དིང་རིའི་ཆུ་གློག

བསོད་ཚེ།༼དིང་རི༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-06


དིང་རི་ཤེལ་དཀར་གཞུང་དུ། །ལོ་ཤས་བསྡད་པ་མ་གཏོགས། །
རྫུ་འཕྲུལ་ཅན་གྱི་གློག་ཁང་། །དངོས་སུ་མཇལ་སྐལ་མ་བྱུང་། །
 
དབྱར་ཁ་འགག་སོང་ཟེར་གྱིས། །རྟག་པ་བརྟན་པ་མི་འདུག །
སྦར་དང་ཤི་བ་དུས་མཚུངས། །ནམ་མཁའི་འཇའ་ཚོན་འདྲ་བྱུང་། །
 
དགུན་ཁ་འཁྱག་སོང་ཟེར་གྱིས། །གསལ་བའི་དུས་ནི་མི་འདུག །
ཤེལ་ཏོག་ཁོ་རང་མཐོང་ཙམ། །སྲིན་འབུ་མེ་འཁྱེར་འདྲ་བྱུང་། །
 
སྟོན་ཀ་འཁྱེར་སོང་ཟེར་ཡང་། །མཚན་གུང་ཡུད་ཙམ་ཕེབས་ཀྱིས། །
ཉིན་མོ་མཇལ་དབང་མེད་པ། །ཟུར་བཟའི་སྙིང་སྡུག་འདྲ་བྱུང་། །
 
དཔྱིད་ཀ་སྐམ་སོང་ཟེར་ཡང་། །ཐམ་ཐོམ་ཡ་ཡུག་ཡོད་རེད། །
ཁྱིམ་ནང་གློག་ཆས་བསྲེགས་མཁན། །ཇག་པ་ཞིག་དང་འདྲ་བྱུང་། །
 
ཁ་ཆགས་སྣ་རལ་མང་བའི། །ནད་པ་ལྟ་བུའི་གློག་ཁང་། །
ཤི་མ་གསོན་གྱི་གློག་འདིས། །མི་སེམས་སུན་པོ་བཟོ་ཡིས། །
 
ཡང་ན་རྦད་དེ་ཤི་རོགས། །སེམས་ཀྱི་ཁོ་ཐག་ཆོད་ཡོང་། །
ཡང་ན་གཏན་དུ་བཞུགས་རོགས། །གློག་རིན་སྤྲོད་པའི་ཁྱད་འདུག །
༼འགག༽དབྱར་ཁ་གཙང་ཆུ་རྒྱས་སྐབས་གློག་ཁང་གི་ཆུ་རྐ་བྱེ་མས་ཁེངས་པ།
༼འཁྱགས༽དགུན་ཁ་གྲང་ངར་གྱིས་ཆུ་གློག་འཁྱགས་ཏེ་གློག་གཏོང་མི་ཐུབ་པ།
༼འཁྱེར༽སྟོན་ཀར་ཤ་འོད་ཀྱིས་ཆུ་རྐ་རལ་བ།
༼སྐམ༽ཕུ་ཆུ་ཞིང་ལ་བཏང་བས་ཆུས་མི་འདང་བ།
བོད་བལ་མཐའ་མཚམས་ཀྱི་རྫོང་གྲོང་ཆུང་ཆུང་འདིའི་གློག་གི་ཆ་རྐྱེན་ཤིན་ཏུ་ནས་སྐྱོ་པོ་ཡོད་པ་སེམས་ཀྱིས་མ་བཟོད་པར་དམངས་གཞས་འདི་ཁ་ནས་ཐལ་ལོ། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དིང་རིའི་ཆུ་གློག

2012-09-06 བསོད་ཚེ།༼དིང་རི༽ ཀློག་གྲངས། མཆན ཡོད།


དིང་རི་ཤེལ་དཀར་གཞུང་དུ། །ལོ་ཤས་བསྡད་པ་མ་གཏོགས། །
རྫུ་འཕྲུལ་ཅན་གྱི་གློག་ཁང་། །དངོས་སུ་མཇལ་སྐལ་མ་བྱུང་། །
 
དབྱར་ཁ་འགག་སོང་ཟེར་གྱིས། །རྟག་པ་བརྟན་པ་མི་འདུག །
སྦར་དང་ཤི་བ་དུས་མཚུངས། །ནམ་མཁའི་འཇའ་ཚོན་འདྲ་བྱུང་། །
 
དགུན་ཁ་འཁྱག་སོང་ཟེར་གྱིས། །གསལ་བའི་དུས་ནི་མི་འདུག །
ཤེལ་ཏོག་ཁོ་རང་མཐོང་ཙམ། །སྲིན་འབུ་མེ་འཁྱེར་འདྲ་བྱུང་། །
 
སྟོན་ཀ་འཁྱེར་སོང་ཟེར་ཡང་། །མཚན་གུང་ཡུད་ཙམ་ཕེབས་ཀྱིས། །
ཉིན་མོ་མཇལ་དབང་མེད་པ། །ཟུར་བཟའི་སྙིང་སྡུག་འདྲ་བྱུང་། །
 
དཔྱིད་ཀ་སྐམ་སོང་ཟེར་ཡང་། །ཐམ་ཐོམ་ཡ་ཡུག་ཡོད་རེད། །
ཁྱིམ་ནང་གློག་ཆས་བསྲེགས་མཁན། །ཇག་པ་ཞིག་དང་འདྲ་བྱུང་། །
 
ཁ་ཆགས་སྣ་རལ་མང་བའི། །ནད་པ་ལྟ་བུའི་གློག་ཁང་། །
ཤི་མ་གསོན་གྱི་གློག་འདིས། །མི་སེམས་སུན་པོ་བཟོ་ཡིས། །
 
ཡང་ན་རྦད་དེ་ཤི་རོགས། །སེམས་ཀྱི་ཁོ་ཐག་ཆོད་ཡོང་། །
ཡང་ན་གཏན་དུ་བཞུགས་རོགས། །གློག་རིན་སྤྲོད་པའི་ཁྱད་འདུག །
༼འགག༽དབྱར་ཁ་གཙང་ཆུ་རྒྱས་སྐབས་གློག་ཁང་གི་ཆུ་རྐ་བྱེ་མས་ཁེངས་པ།
༼འཁྱགས༽དགུན་ཁ་གྲང་ངར་གྱིས་ཆུ་གློག་འཁྱགས་ཏེ་གློག་གཏོང་མི་ཐུབ་པ།
༼འཁྱེར༽སྟོན་ཀར་ཤ་འོད་ཀྱིས་ཆུ་རྐ་རལ་བ།
༼སྐམ༽ཕུ་ཆུ་ཞིང་ལ་བཏང་བས་ཆུས་མི་འདང་བ།
བོད་བལ་མཐའ་མཚམས་ཀྱི་རྫོང་གྲོང་ཆུང་ཆུང་འདིའི་གློག་གི་ཆ་རྐྱེན་ཤིན་ཏུ་ནས་སྐྱོ་པོ་ཡོད་པ་སེམས་ཀྱིས་མ་བཟོད་པར་དམངས་གཞས་འདི་ཁ་ནས་ཐལ་ལོ། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།