ཐེངས་དང་པོའི་སྙན་ངག་དམར་རྗེན་མ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-11


ས་དར་མདོ་ལུང་ཁོག་དོག་ན་ཡང་།།མ་ཡག་མ་མང་བོའི་ཡུལ་ཞིག་རེད།།
མ་ཡག་མའི་བཞིན་རས་མཐོང་ཐེངས་རེར།།དེ་རང་གི་དགའ་གྲོགས་ཡིན་ན་སྙམ།།

བཞིན་ཤ་རྩ་དཀར་ལ་མདངས་ཡག་པའི།།ཁམས་བུ་མོ་ཡག་མོའི་གཟུགས་རིང་བས།།
རང་ཨ་མདོ་ཡུལ་གྱི་བུ་ཆུང་ང་།།མིག་ཟུར་གྱི་ཟུར་ལ་མི་ཤོང་གི།།

མ་མོ་སྒོ་ཅན་གྱི་ཞིང་ཞིག་ནས།།བུ་འདོད་པ་ཅན་ཚོས་མི་བཟོད་གི།
ཁམས་ལུང་བ་དོག་པའི་དར་མདོ་ནས།།ང་རང་གི་སེམས་ཀྱང་མི་ཁོམ་གི།

དུས་ཟླ་ངོ་གཅིག་གི་དུས་ཚོད་ལ།།སློབ་གསབ་སྦྱོང་དུས་ནི་འདི་ལྟར་གཡེང་།།
མ་ཡག་མ་ཚོགས་ཀྱི་མདུན་ས་ན།།ང་ཅང་མེད་བུ་ལོའི་དུས་ཚོད་ཟད།།

མ་ཡག་མོ་དེ་ཚོའི་སྐྱེ་གཟུགས་ལས།།མ་བུ་མོའི་ལྭ་བ་ཡག་གི་སེམས།།
མ་མོ་སྒོ་ཅན་དེའི་ཁ་ནང་ན།།མ་རང་གི་ཕ་སྐད་གཞི་ནས་མེད།།

ཁམས་ཨ་མདོ་དབུས་གཙང་ཟེར་བ་མིན།།གཏམ་དྲང་མོ་བཤད་ན་ཁོ་མོ་ཚོར།།
ཡག་མོ་སྒོ་ཟེར་བ་ངོ་མ་ལྡན།།དེ་ལྡན་ཡང་ཁོ་ཚོ་ཕྱེ་ལེབ་འདྲ།།

དུས་དབུགས་ཐེངས་གཅིག་གིས་བྲིས་པ་འདི །།མ་ཁམས་མོ་ཡོད་ཚད་ག་ནས་ཡིན།།
མ་ཁམས་མོ་ཡག་ཚུལ་བཤད་དང་ཡང་།།མ་ཡག་མ་འདི་ཚོ་རྒྱུ་ལ་འཐམས།།

ཁམས་ལུང་བ་དོག་དོག་དར་མདོ་ནས།།བུ་བིས་མདོ་བ་ཡི་རྩེད་ཚུལ་གྱིས།།
མ་ཁམས་མོ་ཅུང་ཙམ་བྲིས་པ་དེར།།ཁྱེད་དགོངས་འགལ་དེ་འདྲ་མ་ཞུ་ལགས།།
                                  ༢༠༡༢  ༩ ༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེངས་དང་པོའི་སྙན་ངག་དམར་རྗེན་མ།

2012-09-11 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ས་དར་མདོ་ལུང་ཁོག་དོག་ན་ཡང་།།མ་ཡག་མ་མང་བོའི་ཡུལ་ཞིག་རེད།།
མ་ཡག་མའི་བཞིན་རས་མཐོང་ཐེངས་རེར།།དེ་རང་གི་དགའ་གྲོགས་ཡིན་ན་སྙམ།།

བཞིན་ཤ་རྩ་དཀར་ལ་མདངས་ཡག་པའི།།ཁམས་བུ་མོ་ཡག་མོའི་གཟུགས་རིང་བས།།
རང་ཨ་མདོ་ཡུལ་གྱི་བུ་ཆུང་ང་།།མིག་ཟུར་གྱི་ཟུར་ལ་མི་ཤོང་གི།།

མ་མོ་སྒོ་ཅན་གྱི་ཞིང་ཞིག་ནས།།བུ་འདོད་པ་ཅན་ཚོས་མི་བཟོད་གི།
ཁམས་ལུང་བ་དོག་པའི་དར་མདོ་ནས།།ང་རང་གི་སེམས་ཀྱང་མི་ཁོམ་གི།

དུས་ཟླ་ངོ་གཅིག་གི་དུས་ཚོད་ལ།།སློབ་གསབ་སྦྱོང་དུས་ནི་འདི་ལྟར་གཡེང་།།
མ་ཡག་མ་ཚོགས་ཀྱི་མདུན་ས་ན།།ང་ཅང་མེད་བུ་ལོའི་དུས་ཚོད་ཟད།།

མ་ཡག་མོ་དེ་ཚོའི་སྐྱེ་གཟུགས་ལས།།མ་བུ་མོའི་ལྭ་བ་ཡག་གི་སེམས།།
མ་མོ་སྒོ་ཅན་དེའི་ཁ་ནང་ན།།མ་རང་གི་ཕ་སྐད་གཞི་ནས་མེད།།

ཁམས་ཨ་མདོ་དབུས་གཙང་ཟེར་བ་མིན།།གཏམ་དྲང་མོ་བཤད་ན་ཁོ་མོ་ཚོར།།
ཡག་མོ་སྒོ་ཟེར་བ་ངོ་མ་ལྡན།།དེ་ལྡན་ཡང་ཁོ་ཚོ་ཕྱེ་ལེབ་འདྲ།།

དུས་དབུགས་ཐེངས་གཅིག་གིས་བྲིས་པ་འདི །།མ་ཁམས་མོ་ཡོད་ཚད་ག་ནས་ཡིན།།
མ་ཁམས་མོ་ཡག་ཚུལ་བཤད་དང་ཡང་།།མ་ཡག་མ་འདི་ཚོ་རྒྱུ་ལ་འཐམས།།

ཁམས་ལུང་བ་དོག་དོག་དར་མདོ་ནས།།བུ་བིས་མདོ་བ་ཡི་རྩེད་ཚུལ་གྱིས།།
མ་ཁམས་མོ་ཅུང་ཙམ་བྲིས་པ་དེར།།ཁྱེད་དགོངས་འགལ་དེ་འདྲ་མ་ཞུ་ལགས།།
                                  ༢༠༡༢  ༩ ༣

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།