རྟེན་འབྲེལ་འགྲིག


དབྱར་ཟླ་གསུམ་ཆར་ཆུ་དུས་སུ་བབས།།
ཡིད་ནོར་འཛིན་སྐོམ་པའི་གདུང་བ་སེལ།།
ཞིང་གཤིན་པོ་རིན་ཆེན་ནོར་བུར་གྱུར།།
འབྲུ་སྣ་ལྔ་སྨིན་པའི་རྟེན་འབྲེལ་འགྲིགས།།

དགུན་ཟླ་གསུམ་བསེར་བུ་གྲང་ངད་ཆུང་།།
སེམས་ཞི་བདེ་ལྷིང་འཇགས་བདེ་དྲོད་འབར།།
སྡུག་འཁྱག་རོམ་སྣང་བ་འཇའ་ལྟར་ཡལ།།
ངེད་བདེ་སྐྱིད་འཛོམས་པའི་རྟེན་འབྲེལ་འགྲིགས།།

སྟོན་ཟླ་གསུམ་གསེར་མདོག་འབྲས་བཟང་སྨིན།།
རོ་བཅུད་བཟང་འབྲུ་རིགས་མགོ་ལྕོག་ལྡེམ།།
ཡིད་འདོད་པའི་བང་མཛོད་ཁེངས་པར་བྲེལ།།
ནོར་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་འགྲིགས།།

དཔྱིད་ཟླ་གསུམ་སྐྱིད་པའི་བདེ་དྲོད་འཕེལ།།
མཛེས་མེ་ཏོག་ཚོགས་ཀྱིས་མདུན་ནས་བསུ།།
དྲི་བསུང་ཞིམ་མངར་མོས་རོ་འཛིན་མྱོས།།
ལུས་ལང་ཚོ་རྒྱས་པའི་རྟེན་འབྲེལ་འགྲིགས།།

ལོ་ཉི་ཟླ་འཁོར་བའི་དུས་ཚིགས་ནང་།།
ལྟས་བཟང་ངན་སྣ་ཚོགས་འཆར་ན་ཡང་།།
དུས་འདི་ལོ་འཆར་བའི་ལྟས་བཟང་འདིས།།
བོད་གཞིས་བྱེས་འཛོམས་པའི་རྟེན་འབྲེལ་འགྲིགས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟེན་འབྲེལ་འགྲིག

2012-09-03 བསེ་རུ། ཀློག་གྲངས། མཆན ཡོད།


དབྱར་ཟླ་གསུམ་ཆར་ཆུ་དུས་སུ་བབས།།
ཡིད་ནོར་འཛིན་སྐོམ་པའི་གདུང་བ་སེལ།།
ཞིང་གཤིན་པོ་རིན་ཆེན་ནོར་བུར་གྱུར།།
འབྲུ་སྣ་ལྔ་སྨིན་པའི་རྟེན་འབྲེལ་འགྲིགས།།

དགུན་ཟླ་གསུམ་བསེར་བུ་གྲང་ངད་ཆུང་།།
སེམས་ཞི་བདེ་ལྷིང་འཇགས་བདེ་དྲོད་འབར།།
སྡུག་འཁྱག་རོམ་སྣང་བ་འཇའ་ལྟར་ཡལ།།
ངེད་བདེ་སྐྱིད་འཛོམས་པའི་རྟེན་འབྲེལ་འགྲིགས།།

སྟོན་ཟླ་གསུམ་གསེར་མདོག་འབྲས་བཟང་སྨིན།།
རོ་བཅུད་བཟང་འབྲུ་རིགས་མགོ་ལྕོག་ལྡེམ།།
ཡིད་འདོད་པའི་བང་མཛོད་ཁེངས་པར་བྲེལ།།
ནོར་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་འགྲིགས།།

དཔྱིད་ཟླ་གསུམ་སྐྱིད་པའི་བདེ་དྲོད་འཕེལ།།
མཛེས་མེ་ཏོག་ཚོགས་ཀྱིས་མདུན་ནས་བསུ།།
དྲི་བསུང་ཞིམ་མངར་མོས་རོ་འཛིན་མྱོས།།
ལུས་ལང་ཚོ་རྒྱས་པའི་རྟེན་འབྲེལ་འགྲིགས།།

ལོ་ཉི་ཟླ་འཁོར་བའི་དུས་ཚིགས་ནང་།།
ལྟས་བཟང་ངན་སྣ་ཚོགས་འཆར་ན་ཡང་།།
དུས་འདི་ལོ་འཆར་བའི་ལྟས་བཟང་འདིས།།
བོད་གཞིས་བྱེས་འཛོམས་པའི་རྟེན་འབྲེལ་འགྲིགས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།