོན་བཞིན་གསལ་བར་ཉིད་ཀྱིས་ཇི་བཞིན་རྟོགས་པ་དེ། །དེ་ལྟར་ལེགས་སྟོན་སྟོན་པའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་མགོན་དེ་རྒྱལ། །ཞེས་སྔ་དེང་ཀུན་ཏུ་གངས་རིའི་ཁྲོད་ཀྱི་སྙན་ངག་སྨྲ་བ་ཀུན་གྱི་སྙུག་རྩེ་ནས་བཞུར་མ་མྱོང་བའི་ཟུང་ལྡན་རྒྱན་གྱིས་མཛེས་པའི་རྩོམ་རིག་གི་ཁྱད་རྩལ་ངོམ་པ་དང་བཅས་བསྟན་འགྱུར་ཁྲོད་དུ་བཞུགས་པའི་ཕར་ཕྱིན་གྱི་འགྲེལ་པ་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་རྒྱ་གཞུང་ཡིན་མིན་གྱི་མཐའ་དཔྱད་དེ་རྐྱ་གསལ་བོ་བཀར། ནང་རིག་པའི་དགོངས་འགྲེལ་གྱི་ཤིང་རྟའི་སྲོལ་འབྱེད་འཇོག་ཚུལ་སྣ་ཚོགས་ལ་དགག་བཞག་གིས་གཏན་ལ་ཕབ། རྒྱ་གར་གྱི་མཁས་པ་འགའ་ཞིག་དང་། བོད་ཀྱི་རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ། འབྲེ་ཆེན་པོ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། བཅོམ་ལྡན་རིགས་པའི་རལ་གྲི། གཡག་ཕྲུག་སངས་རྒྱས་དཔལ་པ། བུ་སྟོན་རིན་ཆེན་གྲུབ་པ་སོགས་ཀྱི་བཤད་པ་ལ་དགག་སྒྲུབ་དཔྱིས་ཕྱིན་པ་མཛད་པ་འདིས་ཁོང་ཉིད་མཁས་པ་དྲང་པོ་ཡིན་པ་མཚོན་པར་མ་ཟད། གནས་ལུགས་ཀྱི་གདོང་དུ་འགྲེང་ཚུགས་ཐུབ་ཅིང་། རྙེད་གྲགས་ཀྱི་ཆེད་དུ་གཞན་ལ་བདེན་ཁ་མི་སྟེར་པའི་དགག་སྒྲུབ་ཀྱི་སྙིང་སྟོབས་ཅན་ཞིག་ཡིན་པའང་ཤུགས་ཀྱིས་གོ་འོང་། འདི་ནང་རྒྱ་བོད་ཀྱི་མཁས་པའི་ལེགས་བཤད་ཀུན་གྱི་བཅུད་འདུས་པས་མི་ཚད། ཁོང་གི་གསར་གཏོད་ཀྱི་རིགས་པའི་ལམ་ནས་བཤད་པའང་བློ་ཡུལ་ལས་འགོངས་པ་ཧ་ཅང་མང་། དེ་ཡང་འདི་ཉིད་མཇལ་ཀློག་མྱོང་བ་ཞིག་གིས་སྔོན་གྱི་ལུང་གི་སྙེ་མ། རིན་ཆེན་ཕྲེང་མཛེས། ཉི་མའི་འོད་ཟེར། ཡིད་ཀྱི་མུན་སེལ་སོགས་དང་། གོ་རམས་པ་དང་རོང་སྟོན། པོ་དོང་པ། ཀོང་སྤྲུལ། དཔལ་སྤྲུལ་གྱི་སྤྱི་དོན་སོགས་ཕྱི་རབས་ཀྱི་ཕར་འགྲེལ་ཕལ་མོ་ཆེར་བལྟས་ན་བཀླགས་མྱོང་ལྟ་བུ་དང་བསྐྱར་བལྡབས་སུ་བས་པ་གླུ་བརྒྱ་ངག་གཅིག་ལྟ་བུའི་ཚོར་སྣང་རང་གཞན་གཉི་གར་ཐུན་མོང་དུ་སྟེར་པ་དང་ལྷན་དུ་དཔེ་ཆ་དེ་ཉིད་ལ་དགའ་གུས་སྔོན་ལས་ཀྱང་ལྷག་པ་སྐྱེ། ཐ་ན་འདིའི་ནང་གི་ཚིག་གི་སྦྱོར་བ་དང་རིགས་པའི་དཔྱད་སྟངས། བསམ་བློའི་ཟབ་ཚད་ཀུན་ལ་རྩོམ་པ་པོ་རང་ཉིད་མི་ངོ་མ་ཞིག་གི་གནས་བབ་ནས་འགྲེང་སྟེ་བརྩམས་ཡོད་པས་ཕལ་བའི་བློ་ངོར་འབྱོར་ཞིང་བདེ་བ་མ་ཟད། འདི་རྩོམ་དུས་ཁོང་ཉིད་སྐུ་ན་གཞོན་ཞིང་དར་པའི་སྒང་ཡིན་པས་བློ་གྲོས་དང་སྤོབས་པའང་དེ་མཚུངས་སུ་ཆེ་ཆེར་བརྟས་པའི་སྐབས་ཉིད་ན་བག་འཁུམས་མཁྲེགས་འཛིན་དང་ཕྱི་སྨོན་ངོ་སྲུང་གི་བརྟུལ་ཞུགས་ཡོངས་སུ་བྲལ་ཡོད། དེའི་ཕྱིར་གཞུང་འདིའི་སྔ་ཕྱི་ཀུན་ཏུ་རྩོམ་པ་པོ་དགའ་སྤོབས་ཀྱིས་ཁེངས་ཤིང་གྲུང་ཤ་དོད་པའི་ཉམས་འགྱུར་གྱིས་ཟིན་ཡོད་པས་ཀློག་པ་པོས་ཅི་ཙམ་བཀླགས་ཀྱང་སུན་སྣང་ལྟ་ཅི། ཡིད་དབང་འཕྲོག་ལ་དགའ་ཚོར་དང་བློ་སྐྱེད་དཔག་མེད་འདྲེན། ད་དུང་རང་ཉིད་ལ་འདས་པའི་ལོ་ངོ་དྲུག་བརྒྱ་ལྷག་གི་སྔོན་གྱི་རིག་གནས་ཀྱི་གནས་བབ་སྤྱི་དང་ཁྱད་པར་དུ་སྐད་ཡིག་དང་རྩོམ་རིག་གི་འཕེལ་ཁ་དང་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་བློ་གྲོས་ཀྱི་སྒོ་མོ་གསར་པ་འབྱེད་པ་ཞིག་རེད། དེ་ཡང་དེང་དུས་ཀྱི་འཆད་རྩོམ་མཁན་པོ་འགའ་ཞིག་ལྟར་སླ་སར་རྒྱས་བཤད་དང་དཀའ་སར་བམ་བཤད་ལས་ལྡོག་སྟེ་མི་གསལ་བ་དང་དཀའ་བའི་གནས་རྣམས་ཆེད་གཉེར་གྱིས་གཞན་གཞུང་གི་བཤད་པ་ཐང་མར་བཀྲམས། རང་འདོད་ཀྱི་ལྟ་བ་གསལ་བར་སྟོན། དེ་ཡང་དྲི་མེད་ཀྱི་རིགས་པས་དཔྱད་འཇོག་བྱས་ཏེ་མཐའ་དཔྱོད་དང་སུན་འབྱིན་གནད་ལ་སོན་པ་བཏང་ཡོད། སྔོན་ཆད་ཀྱང་སྟག་ཚང་ལོ་ཙཱ་པ་མཆོག་གིས། སྔར་རྗེ་ཙོང་ཁ་པ་ལ་ནོར་འཕྱུགས་འདུག་པའི་རྣམ་འགྱུར་བསྟན་ནའང་རྗེས་ནས་ལེགས་བཤད་གསེར་ཕྲེང་གི་དཔེ་ཆ་བཀླགས་པ་ན་དགའ་གུས་དང་ཡིད་ཆེས་ཚད་མེད་རྙེད་དེ། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་པའི་འགྱོད་ཚངས་བཟོད་གསོལ་གྱི་སྙན་ངག་ཕུལ་མྱོང་འདུག བརྩམས་ཆོས་འདི་ནི་རྗེ་ཙོང་ཁ་པ་དགུང་ལོ་སོ་གཉིས་བཞེས་པ་སྤྱི་ལོ༡༣༨༩ལོར་རྩོམ་པའི་དབུ་བཙུགས་ཏེ་དེའི་ཕྱི་ལོ༡༣༩༠ལོ་ལ་གདན་ས་བདེ་བ་ཅན་ནས་མཇུག་རྫོགས་པར་བརྩམས་ཞེས་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་དང་རྒྱ་ནག་གི་མཁས་པ་ཝང་སིན་གྱི་བོད་ཀྱི་ཆོས་འབྱུང་དག་ལས་བཤད། བོད་རྒྱ་ཚིག་མཛོད་ཆེན་མོ་དང་དེང་དུས་ཀྱི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད་པའི་བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་སོགས་ལས་རྗེ་ཙོང་ཁ་པ་དགུང་ལོ་སོ་གཅིག་པ་སྤྱི་ལོ༡༣༨༨ལོ་སྟེ་བོད་རབ་བྱུང་བདུན་པའི་ས་འབྲུག་ལ་བརྩམས་པར་བཤད་འདུག འོན་ཀྱང་ལེགས་བཤད་གསེར་ཕྲེང་རང་གི་མཇུག་བྱང་ན། འཚལ་ཡང་དགོན་དུ་ཕལ་ཆེར་གྲུབ་པར་བྱས་ཤིང་མཁས་གྲུབ་བར་མ་ཆད་དུ་བྱོན་པའི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་གི་ལོ་སྣྲོན་གྱི་ཟླ་བ་ལ་མཇུག་ཡོངས་སུ་རྫོགས་པར་སྦྱར་ཞེས་གསུངས་པ་ལྟར་ན་རབ་བྱུང་གི་ལོ་ནི་སྟོད་འགྲེལ་ལུགས་ཀྱི་རྗེ་རང་ཉིད་དགུང་ལོ་སུམ་ཅུ་ཐམ་པ་བཞེས་པ་རབ་བྱུང་བདུན་པའི་མེ་ཡོས། སྣྲོན་གྱི་ཟླ་བ་སྟེ་ཟླ་ལྔ་བ། སྤྱི་ལོ༡༣༨༧ལོར་བརྩམས་པར་གསལ་བ་འདི་ཉིད་གཙིགས་པ་བཤད་མ་དགོས་པས་གོང་གི་དེ་དག་ལོ་གཉིས་དང་གཅིག་གིས་ཧེ་བག་བྱུང་འདུག་གོ །གཞན་ཡང་གསེར་ཕྲེང་གི་བརྗོད་བྱའི་བསམ་བློ་དེ་རྩོམ་པ་པོ་རང་གི་བསམ་བློ་མཐར་ཐུག་ཡིན་མིན་དང་ཁོང་གིས་རང་གི་བསམ་བློ་ངོ་མ་མཚོན་བྱེད་དུ་ཕྱིས་སུ་རྣམ་བཤད་སྙིང་རྒྱན་བརྩམས་པ་ཡིན་མིན་སོགས་ལ་བཤད་པ་མི་མཐུན་པ་མཆིས་ཀྱང་དེ་དག་རྩོད་པ་དོན་ཆུང་ཞིང་སྐབས་དོན་ཀྱང་མ་ཡིན་པས་མི་སྤྲོའོ། །དེས་ན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གསེར་ཕྲེང་པར་སྐྲུན་གསལ་བཤད་ལས། དཔེ་ཆ་འདི་ནི། བོད་ཀྱི་མཁས་དགུའི་གསུང་རྩོམ་ཟིལ་གྱིས་གནོན་པའི་ནུས་པ་ཅན་ཞིག་ཡིན་པས། རྗེ་ཙོང་ཁ་པའི་ཕྱིས་བྱོན་གྱི་མཁས་པ་ཕལ་མོ་ཆེ་གཞུང་འདི་ལ་སྦྱངས་བརྩོན་བྱས་ནས་མཁས་པའི་གོ་འཕང་ཐོབ་པ་ཡིན། ཞེས་གསལ་པ་འདི་ནི་སོག་པོའི་དགེ་བཤེས་ཆ་གར་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས་སུ། ལེགས་བཤད་གསེར་ཕྲེང་ཞེས་པ་འདི་ནི་དེང་སང་གི་བར་ཕར་ཕྱིན་འཆད་མཉན་བྱེད་པ་ཀུན་ལ་སྒྲོན་མེ་གཅིག་བུ་ལྟ་བུ་ཡིན་ཞིང་། ཕར་ཕྱིན་གྱི་དོན་གོ་བ་ལ་འདི་ལྟ་བུའི་འགྲེལ་པ་སྔོན་ཆད་ཡེ་མ་བྱུང་བ་ཕུལ་དུ་བྱུང་བ་ཡིན་ནོ་ཞེས་པ་ལྟར་སྙན་ཚིག་གི་བསྔགས་པ་ཙམ་མ་ཡིན་པར་དངོས་པོའི་གནས་ཚོད་ཀྱི་ཁྱད་ཆོས་ལྷང་ངེར་གཟིགས་པའི་མཁས་པའི་གཏམ་དུ་གོ་དགོས། བོད་རིག་པའི་དཔྱད་གླེང་གི་རྒྱུན་ལ། རྒྱལ་ཚབ་ཀྱི་རྣམ་འགྲེལ་ཐར་ལམ་གསལ་བྱེད་བློ་ན་མེད་ཚེ་ཚད་མ་རྩོད་རྒྱུ་མེད། ལེགས་བཤད་གསེར་ཕྲེང་བློ་ན་མེད་ཚེ་ཕར་ཕྱིན་རྩོད་རྒྱུ་མེད་ཅེས་ཟེར་པར་གྲགས་ན་གཞུང་འདི་ལྟ་བུ་ཞིག་བློ་ལ་བཟུང་དགོས་ན་ཀློག་གྲངས་ཇི་ཙམ་འགྲོ་དགོས་པ་བཤད་ག་ལ་དགོས། དེང་གི་བོད་རིག་པའི་གླེང་སྟེགས་ན་མཚན་གྱི་རོལ་མོ་དཀྲོལ་པ་དང་རིག་པ་དོན་དུ་གཉེར་པ་ཕལ་མོ་ཆེ་དག་གིས་དེ་འདྲ་བློ་ལ་བཟུང་དང་འཛིན་པ་ལྟ་ཅི། དཔེ་ཀློག་རེ་འགའ་བྱས་ཙམ་དང་། ལ་ལས་བམ་ཀློག་ཙམ་གྱི་སྐལ་བ་ཡང་རག་མེད་པར་སྔ་རབས་པའི་བསམ་བློ་དང་ལྟ་བ། རིགས་པ་རྣམས་ལ་ཉམས་རྒྱུས་རིང་ནས་བྲལ་བཞིན་ད་དུང་སྙིང་ཁམས་གང་ཆེས་ཞིབ་འཇུག་གི་སྔོ་ལོ་འཕྱར་བཞིན་འདུག་པ་ནི་རེ་ཞིག་སེམས་པ་གྲང་བའི་རྒྱུ་ཉིད་ལས་གཞན་དུ་མ་དམིགས་སོ། །ཡང་དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་བྱོན་པའི་མཁས་པ་ཆེན་པོ་འབའ་མདའ་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་ཡོས་སྤྱི་ལོ༡༨༩༡ལོར་བརྩམས་ཤིང་ད་ལྟ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༩༠ལོར་པར་དུ་བསྐྲུན་པའི་བསྡུས་གྲྭའི་སྤྱི་དོན་རྣམ་པར་ངེས་པ་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་སྟེ་ཡོངས་གྲགས་སུ་འབའ་བསྡུས་ཞེས་པ་དེ་ནི་བོད་ལ་ཚད་མའི་གཞུང་ལུགས་དར་པ་ནས་བཟུང་རིམ་བཞིན་རྔོག་ལོ། ཆ་པ་ཆོས་སེང་། ས་སྐྱ་པཎ་ཆེན། རྗེ་ཙོང་ཁ་པ། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། རྒྱལ་པ་དགེ་འདུན་གྲུབ། ཀརྨ་ཆོས་གྲགས་རྒྱ་མཚོ་སོགས་ཚད་མའི་རིག་གཞུང་སྨྲ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་དག་གིས་འགྲེལ་པ་དང་དོགས་གཅོད། བསྡུས་དོན་དང་བརྗེད་བྱང་སོགས་ཤིན་ཏུ་མང་པོ་བརྩམས་ཡོད་པ་རྣམས་ཀྱི་ལེགས་ཆ་བླངས་ཤིང་རིགས་པའི་ལྡེ་མིག་ཏུ་གྱུར་ཡོད་པ་དེར་བདག་གིས་མཇལ་སྐལ་བྱུང་། ལར་དེ་སྔ་ཁོ་བོ་ཆུང་དུས་ཐོག་མའི་སློབ་གཉེར་གྱི་སྐབས་སུ་རྭ་བསྡུས་གྲྭ་ཐེངས་མང་བཀླགས་རྒྱུའི་གོ་སྐབས་བྱུང་བའི་རྐྱེན་གྱིས་ཡིན་ནམ་གང་ལྟར་ཚད་མའི་རིག་གཞུང་འདི་ནི་རང་གིས་མི་ལོ་བཅུ་ཕྲག་གཉིས་ལྷག་གི་བར་དུ་སྦྱངས་མྱོང་ཡོད་པའི་བཅུ་ཕྲག་རིག་གནས་སུ་འདུས་མ་འདུས་ཐམས་ཅད་ཀྱི་ནང་ནས་ཡིད་དབང་འཕྲོག་མཁན་གྱི་ཟླ་མེད་ཆོམ་པོ་གཅིག་བུ་ཉིད་དུ་གྱུར་ཡོད། ཚད་མའི་རིག་གཞུང་འདིའི་དཔེ་ཆ་རྣམས་ཀྱི་ནང་ནས་ཀྱང་གོང་དུ་བཤད་པའི་བསྡུས་གྲྭའི་སྤྱི་དོན་དེ་ཉིད་ནི་ད་ལྟའི་བོད་རིག་པ་སྤྱི་དང་བྱེ་བྲག་དེང་དུས་ཀྱི་རྩོམ་རིག་སྨྲ་བ་དང་བརྡ་སྤྲོད་མཁན་པོ། ལོ་རྒྱུས་ཞིབ་འཇུག་གི་ལས་ལ་འཇུག་པ་དག་ལ་མཚོན་ན་ངེས་པར་དུ་ཀློག་ཀྱང་དགོས་ལ། བཀླགས་ཙམ་གྱིས་མི་ཚིམ་པར་དོན་གྱི་རིགས་པའི་གསང་གནད་ལ་འཇུག་པ་གལ་ཆེ། ཅི་ཡིན་ཞེ་ན། ཐོག་མར་ཕྲན་གྱི་མྱོང་ཚོར་ལ་ངེད་ཅག་བོད་རིག་པའི་ཆེད་ལས་རྩོམ་པ་པོའམ་ཞིབ་འཇུག་པ་མང་པོ་ཞིག་གི་ཆེད་རྩོམ་དག་བཀླགས་ན། དཔྱད་འཇོག་གི་ཟླ་བའི་བཞིན་རས་སུ་འགལ་མ་ངེས་མ་གྲུབ་ཀྱི་མཚན་མ་སྟེ་སབ་སོབ་རབ་རིབ་དང་། སྤྱི་ཁྱབ་སྒོས་ཁྱབ་མ་ཕྱེད་པའི་སྤྲིན་ཚོགས་ཀྱིས་རེ་ཞིག་མོག་པོར་བགྱིས་དང་བགྱི་བཞིན་པའི་སྣང་བ་འགོག་མེད་དུ་སྟེར་པར་འདུག དེ་ཡང་གནད་ལ་གཏུགས་ན་འཁྲུལ་མུན་ཚར་གཅོད་ཀྱི་གཉེན་པོ་ཚད་མའི་ཉིན་བྱེད་ཀྱི་ཞལ་རས་རེ་ཞིག་མ་མཐོང་བའི་དན་རྟགས་ཉིད་དུ་གསལ། གཉིས་པ་ནི་དཔེ་འདི་ལ་གཞན་ལ་མེད་པའི་ཁྱད་ཆོས་མངའ་སྟེ། ཁོ་བོས་ཆུང་དུས་བསྡུས་གྲྭར་སྦྱངས་སྐབས་རིག་གཞུང་འདིའི་ཐུན་མོང་མ་ཡིན་པའི་སྐད་བརྡ་རྣམས་ཀྱི་གོ་དོན་དང་བཀོལ་ཚུལ་སོགས་དགེ་རྒན་དམ་པའི་གསུང་སྒྲོས་ཁོ་ན་ལ་བརྟེན་པ་ལས་བསྡུས་གཞུང་རང་ན་གསལ་བོ་བཤད་མེད་པ་དང་། ཡང་རྟགས་གསལ་འགོད་པ། ལན་འདེབས་པ། འཁོར་གསུམ་བསྐོར་པ་སོགས་རྩོད་པ་བྱ་སྟངས་ཤེས་པ་ཡང་དགེ་རྒན་དང་གྲོགས་པོ་ཅི་རིགས་ཀྱིས་དངོས་སུ་བརྒལ་བརྟག་གི་སྲོལ་ག་བརྒྱུད་པ་ལ་ལྟོས་པ་ཉིད་དང་། ཚིག་གི་སྦྱོར་བ་དང་དོན་གྱི་ཞིབ་ཆ་རེ་རེ་ནས་རྒོལ་ཕྱི་རྒོལ་གྱི་རྩོད་པས་དཔྱད་དེ་ཡིད་ལ་ངེས་དགོས་པའི་ཤེས་བྱའི་སྤུ་རིས