མི་ཚེའི་དབྱངས་རྟ།

གསའ་རང་འབར།༼རྔ་བ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-26

ཡིད་ཀྱི་བདེ་སྡུག་གླེང་བའི་སྤོབས་པ་མེད་ལ།།

རང་གི་མི་ཚེར་འཇོན་པའི་ནུས་པ་མེད་མོད།།
བདེན་དོན་ངག་ལ་དྲང་བའི་སྙིང་སྟོབས་དེ་ལ།།
འབད་པའི་ལས་སུ་བརྩོན་པའི་གསོན་ཤུགས་རྒྱས་འདྲ།།
 
ང་ཁྱོད་སྣང་བ་རྩོད་པའི་སྣང་བ་མེད་ལ། །
རང་ཉིད་གཞན་ལ་ངོམ་པའི་ནུས་པ་མེད་མོད། །
ཡོད་ཚད་སྨྱུག་རྩེར་ལུད་པའི་རང་གཤིས་གཙང་མ། །
སུ་དང་གང་གིས་ནམ་ཡང་འགོག་པར་ནུས་མིན། །
 
རྒྱུ་འབྱོར་ཀླུ་ལ་འགྲན་པའི་རྒྱུ་ནོར་མེད་ལ། །
ཀུན་གྱིས་གོང་དུ་བཀུར་བའི་རིན་ཐང་མེད་མོད། །
བསམ་ཚད་རིགས་ལ་ཞེན་པའི་འདུ་ཤེས་རྣལ་མ། །
བདག་གི་སེམས་ཀྱི་རེ་འདུན་དང་བོ་ཡིན་པ། །
 
དམ་པའི་རྣམ་ཐར་ལྟ་བུའི་སྤྱོད་པ་མེད་ལ། །
གླེན་པའི་ཨུ་ཚུགས་འདྲ་བའི་རྨོངས་སྤྱོད་མེད་མོད། །
ཀླད་ཞོ་བདེན་དོན་ཟེར་བས་གཙང་བཀྲུ་དང་བཅས། །
རྟོགས་སད་ལོ་མཉམ་སྐོར་གྱི་གྲས་སུ་ཞུགས་འདོད། །
 
བདེ་མོའི་ཐང་ལ་བགྲོད་པའི་ཐབས་ལམ་མེད་ལ། །
རིག་པའི་ཕ་མཐར་སོན་པའི་རྣམ་དཔྱོད་མེད་མོད། །
གང་དེའི་ལས་ལ་དུངས་པའི་ཡིད་ཀྱི་འདུན་མ། །
ནམ་ཡང་སེམས་ཀྱི་སྐས་རིམ་དང་བོར་འཛེགས་ཡོད། །
 
གོང་མའི་ཁྲི་ལ་འགྱིང་བའི་རྫིག་མདོག་མེད་ལ། །
གཞན་མི་བྲན་ལ་བཀོལ་བའི་བསམ་བློ་མེད་མོད། །
འདྲ་མཉམ་སེམས་ཀྱི་འཚོལ་བའི་གནས་ལུགས་དེ་ཡིས། །
མི་བུ་རྣལ་མ་ཞིག་གི་དབུ་འཁྱུད་བྲིས་ཡོད། །
 
མཛེས་ཆོས་ཕྱི་ལ་ངོམ་པའི་ཚུལ་འཆོས་མེད་ལ། །
པོད་ལྔའི་རྩ་ཚིག་སྐྱོར་བའི་ཡོན་ཚད་མེད་མོད། །
འཚེ་མེད་ཞི་བདེའི་ལམ་ཆེན་དེ་རུ་བགྲོད་པའི། །
མོས་འདུན་བསམ་པའི་གཏིང་ནས་ནམ་ཡང་ཡལ་མེད། །
 
དབེན་པའི་རི་ཐང་བསྙེག་པའི་ཏིང་འཛིན་མེད་ལ། །
བཟོད་པའི་ཨམ་གཙིགས་སྡོམ་པའི་བྱམས་བརྩེ་མེད་མོད། །
མི་རིགས་རྗེས་སུ་ལུས་པའི་ལས་དབང་གཏོར་བར། །
མི་ཚེའི་དབྱངས་རྟ་སྙན་མོ་ངག་ལ་དྲང་འདོད། །
                 2011.8.22ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་དབྱངས་རྟ།

2012-09-26 གསའ་རང་འབར།༼རྔ་བ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།