ཁ་དོག་ནག་པོ།

བྲང་ཁར་མར་ཞིག་བསྐུས་ནས་རྒྱང་ལྟ་བྱས།།
དྲན་པར་ནད་ཅིག་ཐེབས་ནས་མལ་དུ་ལྷུང་།།
ཁ་དོག་ནག་པོའི་སྒྲིབ་པའི་ལྗོན་ཤིང་འདི།།
རྩ་བ་ཀླུ་ཡི་ཡུལ་དུ་ཡོད་སྙམ་ཤར།།
གནམ་གྱིས་བསྐོས་པའི་བཀའ་ལུང་སྐེ་རུ་གོན།།
ཤམ་བྷ་ལ་ཡི་ཞིང་མཆོག་ཡིད་ལ་སྒོམ།།
བྱ་ཚོགས་གནམ་ལ་འཕུར་བའི་རྗེས་ཤུལ་ནས།།
འཕུར་འདོད་རེ་བ་མཆན་ཁུང་གཡས་ནས་སྐྱེས།།
ཤ་དང་ཐུད་ཀྱི་དྲི་ཙམ་མི་བྲོ་བའི།།
རྩམ་ནག་ཧུབ་ཀྱིས་འགམ་ནས་བྲང་ཁོག་འགག།
ཞགས་དང་སྣུམ་གྱི་ཁ་དོག་འཚོལ་ན་ཡང་།།
ལོག་ལམ་འཚོ་བའི་རྒྱུད་པ་འཚང་ཀ་རྒོད།།
ཕྱི་མའི་ཁ་ཟས་འཚོལ་ཕྱིར་གསུར་ཞིག་ཕུད།།
དུ་བའི་དྲི་ལ་ཡི་དྭགས་མང་པོ་འཁོར།།
རྣག་དང་ཁྲག་གི་བུ་ལོན་རེད་སྙམ་ནས།།
སྙིང་རྗེ་ཆེན་པོའི་སྒོམ་སྒྲུབ་གང་ལེགས་བྱས།།
སྐབས་དེར་འདོད་ལྷའི་བུ་མོ་རྐང་དམར་མས།།
ཆགས་པའི་དར་གྱི་སྣེ་མོ་བདག་ལ་གཏད།།
མཁའ་ལམ་དར་གྱི་འཐེན་ཤུགས་ཆེ་ནའང་།།
འདོད་པའི་ཁ་ན་བ་སྤུ་ཉུང་ཙམ་སྐྱེས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་དོག་ནག་པོ།

2012-09-21 ཁྲ་གངས་ཚེར། ཀློག་གྲངས། མཆན ཡོད།

བྲང་ཁར་མར་ཞིག་བསྐུས་ནས་རྒྱང་ལྟ་བྱས།།
དྲན་པར་ནད་ཅིག་ཐེབས་ནས་མལ་དུ་ལྷུང་།།
ཁ་དོག་ནག་པོའི་སྒྲིབ་པའི་ལྗོན་ཤིང་འདི།།
རྩ་བ་ཀླུ་ཡི་ཡུལ་དུ་ཡོད་སྙམ་ཤར།།
གནམ་གྱིས་བསྐོས་པའི་བཀའ་ལུང་སྐེ་རུ་གོན།།
ཤམ་བྷ་ལ་ཡི་ཞིང་མཆོག་ཡིད་ལ་སྒོམ།།
བྱ་ཚོགས་གནམ་ལ་འཕུར་བའི་རྗེས་ཤུལ་ནས།།
འཕུར་འདོད་རེ་བ་མཆན་ཁུང་གཡས་ནས་སྐྱེས།།
ཤ་དང་ཐུད་ཀྱི་དྲི་ཙམ་མི་བྲོ་བའི།།
རྩམ་ནག་ཧུབ་ཀྱིས་འགམ་ནས་བྲང་ཁོག་འགག།
ཞགས་དང་སྣུམ་གྱི་ཁ་དོག་འཚོལ་ན་ཡང་།།
ལོག་ལམ་འཚོ་བའི་རྒྱུད་པ་འཚང་ཀ་རྒོད།།
ཕྱི་མའི་ཁ་ཟས་འཚོལ་ཕྱིར་གསུར་ཞིག་ཕུད།།
དུ་བའི་དྲི་ལ་ཡི་དྭགས་མང་པོ་འཁོར།།
རྣག་དང་ཁྲག་གི་བུ་ལོན་རེད་སྙམ་ནས།།
སྙིང་རྗེ་ཆེན་པོའི་སྒོམ་སྒྲུབ་གང་ལེགས་བྱས།།
སྐབས་དེར་འདོད་ལྷའི་བུ་མོ་རྐང་དམར་མས།།
ཆགས་པའི་དར་གྱི་སྣེ་མོ་བདག་ལ་གཏད།།
མཁའ་ལམ་དར་གྱི་འཐེན་ཤུགས་ཆེ་ནའང་།།
འདོད་པའི་ཁ་ན་བ་སྤུ་ཉུང་ཙམ་སྐྱེས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།