འཆི་བའི་ཉེན་བརྡ།


ལྕགས་དང་ཨར་འདམ་འཚིག་པའི་མྱ་ངམ་ཐང་།།
ལུས་ཀྱི་རས་ཚིགས་འཐོར་བའི་དུར་ཐང་ཡིན།།
སྐྱེ་འཆིའི་བརྡ་ཐོ་བཀྲམ་པའི་ཁོར་ཡུག་ནས།།
སྒྱུ་མའི་ཡིག་འབྲི་ཟགས་པའི་རྟེན་འབྲེལ་སྒོམ།།
 
བླ་རྐང་ཧྲུག་གེར་བཅག་སྟེ་གཡང་ལ་བསྐྱུར།།
རྣམ་ཤེས་ཚལ་པར་གཤག་ནས་རླུང་ལ་སྤུར།།
ཤ་ཁྲག་འབྱུང་བར་ཐིམ་པའི་བཙོན་ར་དེ།།
བདེན་པའི་རྣམ་དཔྱོད་འཇིག་པའི་བརྡ་རུ་གོ།
 
ཟེག་མེད་ནེམ་ཤ་རོལ་ནས་བདེ་སྟོང་སྤྱོད།།
འདོད་བརྩེའི་འཕྲུལ་ཞགས་རྩེན་ནས་འཆར་ཡན་ཉུལ།།
འཇམ་པོའི་མལ་ལས་རོལ་བའི་སྒྱུ་རྩལ་ཞེས།།
ལུས་ཀྱི་རུས་ཟུངས་ཟད་པའི་ངལ་གསོ་ཐོབ།།
 
འཐོབ་སེམས་རེ་བས་དེད་ནས་ཁྲིམས་ལ་ཐོག།
རྒྱལ་འདོད་བློ་ཡིས་སྐུལ་ནས་མཚོན་ལ་ཤི།
ཤ་ཁྲག་ཕུང་བོ་ཟད་པའི་འབོད་སྐུལ་དེ།།                                                             
སྙིང་གི་རྒྱུད་སྐུད་འཁྲོལ་བའི་གསལ་འདེབས་ཡིན།།
 
ཡིད་འཕྲོག་བརྩེ་བ་དོར་ནས་དགྲ་རུ་ལངས།།
ཤ་འཇམ་མལ་གཟན་བསྐྱུར་ནས་གཡུལ་ལ་ཆས།།
ལང་ཚོ་འབེན་ལ་གཏད་པའི་གདུང་ལེན་འདི།།
རུལ་སུངས་སྡེ་ལ་གཏོང་བའི་ཉེན་བརྡ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བའི་ཉེན་བརྡ།

2012-09-10 རྨེའུ་གློག་ཞགས། ཀློག་གྲངས། མཆན ཡོད།


ལྕགས་དང་ཨར་འདམ་འཚིག་པའི་མྱ་ངམ་ཐང་།།
ལུས་ཀྱི་རས་ཚིགས་འཐོར་བའི་དུར་ཐང་ཡིན།།
སྐྱེ་འཆིའི་བརྡ་ཐོ་བཀྲམ་པའི་ཁོར་ཡུག་ནས།།
སྒྱུ་མའི་ཡིག་འབྲི་ཟགས་པའི་རྟེན་འབྲེལ་སྒོམ།།
 
བླ་རྐང་ཧྲུག་གེར་བཅག་སྟེ་གཡང་ལ་བསྐྱུར།།
རྣམ་ཤེས་ཚལ་པར་གཤག་ནས་རླུང་ལ་སྤུར།།
ཤ་ཁྲག་འབྱུང་བར་ཐིམ་པའི་བཙོན་ར་དེ།།
བདེན་པའི་རྣམ་དཔྱོད་འཇིག་པའི་བརྡ་རུ་གོ།
 
ཟེག་མེད་ནེམ་ཤ་རོལ་ནས་བདེ་སྟོང་སྤྱོད།།
འདོད་བརྩེའི་འཕྲུལ་ཞགས་རྩེན་ནས་འཆར་ཡན་ཉུལ།།
འཇམ་པོའི་མལ་ལས་རོལ་བའི་སྒྱུ་རྩལ་ཞེས།།
ལུས་ཀྱི་རུས་ཟུངས་ཟད་པའི་ངལ་གསོ་ཐོབ།།
 
འཐོབ་སེམས་རེ་བས་དེད་ནས་ཁྲིམས་ལ་ཐོག།
རྒྱལ་འདོད་བློ་ཡིས་སྐུལ་ནས་མཚོན་ལ་ཤི།
ཤ་ཁྲག་ཕུང་བོ་ཟད་པའི་འབོད་སྐུལ་དེ།།                                                             
སྙིང་གི་རྒྱུད་སྐུད་འཁྲོལ་བའི་གསལ་འདེབས་ཡིན།།
 
ཡིད་འཕྲོག་བརྩེ་བ་དོར་ནས་དགྲ་རུ་ལངས།།
ཤ་འཇམ་མལ་གཟན་བསྐྱུར་ནས་གཡུལ་ལ་ཆས།།
ལང་ཚོ་འབེན་ལ་གཏད་པའི་གདུང་ལེན་འདི།།
རུལ་སུངས་སྡེ་ལ་གཏོང་བའི་ཉེན་བརྡ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།