་ཕྲ་ཞིང་ཕྲ་བ་རྣམས་ཀྱི་དོན་དཔེ་ཆའི་ནང་དུ་མི་གསལ་པ་ཤིན་ཏུ་མང་པོ་འདུག་པ་ཁོ་བོས་བརྗེད་དུ་ཕངས་ཏེ་དུས་དུས་སུ་རེག་ཟིག་ཏུ་བཏབ་ལགས་པ་དག་ཀྱང་། ཕྱིས་ཙམ་ན་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་གྱིས་དེའི་སྐོར་གྱི་ལེགས་བཤད་གཏེར་གྱི་ཁ་བྱང་ཞེས་པ་དང་བློ་གསལ་རིགས་སྒོ་ཞེས་པ་མཐོང་བས་རེ་ཞིག་སྤྲོ་བས་ཁེངས། དེའི་རྗེས་ཅང་མ་འགྱངས་པར་སྤྱི་དོན་རིན་ཆེན་སྒྲོན་མེ་འདི་མིག་གི་དཔྱིད་དུ་སྨིན་ཏེ་བཀླགས་པ་ན་སྔོན་གྱི་ཁོ་བོའི་ཟིན་བྲིས་དག་དང་གཏེར་གྱི་ཁ་བྱང་། བློ་གསལ་རིགས་སྒོ་བཅས་པའི་བཤད་པ་ཡོད་ཚད་དེར་ཇི་བཞིན་གསལ་བ་མ་ཟད། ད་དུང་དེ་ལས་ཀྱང་བརྒྱ་འགྱུར་གྱི་སྒོ་ནས་བཤད་པ་རྒྱས་ཤིང་ཁ་གསལ་དུ་མཐོང་ན། བསྡུས་གྲྭ་སྦྱངས་འདོད་པ་དག་གིས་གང་ཉིད་མཐར་ཆགས་སུ་ཞིབ་པར་བཀླགས་ཙམ་གྱིས་ཀྱང་དགེ་རྒན་གྱིས་གཟབ་ཁྲིད་བྱེད་པ་ལྟ་བུའི་ཉམས་སྣང་ངང་གིས་སྟེར་ཅིང་། ཚད་མའི་གཞུང་གི་རིགས་པ་དང་གོ་དོན་རྣམས་ལས་དང་པོ་པ་ལ་དམིགས་ཏེ་རྟགས་གསལ་གྱི་སྤྱི་འགྲོས་ཀྱིས་མ་ཡིན་པར་སྤྱིར་བཏང་ཕལ་སྐད་ཀྱི་ལམ་ནས་ཤིན་ཏུ་གོ་སླ་བའི་ཚུལ་གྱིས་བཤད་པ་འདི་འདྲ་སྔོན་ལ་བྱུང་མ་མྱོང་བས་ཡ་མཚར་ཞིང་། ལུང་འདྲེན་གྱི་སྤྲོས་ཤོམ་དོར་ཅིང་སྒྱུ་རྩལ་བཤད་ཐབས་ཀྱིས་ཕྱུག་པས་དཔྱོད་ལྡན་ཧ་ལས་པ་ཡོད། ཁྱད་ཆོས་འདི་ཉིད་ཀྱི་སྒོ་ནས་ཀྱང་དེང་འདིར་ཚད་གཞུང་སྦྱངས་སྐལ་མ་བྱུང་བ་དག་དང་སྒོས་སུ་ཚུལ་འདིའི་རིགས་ལམ་གྱི་སྤྱི་སྐད་མ་བྱང་བའམ་མི་ལོབས་པའི་གཞོན་རབས་པ་རིག་གནས་ཀྱི་སྡེ་དག་ན་མི་ཉུང་བར་གྱུར་པ་དག་གིས་ལྷག་པར་ཡང་ཐོག་མར་དཔེ་ཆ་འདི་ལྟ་བུ་བཀླག་པར་བྱ་རྒྱུ་གདམས་པའི་དོན་པོ་ཡིན་ཞིང་། དེ་ནས་རིམ་བཞིན་ཚད་མའི་སྤྱི་སྐད་ཅུང་འབྱོར་ཏེ་བརྒལ་བརྟག་རྩོད་པའི་འགྲོས་ཀྱི་ལམ་ནས་བཀླགས་ན་ད་གཟོད་ཟབ་གསལ་མྱུར་བའི་རིགས་པའི་རང་རྩལ་རྒྱས་ཤིང་འཁྲུལ་འཇོམས་རིག་པ་ཡི་ཕན་ནུས་རོ་མཆོག་ཅི་དགར་མྱོང་བར་འགྱུར་པ་ནི་ལུང་རིགས་ཉམས་མྱོང་ཚད་མས་གྲུབ་པ་ཁོ་ནའོ། །སྤྱིར་ངེད་ཅག་ནི་ཆོས་ལུགས་རིག་གནས་དར་སའི་ཡུལ་གྲུ་ནས་སྐྱེས་ཤིང་གཉོམ་ལག་རྒྱས་པ་ཤ་སྟག་ཡིན་ཙ་ན། རིག་གནས་དེ་ཉིད་ཀྱིས་བསམ་བློའི་གཏིང་རུམ་ལ་བག་ཆགས་ཟབ་མོ་བཞག་དང་འཇོག་བཞིན་ཡོད་པ་བཤད་མ་དགོས། དེར་བརྟེན་ནང་བསྟན་རིག་གནས་འདིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་ལྟ་བུའི་གོ་ས་བཟུང་ཡོད་པའམ་ཤན་ཞུགས་ངེས་ཅན་ཐེབས་ཡོད་ཕྱིར་བོད་རིག་པ་ལ་སྦྱངས་འདོད་དང་ཞིབ་འཇུག་བྱ་མཁན་ཞིག་ཡིན་ན་ནང་བསྟན་རིག་གནས་ལ་ཁ་འབྲལ་ཐབས་མེད་པའི་གནས་སུ་ཆགས་འདུག