དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡

  སྤྱིར་རྩོད་རྙོག་དང་གླེང་བརྗོད་བཟོ་བ་ནི་རིག་གཞུང་གི་ལས་ལ་འཇུག་མཁན་ཞིག་གི་ངོས་ནས་དོན་སྙིང་མེད་པ་ཞིག་ཡིན་ལ།    ལྟག་པར་དུ་རིག་གཞུང་གི་ཟབ་ཚད་དང་ཐབས་ཤེས་སོགས་གང་གི་ཆ་ནས་ཞིབ་འཇུག་གི་རྩོམ་ཡིག་ལེགས་པོ་ཞིག་ལ་བརྩི་དཀའ་བའི་༼ཟིན་བྲིས༽དག་ལ་དཔྱད་པ་གཏོང་རྒྱུ་ནི་དེ་འདྲའི་དོན་སྙིང་ཡོད་པ་ཞིག་ཏུ་མ་མཐོང་།    ཡིན་ན་ཡང་།   ལོ་འདི་དག་གི་རིང་ལ་མི་ཁ་ཤས་ཀྱིས་རང་ཉིད་གློ་བུར་རྟོགས་པ་སད་པའི་འདུ་ཤེས་སྐྱེས་ནས།   ལོ་རྒྱུས་སྟེང་དུ་བྱུང་མྱོང་བའི་སངས་རྒྱས་ཆོས་ལུགས་སྐོར་གྱི་རྩོད་པ་སྟེ།   དཔེར་ན།   ༼ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་བརྩི་བའི་འདོད་པ། ༽དང་༼གསང་སྔགས་རྡོ་རྗེ་ཐེག་པ་ནང་བསྟན་མ་ཡིན་པར་ཕྱི་རོལ་བའི་ཆོས་ཡིན་ཚུལ༽དང་།   ༼བོད་བརྒྱུད་ནང་བསྟན་ནི་ཆོས་ལོག་ཡིན༽པའི་ལྟ་བ་སོགས་རང་གིས་གསར་དུ་རྙེད་པར་སྨྲ་བ་ནི་ལྟ་རྒྱ་དང་མཐོང་རྒྱ་ཆུང་བའམ་ཡང་ན་མཁས་འདོད་གྲགས་འདོད་ཀྱི་གླེང་ཕྱོགས་བཟོ་བ་གང་ཡིན་མི་ཤེས།   ཡིན་ནའང་།  རོ་ལ་གསོད་པའི་དགེ་བ་མེད་པ་བཞིན་དུ་སྔོན་གྱི་རྩོད་གཞི་དག་ལའང་བསམ་བློ་དང་དཔྱད་ཐབས་སོགས་གསར་བ་མེད་པར་བསྐྱར་དུ་བཤད་པའི་དགོས་པ་མ་མཆིས་ལ།     དེ་ན་རང་རེའི་སངས་རྒྱས་ཆོས་ལུགས་ཞིབ་འཇུག་ཕྱོགས་རེ་བ་ཅན་དང་།    མཐའ་ལ་ལྷུང་བ་ཞིག་ཏུ་འགྲོ་བའི་ཉེན་ཁ་ཆེ་བའི་དུས་འདིར།   གནད་དོན་ཁ་ཤས་གསེད་བཀྲོལ་མ་བྱས་ན།    དྲ་ངོས་དང་དུས་དེབ་སོགས་སུ་་བཤད་པའི་སྐད་ཆ་ཁ་ཤས་ལྟར།    ༼གསང་སྔགས་རྡུལ་དུ་བརླགས་འདུག༽དང་༼སངས་རྒྱས་ཆོས་ལུགས་ནི་རྫུན་གྱི་ཕུང་པོ་འབའ་ཞིག་ཡིན༽་སོགས་ཀྱི་སྐད་ཆ་དག་ཇེ་མང་དུ་འགྲོ་བ་དང་།   ཡང་ན།   དེ་དང་མཉམ་དུ་མི་ཁ་ཤས་ལ་གློ་བུར་དུ༼རྟོགས་སད་པ་དང་༽༼བསམ་བློ་བ་༽༼དོགས་སློང་མཁན་༽སོགས་ཀྱི་ཆོ་ལོ་ཇེ་མང་དུ་འགྲོ་བཞིན་འདུག   སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་དེ་ལྟའི་སྐྱེས་བུ་བྱུང་དང་འབྱུང་སྲིད་པ་ཞིག་ཡིན་མོད།      གོང་གི་ཆོ་ལོ་ཅན་འདི་དག་གི་གྲས་སུ་འདི་ལྟའི་སྐྱེས་བུ་ཆེན་པོ་ཡོད་པར་མ་མཐོང་སྟེ།   རྒྱུ་མཚན་ཁོ་ཚོའི་བཤད་ཚུལ་མང་དག་རིགས་པས་དཔྱད་མི་བཟོད་པའམ།   ཡང་ན་སྔོན་ལ་བཤད་ཟིན་པ།  རིགས་ལམ་དང་གཞི་འཛིན་ས་མེད་པར་ཆགས་སྡང་གིས་རྗེས་སུ་འབྲངས་ནས་དགའ་ཕྱོགས་ལ་གཏམ་བཤད་པ་དང་།      ཡང་ན་གང་བྱུང་དུ་ལབ་བརྡོལ་བྱེད་པ་སོགས་ཤུགས་ཆེ་བས་ཡིན།    ལོ་འདི་གར་འདིའི་རིགས་ཀྱི་རྩོམ་ཡིག་མང་དག་ཅིག་སྤེལ་པ་རེད། སྤྱིར་རིགས་པ་སྨྲ་བའི་ཁྲོད་དུ་དེ་དག་ལ་ཤུགས་རྐྱེན་ཅི་ཡང་མེད་མོད།  ལོ་གཞོན་སློབ་མ་དང་།   སྤྱི་ཚོགས་ཐོག་གི་ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་མི།   ཡང་ན་གྲྭ་ས་ནས་སླར་སྤྱི་ཚོགས་སུ་ལྡོམ་པའི་མི།     དེ་དག་གིས་ནི་ཆེན་པོར་རློམ་ནས་ཁྲོམ་བསྒྲགས་དང་།   དྲ་སྟེང་ནས་དར་ཁྱབ་ཆེ་བར་གྱུར་པས།  རྩོམ་དེ་དག་འབྲི་མཁན་གྱི་མི་ལ་ཚོང་ར་ཡོད་པར་གྱུར་ཏེ།   ཁོ་ཚོའི་སྐད་གསེང་ཇེ་མཐོ་དང་།  ཚིག་ཇེ་སྦོམ།  གནས་ལུགས་ཅི་ཡང་མི་རྩི་བ་ཞིག་ཆགས་འདུག་མོད།       རྩོམ་དེ་དག་རེ་རེ་ལ་དཔྱད་པའི་དགོས་པ་མ་མཆིས་ལ།   ཕྱོགས་གཞན་ཞིག་ནས་བཤད་ན།   གཅིག་བཀག་ན་ཀུན་ཁེགས་པ་ལྟར་དུ་སྣང་བས་ན།   རེ་རེ་བཞིན་དགག་པའི་ངལ་བ་མ་བྱས་སོ།།     རྩོམ་དེ་དག་ལས་ཤེས་བྱའི་རྣམས་གྲངས་དང་ཞིབ་ཚགས་ཅུང་ཡོད་པ་མ་ཟད།   ཤུགས་རྐྱེན་ཡང་ཅུང་ཡོད་པ་ནི་ཚ་བ་མདའ་སྨྱུག་ཟེར་བ་དེས་བྲིས་པའི་རྩོམ་དག་ཡིན་ལ།     མི་འདིས་བྲིས་པའི་་རྩོམ་ཀྱང་ཁ་ཤས་ཡོད་མོད་རེ་རེ་བཞིན་ཀློག་པའི་དུས་ཚོད་མ་བྱུང་།   