ཟླ་འོག་གི་འཁྲེང་སེམས།


ཟླ་འོག་སྐྱ་མིའི་གྲིབ་མ་འགུལ།།
སྒོ་ཁྱིའི་ཟུག་སྐད་དབྱིངས་ལ་སྦྲིངས།།
དངངས་ཤིང་སེམས་པས་གོང་ཁ་སྒུལ།།
རྒྱང་རིང་མཛའ་བོ་ཡིན་ནམ་སྙམ།།
 
ཉིན་མོའི་ཕྱུགས་རྫི་མིག་ན་འདུར།།
མཚན་གྱི་ཆུང་གཅིག་ཡིད་ན་འདུར།།
སྒོ་ཁྱི་རྒྱ་བོའི་ངུ་རྒྱངས་ལས།།
རྟོག་ཡན་རྨི་ལམ་རུམ་ལ་བསུས།།
 
ཟླ་འོད་ཟད་པས་མེད་དམ་སྙམ།།
སྐྱ་རེངས་བཀྱགས་པས་ཡོད་དམ་སྙམ།།
ཕྲག་པ་སྒུལ་བའི་རྨི་ལམ་གྱིས།།
ཞོགས་པའི་ཉི་ཟེར་འཕོངས་ལ་བསུས།།
 
དྲན་གདུང་རུམ་ནས་གང་ལ་ཕྱོ།།
རེ་སྒུག་མདུད་པ་སུ་ཡིས་བཀྲོལ།།
རྒྱང་གིས་གཏུབས་པའི་བརྩེ་བ་ཟུང་།།
གསོན་མིན་ཤི་བའི་བརྡ་མ་འཕྲོད།།
 
ལས་འཕྲོས་སྐ་རགས་ལྷོད་དམ་ཅི།།
ཐལ་སྦྱར་སོར་བཅུ་འཁུམ་མམ་ཅི།།
མི་སེམས་གསོད་པའི་འཁྲེན་པ་ཡིས།།
ལུས་དང་སྐྲ་ཡི་ལན་བུ་གཏར།།
 
དང་བོའི་དགའ་དུང་དྲོ་བ་ལ།།
བར་མའི་བརྩེ་སེམས་འཇམ་པ་ལ།།
མ་བསམ་ཡུལ་མཁར་སོ་སོ་བའི།།
ཐ་མའི་མནར་གཅོད་ལྕི་བ་ལ།།
        ༢༠༡༢།༠༩།༡༢
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་འོག་གི་འཁྲེང་སེམས།

2012-09-19 སྐྲན། ཀློག་གྲངས། མཆན ཡོད།


ཟླ་འོག་སྐྱ་མིའི་གྲིབ་མ་འགུལ།།
སྒོ་ཁྱིའི་ཟུག་སྐད་དབྱིངས་ལ་སྦྲིངས།།
དངངས་ཤིང་སེམས་པས་གོང་ཁ་སྒུལ།།
རྒྱང་རིང་མཛའ་བོ་ཡིན་ནམ་སྙམ།།
 
ཉིན་མོའི་ཕྱུགས་རྫི་མིག་ན་འདུར།།
མཚན་གྱི་ཆུང་གཅིག་ཡིད་ན་འདུར།།
སྒོ་ཁྱི་རྒྱ་བོའི་ངུ་རྒྱངས་ལས།།
རྟོག་ཡན་རྨི་ལམ་རུམ་ལ་བསུས།།
 
ཟླ་འོད་ཟད་པས་མེད་དམ་སྙམ།།
སྐྱ་རེངས་བཀྱགས་པས་ཡོད་དམ་སྙམ།།
ཕྲག་པ་སྒུལ་བའི་རྨི་ལམ་གྱིས།།
ཞོགས་པའི་ཉི་ཟེར་འཕོངས་ལ་བསུས།།
 
དྲན་གདུང་རུམ་ནས་གང་ལ་ཕྱོ།།
རེ་སྒུག་མདུད་པ་སུ་ཡིས་བཀྲོལ།།
རྒྱང་གིས་གཏུབས་པའི་བརྩེ་བ་ཟུང་།།
གསོན་མིན་ཤི་བའི་བརྡ་མ་འཕྲོད།།
 
ལས་འཕྲོས་སྐ་རགས་ལྷོད་དམ་ཅི།།
ཐལ་སྦྱར་སོར་བཅུ་འཁུམ་མམ་ཅི།།
མི་སེམས་གསོད་པའི་འཁྲེན་པ་ཡིས།།
ལུས་དང་སྐྲ་ཡི་ལན་བུ་གཏར།།
 
དང་བོའི་དགའ་དུང་དྲོ་བ་ལ།།
བར་མའི་བརྩེ་སེམས་འཇམ་པ་ལ།།
མ་བསམ་ཡུལ་མཁར་སོ་སོ་བའི།།
ཐ་མའི་མནར་གཅོད་ལྕི་བ་ལ།།
        ༢༠༡༢།༠༩།༡༢
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།