དེ་ཡང་བོད་ཀྱི་ཆོས་ལུགས་རིག་གནས་འདི་ལ་ཚད་ཅུང་ཟད་མཐོ་ཤོས་ཀྱི་སྒོ་ནས་ངེས་ཤེས་འཚོལ་པ་དང་ཞིབ་འཇུག་དཔྱད་འཇོག་རེ་བྱ་འདོད་ན། ཐོག་མར་སྒྲ་ཚད་ཀྱི་རིགས་པའི་སྤྱི་འགྲོས་དང་ནང་བསྟན་རྒྱུན་ཤེས་ཀྱི་གོ་བ་ཆགས་པའི་རྨང་གཞི་ངེས་ཅན་ཞིག་སྔོན་དུ་མ་སོང་ཐུ་མེད་ཡིན་པས་ད་ནས་བཟུང་སྟེ་དེའི་ཕྱོགས་ཀྱི་ལྟ་སྒོམ་སྤྱོད་གསུམ་སོགས་སྟོན་པའི་གཞུང་འོས་འཚམ་ཞིག་གི་དཔེ་ཆ་ཀློག་རྒྱུ་ཤིན་ཏུ་ནས་གལ་ཆེ། དེའི་རྐྱེན་གྱིས་ཉེ་བའི་ཆར་བྱོན་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེས་དེ་སྔ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་སྟོད་ཙམ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་མར་དར་སྤེལ་བྱེད་ཆོག་པའི་དུས་བཟང་མངོན་པར་ཤར་པ་ན། དམ་པ་ཁོང་གིས་ཀྱང་ཐུགས་བསྐྱེད་ཀྱི་གོ་ཆ་བརྟན་པོར་བགོས་ཏེ་ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་སྐད་ཡིག་ཚན་ཁག་གི་བོད་ཡིག་ཆེད་ལས་འཛིན་གྲྭའི་སློབ་མ་རྣམས་ལ་སྣ་ཚོགས་རིག་པའི་གནས་སྤྱི་དང་ལྷག་དོན་བོད་རིག་པའི་གཅེས་ནོར་ནང་དོན་རིག་པའི་སྤྱི་དོན་དུ་གྱུར་པ་གྲུབ་མཐའི་གཞུང་ལུགས་འཆད་ཁྲིད་ཀྱི་སྐུ་དྲིན་བསྐྱངས་སྐབས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སྟོབས་རྒྱལ་ལགས་ཀྱིས་སྒྲ་ཕབ་དངོས་བཤུས་ཀྱིས་ཟིན་ཐོར་བཀོད་དེ་དམ་པ་གང་ཉིད་ལ་ཕུལ་ནས་སྤྱན་འབེབ་དག་བཅོས་ཀྱི་གསོལ་པ་བཏབ་ཀྱང་སྐབས་དེ་ཉིད་ཀྱི་ཚེ་སྐུའི་བྲེལ་ཟིང་གིས་གཟིགས་ཁོམ་མ་བྱུང་བ་དང་དེ་ནས་ཁོང་རིན་པོ་ཆེ་དང་རྒན་སྟོབས་རྒྱལ་ལགས་གཉིས་སྔ་གཞུག་ཏུ་སྐུ་མྱ་ངན་འདས་པས་རེ་ཞིག་རྩོམ་སྟན་གྱི་མ་ཕྱི་འཚོལ་ཐབས་གཏུགས་པ་ན། བོད་དམག་ཁུལ་ཁང་དུ་ཕྱག་ལས་གནང་བཞིན་པའི་མཁྱེན་སྤྱན་ཡངས་པ་བཀྲ་ཤིས་ཕུན་ཚོགས་ཞུ་བས་དཔེ་ཁྲིད་ཀྱི་གཙོ་གནད་ཁག་ངོ་བཤུས་ཀྱིས་ཉར་ཚགས་གནང་འདུག་པ་དགྱེས་ཚོར་ཆེན་པོས་མཁོ་འདོན་བསྐྱངས་པ་གཞིར་བཟུང་སྟེ་པར་སྒྲིག་ཞུས་དག་སོང་ཟིན་ནས་ལོ་གཅིག་འཁོར་བའི་ཚེ་ན། སྟབས་ལེགས་ལས་སྨོན་གྱིས་སྔོན་གྱི་མ་ཕྱི་ཟིན་དེབ་བཅོ་ལྔ་ཅན་དེ་ཁོང་གི་གཟིམ་ཤག་ནས་རྙེད་སོན་གྱི་སྐལ་བ་བྱུང་བ་ཡང་བསྐྱར་པར་སྒྲིག་ཞུས་པ་སོགས་འཚོལ་བསྡུ་དཀའ་ཁག་མང་པོ་བརྒྱུད་པ་གང་ཉིད་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༠༤ལོར་པར་དུ་བསྐྲུན་པའི་ཁོང་གི་གསུང་རྩོམ་དག་ལས་ཆེས་སྙིང་བོར་གྱུར་པ་སྟེ། ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ཞེས་པ་དེ་ནི་ཁོ་བོས་ཐོག་མར་མཐོང་ལམ་དུ་གྱུར་དུས་ཕྲན་གྱི་རྨོངས་སེམས་ལ་ཁོང་གི་ཚིག་མཛོད་ཆེན་མོ་དང་ལོ་རྒྱུས་ཆོས་སྲིད་ཟུང་འབྲེལ་བཤད་པ་ཞེས་པ་གཉིས་ཀ་སྔོན་མེད་ཀྱི་དཔེ་གསར་རིན་ཐང་ལྡན་པ་ལགས་ནའང་གྲུབ་མཐའི་དཔེ་ཆ་ནི་སྔོན་གྱི་གྲུབ་མཐའ་ཆེན་མོ་ཀུན་བཟང་ཞིང་གི་ཉི་མ་དང་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལྟ་བུའི་ལྷག་གི་ལེགས་བཤད་ཅིག་འོང་མི་ཐུབ་པར་རེ་ཞིག་འོལ་ཚོད་བྱས། དེ་ནི་ངེས་པར་ལོང་པས་འོལ་ཚོད་བྱས་པ་ཁོ་ན་སྟེ། ཕྱིས་ཙམ་ན་སློབ་གྲོགས་ཤིག་གི་རེ་བ་ལྟར་ཁོ་བོས་གྲུབ་མཐའི་སྐོར་གྱི་རྣམ་བཤད་དེ་ཉིད་ཀྱི་སྟེང་ནས་ནང་རིག་བྱེ་མདོ་དབུ་སེམས་བཞི་དང་བོད་བརྒྱུད་ནང་རིག་ས་དགེ་བཀའ་རྙིང་ཇོ་ནང་བོན་པོ་རྒྱའི་ཆོས་ལུགས་གྲུབ་མཐའ་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འདོད་ཚུལ་ངོ་སྤྲོད་ཀྱི་རོགས་རམ་བགྱིས་ཁུལ་བྱས་པ་ལ་བརྟེན་གྲུབ་མཐའི་དཔེ་ཆ་གང་ཉིད་ཀློག་སྐལ་བྱུང་། བློ་ཡུལ་ལས་འདས་པ་ལ་བརྩམས་ཆོས་དེ་ཉིད་ནི་ཁོ་བོས་ད་སྔའི་མཐོང་ཡུལ་དུ་གྱུར་པ་གཞིར་བཞག་སྟེ་བཤད་ན་སྔོན་གྱི་དུས་རབས་བཅུ་གཉིས་པའི་སྐབས་སུ་བརྩམས་པའི་གྲོ་ལུང་བའི་གྲུབ་མཐའི་རྣམ་བཤད། སྟག་ལོའི་གྲུབ་མཐའ་ཀུན་ཤེས། རྒྱལ་བ་ཀློང་ཆེན་པའི་གྲུབ་མཐའ་རིན་པོ་ཆེའི་མཛོད། རྒྱལ་བ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ། འཇམ་བཞད་ཀྱི་གྲུབ་མཐའ་ཆེན་མོ། ལྕང་སྐྱའི་གྲུབ་མཐའ། ཐུའུ་བཀྭན་གྲུབ་མཐའ་སོགས་རང་རྐང་དུ་བརྩམས་པའི་གྲུབ་མཐའི་དཔེ་ཆ་རྣམས་ལ་མཇལ་ཀློག་བྱས་པ་ལས་སྔོན་ཆད་རྙེད་མ་བྱུང་བའི་གོ་བ་དང་། རྟོགས་མ་མྱོང་བའི་ངེས་ཤེས་གྲངས་མེད་པ་ཞིག་རང་བློ་ལ་ཐོབ་སྟེ་སྤྲོ་བས་མྱོས་པར་གྱུར། དེ་ཡང་ཞིབ་ཏུ་བསམ་གཞིག་ཅིག་བཏང་ན། དེ་ནི་གྲུབ་མཐའི་གཞུང་ལུགས་རང་རྐྱ་པ་བྱུང་ནས་ལོ་ངོ་སྟོང་ཙམ་འདས་པའི་བར་གླགས་འདིར་ལེགས་བཤད་རོལ་མཚོ་ལྟ་བུའི་གྲུབ་མཐའི་གཞུང་ལུགས་མང་དུ་བྱུང་ཡོད་ངེས་པ་གོང་ལྟར་ལགས་ནའང་འདི་ལྟ་བུའི་གྲུབ་མཐའ་ཁག་གི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ལྟ་ཚུལ་ཁག་ངེད་ཅག་གི་དུས་རབས་ཀྱི་ཁམས་དབང་མོས་པ་དང་མཐུན་པར་ཁ་གསལ་ཞིང་གོ་བདེ་བ། བློ་དང་འཚམ་པ་ཞིག་དཀའ། དེ་ཡང་མ་གཞིར་རྩོམ་པ་པོ་ཁོང་ཉིད་སྔོན་མཚན་ཉིད་རིག་པའི་རྩོད་གྲྭ་ནས་བགྲང་བྱ་ཉི་ཤུ་ལྷག་གི་ཡུན་ལ་སྒྲ་ཚད་ལ་སྦྱངས་པ་སྔོན་སོང་གིས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོའི་འཇིངས་པ་ལ་བརྒལ་ནས་ལྷ་ལྡན་རབ་འབྱམས་པའི་བསླབ་གནས་ངེས་དོན་དུ་བཞེས་པ་ཡིན་པའི་རྨང་གཞིའི་ངོས། ནུབ་གླིང་མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ། ཆབ་སྲིད་རིག་པ། ཡིག་ཚགས་རིག་པ་སོགས་ལ་གཟིགས་རྟོག་མཛད་པ་བཅས་དེང་རབས་ཀྱི་དཔེ་ཀློག་དང་ཉམས་མྱོང་སྟོང་གིས་ཕྱུག་པའི་འབྲས་རྟགས་ཡིན་ངེས། ལྷག་དོན་ཁོང་ཉིད་དེང་རབས་ཀྱི་སློབ་གསོ་རིག་པ་ལ་ཤིན་ཏུ་མཁས་པས་སྔོན་གྱི་གཞུང་ལུགས་འཆད་ཁྲིད་ཀྱི་སྲོལ་ལས་འགོངས་ཏེ་གཞུང་དོན་གང་གི་སྐབས་སུ་ཐོག་མར་ནང་རིག་གི་རྨང་གཞི་ཞན་པའི་ད་ལྟའི་སློབ་མའི་ཁམས་དང་གནས་བབ་ལ་བསྟུན། གོ་སླ་བའི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་ནག་པོ་འགྲོ་ཤེས་སུ་བཤད། ད་དུང་སྐབས་ཀུན་ཏུ་ཕྱི་ནང་གི་མཚན་ཉིད་རིག་པ་དང་གཏན་ཚིགས་རིགས་པས་གནས་ལུགས་གཙོར་འདོན་གནང་བ་དང་ལྷན་དུ་ཚན་རིག་དང་གཤིབ་བསྡུར་གྱི་ཞིབ་འཇུག་གིས་དཀའ་གནད་དག་ལ་དངོས་ཡོད་ཀྱི་སྒོ་ནས་ར་སྤྲོད་བྱེད་པ་འདི་དག་གིས་དཔེ་ཆ་འདི་ཉིད་ཀློག་པ་ནི་གྲུབ་མཐའི་དཔེ་ཆ་གཞན་ཀློག་པ་ལས་བོད་རིག་པ་དོན་གཉེར་མཁན་སྤྱི་དང་སྒོས་སུ་ནང་རིག་སྤྱི་ཁོག་ཤེས་འདོད་པ་དང་ཞིབ་འཇུག་བྱེད་མཁན་དག་ལ་བློ་སྐྱེད་མྱུར་དུ་སྟེར་ཅིང་དགེ་མཚན་ཤིན་ཏུ་ཆེ་བར་གོར་མ་ཆག་གོ ། མདོར་ན་བོད་རིག་པ་སློབ་གཉེར་དང་ཞིབ་འཇུག་འདོད་མཁན་གང་ཡིན་ཡང་དང་པོ་གང་ལ་འཇུག་པའི་ཡུལ་དང་གོ་རིམ་མ་འཆུགས་མ་འཛོལ་པ་གལ་ཆེ་ངོས། དཔེ་ཀློག་བྱ་བ་ཡང་གོང་གསལ་གྱི་དཔེ་ཆ་དེ་དག་དང་དེ་དག་ལྟ་བུ་རེ་བདམ་པར་བྱ་ཞིང་། བདམ་བྱ་དེ་ཡང་ཀློག་རྐྱང་ཙམ་རེས་དང་རེ་གཉིས་བཀླགས་པ་ཙམ་གྱིས་མི་ཆོག ཀློག་གྲངས་ཇི་ཙམ་གྱིས་མང་ན་གོ་རིགས་དེ་ཙམ་གྱིས་རྙེད་པས་བཀླགས་གྲངས་ཧ་ཅང་གཙོ། དེ་ལྟར་རང་ལ་གོ་རིགས་བརྟན་པོ་དང་ཆུ་ཚད་ངེས་ཅན་ཞིག་རྙེད་པ་ན་ད་གཟོད་ཕྱི་ནང་གི་དཔེ་ཆ་སྣ་ཚོགས་བཀླགས་པ་དང་གཤིབ་བསྡུར་ཞིབ་འཇུག་བྱས་ན་འོས་ཤིང་རིགས་པར་འདོད་དོ། །དེས་ན་བཀླགས་པའི་དཔེ་ཆའི་གྲངས་ཀ་མི་གཙོ། དེ་ཉིད་ཡང་ཡང་བཀླགས་པའི་ཚར་གྲངས་གཙོ་བ་ཡིན་པའི་ཕྱིར་རོ། །
ཀྭ་ཡེ་བློ་གསལ་གཞོན་ནུ་དག །
ཕྱི་སྨོན་ངོ་དགས་མི་འཚོ་བར། །
དཔེ་མང་ཚར་རེ་བཀླགས་པ་ལས། །
དཔེ་གཅིག་བརྒྱ་ཚར་བཀླགས་འདི་མཆོག །ཅེས་པ་འདི་ནི་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མཐར་སྐྱེས་པའི་ཐ་སྙད་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་སུ་འབོད་པས་ནུབ་བྱང་མི་རིགས་སློབ་ཆེན་གྱི་རང་ཤག་སྐྱིད་པའི་གུར་ཁང་ནས་སྦྱར་པ་ཉིས་སྟོང་བཅུ་གཉིས་ལོའི་སྦྲང་ཆར་དེབ་གཉིས་པ་རུ་འཁོད་པ་ལ་དཔྱོད་ལྡན་འགའ་ཞིག་གིས་གླེང་བསླངས་པ་ལ་བརྟེན་ནས་སླད་ཀྱིས་འཕྲི་སྣོན་ཅུང་ཟད་དང་བཅས་ཏེ་ཕུལ་པ་དགེ
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་རིག་པར་ཐོས་བསམ་བྱས་པའི་དཔེ་ཀློག་ཟིན་ཐོ་ རིག་པའི་བཤུལ་ལམ།

2012-08-27 ཁྱུང་ཕྲུག་བློ་བཟང་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།