དེའི་ནང་གི་གཅིག་སྟེ་༼དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་དཔྱད་པ་༽ཞེས་པའི་རྩོམ་དེར་ཉམས་ཞིབ་ཅུང་ཟད་བྱས་ཏེ།     འདིར་ཀློག་པ་པོ་སྟབས་བདེ་བའི་ཕྱིར་ཏུ་ཁོས་བྲིས་པའི་སྐད་ཆ་དག་ཇི་བཞིན་བཤུས་ཡོད་ལ།   མཇུག་ཏུ་དེའི་རང་ཉིད་ཀྱིས་དེ་ལ་དབྱེ་ཞིབ་དང་དཔྱད་པ་བྱས་ཡོད།    

 ཁོས་བཤད་རྒྱུར།   
 རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་བ་བཞི་བྱུང་ཞིང༌། དེ་འཛིན་གྱི་མཁས་པ་དེ་ཚོས་རང་རང་གི་ལུགས་དེ་ཁོ་ན་དབུ་མའི་གྲུབ་མཐའ་དང༌། གཞན་དག་རྟག་ཆད་ཅན་དུ་འདོད། བོད་ཡུལ་གྱི་མཁས་གྲུབ་རྣམ་པས་དེ་བཞི་ཡི་ཁྲོད་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དེ་ཁོ་ན་དབུ་མའི་གྲུབ་མཐའ་ཡིན་རྒྱུར་བྱས་ཏེ། ལུགས་དེ་དང་མི་མཐུན་པའི་གྲུབ་མཐའ་གཞན་གསུམ་གྱི་རྣམ་གཞག་ཡོད་ཚད་ཕྱིན་ཅི་ལོག་འབའ་ཞིག་ཡིན་ཚུལ་དང༌། གྲུབ་མཐའ་འདི་ལ་ནི་དུས་དང་རྣམ་པ་ཀུན་ཏུ་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མི་སྲིད་པ་དང༌། གྲུབ་མཐའ་འདིའི་དགོངས་པ་དྲི་མ་མེད་པ་དེ་ལོན་མཁན་ནི་རང་དང་རང་གི་ཆོས་བརྒྱུད་འདི་གཅིག་པུ་ཡིན་པ་སོགས་སྨྲ་སྲོལ་ཡོད་པ་རེད།

  ༼རྒྱལ་གར་འཕགས་པའི་ཡུལ་དུ་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་བ་བཞི་བྱུང་༽ཞེས་པ་འདི་ཧ་ཅང་གིས་རགས་པ་སྟེ།   སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཡས་མས་ནས་དགེ་འདུན་གྱི་སྡེ་ཕན་ཚུན་མི་མཐུན་པ་མང་དུ་བྱུང་བ་དང་།   སྤྱི་ལོ་སྔོན་གྱི་ལོ་༣༧༠ནས་སྤྱི་ལོ་༡༥༠བར་ཐེག་ཆེན་གྱི་བསྟན་པ་དར་བའི་བར་དུ་ལོ་༥༠༠རིང་ལ་གྱེས་པ་མང་དུ་བྱུང་བ་སྟེ།   དང་པོ་མང་བཀུར་བ་དང་ཕལ་ཆེན་སྡེ་བ་གཉིས་སུ་གྱེས་པ་དང་།   དེ་ནས་ཉན་ཐོས་སྡེ་བ་ཉི་ཤུའི་གྱེས་པ་བྱུང་ལ།   དེ་ལས་ཀྱང་གནས་བརྟནSthviravada་སྡེ་བ་བཅུ་གཅིག་དང་།  