མིག་ཆུ། མིག་ཆུ། མིག་ཆུ།

དམེ་ཤུལ་རྣམ་ཐར་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-11


ཞོགས་པ་དེ་ཡི་དྭངས་གཙང་མཁའ་དབུགས་དེ།།
ཡུན་གྱིས་བརྔུབས་ཤིང་ཡུན་རིང་བརྔུབས་ན་ཡང་།།
སེམས་པར་འཐིབས་པའི་ན་ཟུག་དྲག་པོ་དེས།།
མཛེས་པའི་ཁོར་ཡུག་མུན་པའི་གཡང་ལ་འཕངས།།

ཡོད་ཚད་གསར་བ་གསར་རྐྱང་ཡིན་འདྲ་བའི།།
ལྟར་སྣང་འཁོར་བ་འདི་ལ་བདེན་པ་ཅི།།
ཆུ་བོའི་ཤག་སྒྲ་བྱ་བྱེའུ་སྐད་སྙན་སོགས།།
ན་ཟུག་མཐིལ་ལ་ཟུག་པའི་རོལ་དབྱངས་འདྲ།།

འཚོ་བའི་གཡོར་གྲུར་བ་དན་འདེགས་སྐྱོར་དབེན།།
འབྱམས་ཀླས་རྒྱ་མཚོའི་འཇིངས་སུ་ཁ་ཕྱོགས་བོར།།
བརྩེ་བའི་གྲོང་ལ་ཉི་འོད་འཛུམ་མདངས་ཆད།།
སྡུག་བསྔལ་ཀློང་ན་ལོ་མ་སྐྱ་བོ་བཞིན།།

ཆུ་ལྟར་བཞུར་བའི་ལོ་ཟླའི་བརྩེགས་རིམ་ཁྲོད།།
སྟོབས་དང་ལྡན་པའི་འཁོར་བར་འཁོར་ཀྱང་།།
བརྩེ་བའི་ལམ་ཁར་རྐང་པ་མ་ཞོག་པར།།
དུངས་པའི་རྨི་ལམ་ནང་ནས་མགོ་བོ་འཁོར།།

སུ་དང་གང་གིས་རྙེད་ཀྱང་བསྐྱུར་དགོས་པའི།།
འཚོ་བའི་བཤུལ་ལམ་རིང་མོའི་ལོངས་སྤྱོད་འདི།།
དགའ་སྐྱོ་ཆགས་སྡང་ཀློང་ནས་བསྐྱལ་དགོས་པས།།
རེ་དགའ་རེ་སྐྱིད་འཚོ་བའི་གཤིས་སུ་གྲུབ།།

ཤ་ཁྲག་རུས་རྐང་གཏིང་ན་རྒྱུ་བ་དང་།།
དོན་ལྔ་སྣོད་དྲུག་ལམ་ནས་བཙགས་བཙགས་རྗེས།།
གྱ་གྱུའི་རྩ་ལམ་ཁུགས་པའི་འཕྲང་བརྒྱུད་ནས།།
དབང་མེད་མིག་ཆུ་གདོང་ནས་ཉིལ་ཉིལ་འབབ།།

མིག་ཆུའི་ཐིགས་པའི་ཕྲེང་བ་རེ་རེ་ན།།
དགའ་སྐྱོ་ཆགས་སྡང་གཏམ་རྒྱུད་བྲིས་ནས་ཡོད།།
ཡ་ཆུང་བརླན་པའི་བརྩེ་བ་བྱོས་ནས་ཡོད།།
དགའ་བའི་དུངས་ཤ་དེ་ལ་འཐིམ་ནས་ཡོད།།

བརྩེ་བའི་དྭངས་ཞུན་བརྡལ་བའི་སེམས་དབུས་ན།།
ད་དུང་མ་བཤད་སྙིང་གཏམ་ཚིག་འགའ་ཡོད།།
བརྩེ་བར་འགྲོགས་པའི་ཞེ་སྡང་མཚེ་མ་ཡང་།།
དེ་དང་ལྷན་ཅིག་གནས་པར་དགོངས་དག་ཞུ།།

ངུ་ན་ངུས་ཤིག་དུངས་པའི་ངུ་བར་ཤོག།
མིག་ཆུ་གསེར་ནག་ཐིགས་པ་ཡིན་ཡང་གཏོར།།
ངུ་ན་ངུས་ཡ་སྡུག་པའི་ངུ་བར་གྱིས།།
མིག་ཆུ་རྡོ་རྗེ་ཕ་ལམ་ཡིན་ཡང་གཏོར།།

མིག་ཆུའི་གསེང་ནས་རང་ཉིད་བཙལ་བཙལ་མཐར།།
གདོང་འབག་གྱོན་པའི་རང་གི་གྲིབ་གཟུགས་མཐོང་།།
གྲིབ་གཟུགས་དེ་ལ་ཡང་ཡང་ཅེར་ཅེར་རྗེས།།
རང་གིས་རང་ཉིད་བོར་བའི་ཚོར་བ་སྐྱེས།།

སྟོན་ཟླ་དགུ་བའི་བསིལ་རླུང་འཇམ་པོ་འདི།།
མདུན་དུ་བསྐྱོད་པའི་རེ་བའི་ལག་རྟེན་ཡིན།།
གསེར་གྱི་ལོ་ལེགས་སྨིན་པའི་འབྲས་བུ་ལ།།
དགའ་བའི་སྤྲོ་གླུ་ལེན་པའི་བཀྲ་ཤིས་ཤོག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུ། མིག་ཆུ། མིག་ཆུ།

2012-10-11 དམེ་ཤུལ་རྣམ་ཐར་རྒྱལ། ཀློག་གྲངས། མཆན ཡོད།


ཞོགས་པ་དེ་ཡི་དྭངས་གཙང་མཁའ་དབུགས་དེ།།
ཡུན་གྱིས་བརྔུབས་ཤིང་ཡུན་རིང་བརྔུབས་ན་ཡང་།།
སེམས་པར་འཐིབས་པའི་ན་ཟུག་དྲག་པོ་དེས།།
མཛེས་པའི་ཁོར་ཡུག་མུན་པའི་གཡང་ལ་འཕངས།།

ཡོད་ཚད་གསར་བ་གསར་རྐྱང་ཡིན་འདྲ་བའི།།
ལྟར་སྣང་འཁོར་བ་འདི་ལ་བདེན་པ་ཅི།།
ཆུ་བོའི་ཤག་སྒྲ་བྱ་བྱེའུ་སྐད་སྙན་སོགས།།
ན་ཟུག་མཐིལ་ལ་ཟུག་པའི་རོལ་དབྱངས་འདྲ།།

འཚོ་བའི་གཡོར་གྲུར་བ་དན་འདེགས་སྐྱོར་དབེན།།
འབྱམས་ཀླས་རྒྱ་མཚོའི་འཇིངས་སུ་ཁ་ཕྱོགས་བོར།།
བརྩེ་བའི་གྲོང་ལ་ཉི་འོད་འཛུམ་མདངས་ཆད།།
སྡུག་བསྔལ་ཀློང་ན་ལོ་མ་སྐྱ་བོ་བཞིན།།

ཆུ་ལྟར་བཞུར་བའི་ལོ་ཟླའི་བརྩེགས་རིམ་ཁྲོད།།
སྟོབས་དང་ལྡན་པའི་འཁོར་བར་འཁོར་ཀྱང་།།
བརྩེ་བའི་ལམ་ཁར་རྐང་པ་མ་ཞོག་པར།།
དུངས་པའི་རྨི་ལམ་ནང་ནས་མགོ་བོ་འཁོར།།

སུ་དང་གང་གིས་རྙེད་ཀྱང་བསྐྱུར་དགོས་པའི།།
འཚོ་བའི་བཤུལ་ལམ་རིང་མོའི་ལོངས་སྤྱོད་འདི།།
དགའ་སྐྱོ་ཆགས་སྡང་ཀློང་ནས་བསྐྱལ་དགོས་པས།།
རེ་དགའ་རེ་སྐྱིད་འཚོ་བའི་གཤིས་སུ་གྲུབ།།

ཤ་ཁྲག་རུས་རྐང་གཏིང་ན་རྒྱུ་བ་དང་།།
དོན་ལྔ་སྣོད་དྲུག་ལམ་ནས་བཙགས་བཙགས་རྗེས།།
གྱ་གྱུའི་རྩ་ལམ་ཁུགས་པའི་འཕྲང་བརྒྱུད་ནས།།
དབང་མེད་མིག་ཆུ་གདོང་ནས་ཉིལ་ཉིལ་འབབ།།

མིག་ཆུའི་ཐིགས་པའི་ཕྲེང་བ་རེ་རེ་ན།།
དགའ་སྐྱོ་ཆགས་སྡང་གཏམ་རྒྱུད་བྲིས་ནས་ཡོད།།
ཡ་ཆུང་བརླན་པའི་བརྩེ་བ་བྱོས་ནས་ཡོད།།
དགའ་བའི་དུངས་ཤ་དེ་ལ་འཐིམ་ནས་ཡོད།།

བརྩེ་བའི་དྭངས་ཞུན་བརྡལ་བའི་སེམས་དབུས་ན།།
ད་དུང་མ་བཤད་སྙིང་གཏམ་ཚིག་འགའ་ཡོད།།
བརྩེ་བར་འགྲོགས་པའི་ཞེ་སྡང་མཚེ་མ་ཡང་།།
དེ་དང་ལྷན་ཅིག་གནས་པར་དགོངས་དག་ཞུ།།

ངུ་ན་ངུས་ཤིག་དུངས་པའི་ངུ་བར་ཤོག།
མིག་ཆུ་གསེར་ནག་ཐིགས་པ་ཡིན་ཡང་གཏོར།།
ངུ་ན་ངུས་ཡ་སྡུག་པའི་ངུ་བར་གྱིས།།
མིག་ཆུ་རྡོ་རྗེ་ཕ་ལམ་ཡིན་ཡང་གཏོར།།

མིག་ཆུའི་གསེང་ནས་རང་ཉིད་བཙལ་བཙལ་མཐར།།
གདོང་འབག་གྱོན་པའི་རང་གི་གྲིབ་གཟུགས་མཐོང་།།
གྲིབ་གཟུགས་དེ་ལ་ཡང་ཡང་ཅེར་ཅེར་རྗེས།།
རང་གིས་རང་ཉིད་བོར་བའི་ཚོར་བ་སྐྱེས།།

སྟོན་ཟླ་དགུ་བའི་བསིལ་རླུང་འཇམ་པོ་འདི།།
མདུན་དུ་བསྐྱོད་པའི་རེ་བའི་ལག་རྟེན་ཡིན།།
གསེར་གྱི་ལོ་ལེགས་སྨིན་པའི་འབྲས་བུ་ལ།།
དགའ་བའི་སྤྲོ་གླུ་ལེན་པའི་བཀྲ་ཤིས་ཤོག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།