ཕལ་ཆེན་Mahasanghikaསྡེ་བ་དགུ་སོགས་ཀྱི་གྱེས་པ་བྱུང་།   དེ་ནས་ཐེག་པ་ཆེན་པོའི་སྐབས་སུ་ཐོགས་མེད་དང་བྱམས་མགོན།   ཀླུ་སྒྲུབ་དང་ཨརྱ་དེ་བ་སོགས་ཀྱི་འདོད་ཚུལ་སོ་སོར་དགར་དུ་ཡོད་པས་ནས་དེ་དག་གྲུབ་མཐའ་བཞི་ཁོ་ནར་བཤད་པ་ནི་ཆ་མ་ཚང་བའི་གཏམ་ཡིན།  གཞན་ཡང་།  སྤྱིར་ནང་བའི་གྲུབ་མཐའ་ལ་ཐེག་ཆེན་དང་ཐེག་དམན།   གསང་སྔགས་རྡོ་རྗེ་ཐེག་པ་གསུམ་དུ་དབྱེ་བའང་དེང་རིག་གཞུང་གི་འགྲོ་ལུགས་ཤིག་ཏུ་ཆགས་འདུག      གྲུབ་མཐའ་བཞིའི་བཤད་ཚུལ་འདིའང་གདོད་མའི་ནང་བསྟན་གྱི་བཤད་ཚུལ་ཞིག་མིན་ལ།      རྒྱ་གར་བའི་ནང་བསྟན་དེ་སྔ་དར་དང་བར་དར་ཕྱི་དར་གསུམ་དུ་དབྱེ་བའི་དབང་དུ་བཏང་ན།   སྔ་དར་ནི་སངས་རྒྱས་བཞུགས་པའི་དུས་དང་ཉན་ཐོས་སྡེ་བའི་དུས།   བར་དར་ནི་ཀླུ་ཐོགས་སོགས་ཀྱི་འདོད་པའི་རང་བཞིན་གྱིས་སྟོང་བར་བཞེད་པའི་ཤེར་ཕྱིན་དང་དབུ་མའི་ལུགས།    ཕྱི་དར་ནི་བདེ་གཤེགས་སྙིང་པོའི་ངེས་དོན་གྱི་སྐབས་སོགས་སུ་དབྱེ་བ་ལས།   གྲུབ་མཐའ་བཞི་ཟེར་བ་ནི་ཐེག་ཆེན་གྱི་སློབ་དཔོན་དག་གི་རང་གི་འདོད་ཚུལ་གྱིས་བཞག་པའི་ཕྱོགས་སྡོམ་གྱི་བཤད་སྲོལ་ཞིག་ཏུ་འཁུམས་ལ།   གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་༼༡༨༡༣ནས༡༨༩༤༽ཤེས་བྱ་ཀུན་ཁྱབ་ལས།
༼ །ཤིང་རྟའི་སྲོལ་འབྱེད་སྟོན་པ་ལས་ཕྱིས་སུ་བྱུང་བའི་གང་ཟག་རྣམས་ཀྱིས་བྱས་པའི་ཕྱིར་གྲུབ་མཐའ་བཞི་པོ་ནི་གང་ཟག་སོ་སོའི་རང་བློས་རྣམ་པར་དཔྱད་པའི་ལྟ་བ་མཐར་ཐུག་གི་གྲུབ་དོན་ཏེ།༽ཞེས་གང་ཟག་སོ་སོའི་བློས་བཞག་པའི་དབང་གིས་གྲུབ་མཐའི་རྣམ་པར་བཞག་པ་བྱུང་བ་ལས།   སྔ་དར་ནང་བསྟན་གྱི་ནང་དོན་སོགས་མ་ཡིན་པ་ཤེས་ལ།    རྒྱ་གར་གྱི་གྲུབ་མཐའ་དེ་ཚོས་རང་རང་གི་ལྟ་བ་བཤད་པ་ལས་ཁོ་བོ་ནི་གྲུབ་མཐའ་འདིའོ་ཞེས་བཤད་པའི་སྲོལ་མེད་ལ།   ཐ་ན་ཀླུ་འཕགས་གཉིས་དབུ་མའི་སྤྱི་དཔོན་ཡིན་ནའང་།   ཐལ་འགྱུར་བས་དེ་གཉིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ལ་འཇོག་པ་ལྟ་བུའོ།།  
  ༼ཁོ་ཚོས་རང་རང་གི་གྲུབ་མཐའི་དེ་ལུགས་ཁོ་ན་དབུ་མ་དང་།  གཞན་དག་རྟག་ཆད་དུ་འདོད་༽ཟེར་བ་ནི་ཧ་ཅང་རྨོངས་པའི་གཏམ་ཡིན་ལ་ལུང་ཁུངས་སོགས་གང་ཡང་འདྲེན་རྒྱུ་མེད་པར་གང་བྱུང་དུ་སྨྲས་པ་གསལ་ཏེ།   བོད་དུ་དར་བའི་གྲུབ་མཐའ་དག་གིས་རང་རང་གི་ལུགས་དབུ་མ་བར་བཞེད་པ་མ་གཏོགས།   རྒྱ་གར་གྱི་གྲུབ་མཐའ་དག་གིས་རང་རང་དབུ་མར་བཞེད་སྲོལ་ཞིག་ཡོད་པ་རིགས་པས་མི་གྲུབ་སྟེ།   རྒྱུ་མཚན་གྲུབ་མཐའ་གོང་མའི་སྐབས་སུ་གྲུབ་མཐའ་འོག་མ་དར་མེད་པའམ།   ཡང་ན།  ཁོ་ཚོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དམིགས་ནས་བཤད་ན།   དབུ་མ་སྔོན་དང་སེམས་ཙམ་རྗེས་སུ་བྱུང་བས།   སེམས་ཙམ་པས་རང་ཉིད་དབུ་མ་ཡིན་ཞེས་གཞུང་གང་དུ་བཤད་འདུག     ཉན་ཐོས་སྡེ་བ་སོགས་ཀྱིས་ཐེག་ཆེན་བཀར་མི་འདོད་ན་རང་ཉིད་དབུ་མ་བར་ཇི་ལྟར་འདོད།    ཉན་ཐོས་སྡེ་བ་དག་གི་གྱེས་པ་བྱུང་ཚུལ་སོགས་ནི་རུང་མ་ཡིན་པའི་གཞི་བཅུ་བཞི་སོགས་འདུལ་ཁྲིམས་ཀྱི་སྟེང་ནས་གྱེས་པ་བྱུང་བ་ལས་ལྟ་བའི་ཆ་ནས་གྱེས་པ་བྱུང་བའང་མིན་ལ།   རྗེས་སུ་བྱུང་བའི་གྲུབ་མཐའ་སྨྲ་བ་བཞི་ཟེར་བའང་རྗེས་སུ་བྱུང་བའི་མཁས་པ་ཚོས་སྔོན་གྱི་མཁས་པའི་འདོད་པར་ཞིབ་འཇུག་དང་དཔྱད་འཇོག་གིས་ཕྱོགས་སྡོམ་བྱས་པ་ལས།   ཁོ་ཚོ་རང་རང་གིས་༼ང་བྱེ་བྲག་སྨྲ་བ་ཡིན༽དང་༼ང་མདོ་སྡེ་བ་ཡིན༽ཞེས་རྟགས་བརྒྱབ་པ་ནི་ག་ལ་ཡིན།     བོད་ཡུལ་གྱི་མཁས་གྲུབ་ཚོས་དབུ་མ་བ་ལས་གཞན་དག་ཕྱིན་ཅི་ལོག་ཏུ་འཛིན་ཟེར་བའང་།  ཐལ་ཆེ་བའི་གཏམ་སྟེ།    བོད་ལ་ཡོངས་གྲགས་སུ༼གྲུབ་མཐའ་འོག་མ་འོག་མ་གོང་མ་གོང་མ་རྟོགས་པའི་རྒྱུ་༽རུ་བཤད་སྲོལ་ཡོད་པ་ལས།    ཕྱིན་ཅི་ལོག་ཏུ་ལྟ་བ་ཡིག་ཆ་གང་དུ་གསལ།   གཞན་ཡང་།  གདུལ་བྱའི་བློ་དང་མཚམས་པར་གྲུབ་མཐའི་དགོངས་པ་འགྲེལ་བ་སྟེ།    དཔེར་ན་ཐེག་པ་ཆེན་པོ་རྒྱུད་བླ་མ་ལྟ་བུར་མཚོན་ནའང་།  རྔོག་ལོ་ཆེན་པོ༼༡༠༥༩ ནས༡༡༠༩༽།  གྲོ་ལུང་པ༼དུས་རབས་༡༡པའི་མི༽།  ཕྱྭ་པ་ཆོས་ཀྱི་སེང་གེ༼༡༡༠༩ནས༡༡༦༩༽།  གཙང་ནགས་པ༼དུས་རབས་༡༡༽་སོགས་ཀྱི་བདེ་གཤེགས་སྙིང་པོ་དབུ་མའི་ལུགས་ཀྱི་དོན་དམ་བདེན་པར་བཀྲལ་།   གཞན་ཡང་།   བཙན་ཁ་བོ་ཆེ་སོགས་བཙན་ལུགས་པ་རྣམས་སེམས་ཙམ་པའི་ལུགས་སུ་འགྲེལ་བ།      དེ་དེང་དུས་ཀྱི་ཉམས་ཞིབ་བྱེད་སྟངས་གསར་བ་དང་ཧ་ཅང་གིས་མཐུན་ཏེ།    སྔོན་མའི་གྲུབ་མཐའ་ལ་ཐེ་ཚོམ་དང་སྐྱོན་བརྗོད་པའི་རྨང་གཞིའི་སྟེང་ནས་རང་གིས་དེའི་ལུགས་ཀྱི་རྣམ་བཞག་བྱེད་པ་ནི་ཆོས་ཉིད་དང་མཐུན་པ་ཡིན་ནོ།།   གཞན་ཡང་རང་སྡེ་ནང་བ་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ཞེས་བཤད་པ་ལས།   ཁོ་ཚོས་དབུ་མ་བ་ལས་གཞན་གསུམ་ཕྱིན་ཅི་ལོག་ཏུ་འཛིན་ན་རང་སྡེ་ནང་བ་ལ་ཕྱིན་ཅི་ལོག་གི་གྲུབ་མཐའ་དང་།  ཡང་དག་པའི་གྲུབ་མཐའ་གཉིས་སུ་ཅི་ལ་མི་དབྱེ།     ད་དུང་དབུ་མའང་རང་རྒྱུད་དང་ཐལ་འགྱུར་བ་གཉིས་ལས།   ཐལ་འགྱུར་བའི་ལྟ་བ་ཐེ་ཚོམ་དང་དོགས་སློང་མཛད་མཁན་མང་དུ་ཡོད་ལ།   ཅི་ཞིག་ལ་ཐལ་འགྱུར་བ་ཟེར་བ་སོགས་ད་དུང་རིག་གཞུང་ཞིབ་འཇུག་གི་དཀྲོལ་མ་ཐུབ་པའི་མདུད་པ་ཡིན་མོད།   གྲུབ་མཐའ་སྨྲ་བ་རང་ཉིད་ལ་མཚོན་ན་རང་ཉིད་ཀྱི་ལྟ་བ་ཡང་དག་ཡིན་པར་འདོད་པ་ཧ་ཅང་གལ་ཆེ་ཏེ། གྲུབ་མཐའ་ཟེར་བའང་དོན་དངོས་སུ་རང་ཉིད་ཀྱི་འདོད་ཚུལ་ཡིན་ཏེ།    གལ་ཏེ་རང་ཉིད་ཀྱི་་འདོད་ཚུལ་རང་ཉིད་ཀྱིས་བདེན་པ་འཁྲུལ་བ་མེད་པར་མི་འདོད་ན།    མཆི་མ་གནམ་འཕང་རང་གི་ངོ་མ་ཡིན་ནམ།    དེས་ཕྱིར་གྲུབ་མཐའ་ཟེར་བའང་རང་ཉིད་ཀྱི་འདོད་ཚུལ་དང་ལྟ་བ་རིགས་ལམ་གྱིས་འཇིག་རྟེན་གྱི་རྣམ་བཞག་ཐམས་ཅད་ལ་འགྲེལ་བརྗོད་བྱེད་ཐུབ་པ་ཞིག་ཏུ་བཤད་པ་ཡིན་པའི་གནད་ཀ་འདི་ལ་བསམ་བློ་ཞིབ་ཏུ་གཏོང་འོས།   

  དེ་བས་ཁོ་བོས་ཆེད་དུ་བོད་དར་དབུ་མའི་ལྟ་གྲུབ་ཀྱི་གནད་གསང་འགའ་ཞིག་ལ་དཔྱད་པའི་སྤྲོ་བ་བརྟས་ཤིང༌། ལུགས་དེའི་གཞུང་གང་ཡིན་བདེན་པ་གཉིས་ཀྱི་སྒོ་ནས་ཁོག་ཕུབ་ཡོད་པའི་རྒྱུ་མཚན་གྱིས། འདིར་ཡང་ཀུན་རྫོབ་དང་དོན་དམ་གྱི་རྣམ་གཞག་གཉིས་སུ་ཕྱེས་ན་ལེགས་པར་འདོད།

 སྐབས་འདིར་བསླེབས་དུས་ཁོ་བོའི་སེམས་སུ་རྡོ་སྦིས་དགེ་བཤེས་ཀྱིས་དགེ་འདུན་ཆོས་འཕེལ་ལ་༼ཁྱོད་ཀྱི་འདི་འདྲ་ཞིག་ཀླུ་སྒྲུབ་དགོངས་རྒྱན་ཡིན་ན།  རྒན་མོ་ངུས་པའང་ཀླུ་སྒྲུབ་དགོངས་རྒྱན་ཡིན་ནོ་༽ཟེར་པའི་སྐད་ཆ་དེ་ཡིད་ལས་དྲན་བྱུང་།   སྤྱིར་དབུ་མའི་ལྟ་བར་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་སོགས་བཤད་དུ་ཡོད་པ་ལས།   དེར་གསང་བའི་ཁྱད་ཆོས་མེད་པས་   ༼གནད་གསང་༽ཟེར་བའི་ཐ་སྙད་བཀོལ་ཚུལ་ལ་བལྟས་ན།   ད་ལྟའི་བཤད་ཚོད་ལྟར་ཁོས་དབུ་མའི་གསང་ཨང་རྙེད་པ་ལྟ་བུའི་དགོད་བྲོ་བ་ཞིག་རེད།    དེང་གསང་ཨང་ཟེར་བ་དང་གནད་གསང་ཟེར་བ་འདི་བརྙན་འཕྲིན་དང་དྲ་བ།   ཚགས་ཤོག་སོགས་སུ་ཀློག་མཁན་འགུགས་པའི་གཡོ་ཐབས་ཀྱིས་བཤད་པའི་སྐད་ཆ་ཡིན་པ་ལས་སྤྱི་ཚོགས་ཚན་རིག་དང་ཆོས་ལུགས་མཚན་ཉིད་ལ་གསང་ཨང་མེད་ལ་གནད་གསང་དེ་ལས་མེད།   དེའི་ཕྱིར་དེང་དུས་ཀྱི་ཏར་ཧྥིན་ཆིའི་གསང་ཨང་དང་།   བོད་ཁུལ་གྱི་གསང་ཨང་།  བོད་བརྒྱུད་ནང་བསྟན་གྱི་གསང་ཨང་སོགས་དེབ་དང་རྩོམ་ལ་ཁ་བྱང་འཇོག་པ་ནི་ཀློག་མཁན་འགུགས་པའི་དམིགས་ཡུལ་ཡིན་པ་ལས་གཞན་མེད་ལ།   ཁྱོད་ཀྱི་གནད་གསང་ཟེར་བ་འདི་དབུ་མའི་ལུགས་ལ་སྦྱར་ན་ཧ་ཅང་མི་འོས་ཏེ།    དབུ་མའི་གནད་རྣམས་གསང་བའི་དགོས་པ་མེད་པས།   དེ་དག་ཀློག་མཁན་ལ་གཡོ་སྒྱུའི་ཚིག་གིས་བསླུས་པའི་སྣང་བ་སྟེར་རོ།།   
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡

2012-05-24 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།