དམ་པ་དམག་ལ་ཞུགས་པ།

སྟོང་གསུམ་ཁད་ཀྱིས་མིད་པའི་སྡིག་སྒྲིབ་ལྕི་མོ།།
མ་ལུས་འཕྲུལ་ལ་ཞུགས་པའི་བདེ་བའི་རོལ་རྩེད།།
སྐད་ཅིག་འོད་ཀྱིས་འཁྱུད་པའི་སྣང་བའི་ཕུང་ཁམས།།
ཤེས་རབ་སྲོག་གི་བུ་མོའི་མངལ་དུ་ལྷུང་སོང་།།
ལྷ་ཡི་དཀྱིལ་འཁོར་སྒོམ་པའི་ཏིང་འཛིན་གསོན་པོ།།
སྲིན་བྱའི་ཧབ་ཆ་གཅིག་གིས་གཉིད་ལས་སད་བྱུང་།།
ཡུགས་མོའི་ཆོ་འཕྲུལ་བཏང་བའི་རྨི་ལམ་དམར་པོས།།
ད་ལྟ་སྣང་ཁམས་ཚང་མ་དབང་དུ་བསྡུས་སོང་།།
ནག་པོ་འདྲེ་ཡི་བཟུང་བའི་ལྷས་ཪྭ་སྨུག་པོར།།
ལྷ་ཡི་བུ་མོས་བཏབ་པའི་མེ་ཏོག་སྨིན་བྱུང་།།
དབང་ཕྱུག་ཆེན་པོ་ཁྲོས་དེ་གད་རྒྱངས་བྱས་པའི་།།
གདོད་མའི་བག་ཆགས་ཚང་མ་མངལ་ལས་ལང་བྱུང་།།
ལས་འདིའི་གཤིན་ཐང་འགྲིམ་ནས་ངལ་བ་བྱས་ཀྱང་།།
མྱོང་བ་རལ་གྲིའི་ཁ་ན་ཁྲག་ཞགས་འཁྱིལ་འདུག།
སྒྱུ་མའི་རླུང་ཁམས་དཀྲུག་པའི་ང་རྒྱལ་བཙན་པོས།།
འབྲས་བུའི་དངོས་གྲུབ་ལེན་པའི་གོ་སྐབས་འཕྲོག་སོང་།།
གོར་མོ་རྡོ་ལ་ཐུམ་པའི་རང་གཤིས་གྱོང་བོ།།
མིག་ཆུས་བཙོན་དུ་བཟུང་བའི་གཏམ་རྒྱུད་སྐྱོར་ཡང་།།
ལས་ཀྱི་གཤིན་ཐང་གཅིག་པའི་ཤེས་རབ་ལྷ་མོས།།
དུང་བའི་དད་པ་སྲོག་གིས་ཉེན་ཁར་ཕབ་སོང་།།
འཕྲུལ་གྱི་ལྷ་མོ་དགའ་བའི་ལྟ་སྒོམ་སྤྱོད་གསུམ།།
ཤ་དང་རུས་པའི་གསེབ་ནས་ཅི་དགར་རྩེན་པའི།།
རལ་གྲི་གནམ་ལ་འཕྱར་བའི་ཞེ་སྡང་ཚོན་པོ།།
དཀར་ནག་དུག་གིས་ཟོས་པའི་ལྕེ་ལས་མཆེད་བྱུང་།།
རྨི་ལམ་ཐང་དུ་རྒྱུགས་པའི་བདག་སེམས་གཉོམ་པོས།།
སྐྱབས་ཀྱི་དྭངས་མར་རེ་བའི་སྨོན་སེམས་བཅིང་ཡང་།།
ཡ་མཚན་བྲོ་གར་ལྡིང་བའི་རོལ་དབྱངས་ལྗང་ཁུས།།
མི་འདོད་དམྱལ་བའི་བརྩེ་དུང་རོལ་དུ་བཅུག་སོང་།།
གཙང་བོའི་ཁ་ན་བཞད་པའི་མེ་ཏོག་མཛེས་པོ།།
ལྷ་དང་ལྷ་མོ་རྒྱན་པའི་འོད་ཟེར་ཡིན་ཡང་།།
ཆགས་པ་རླུང་དང་འདྲིས་པའི་དྲི་བཞོན་བུ་མོ།།
བདག་གི་ཁྱིམ་ཐབས་སྐྱོང་བའི་ཚེ་གྲོགས་ཡིན་སོང་།།
འཇའ་ལུས་སྒྱུ་མར་སྤྲུལ་བའི་ཤེས་རབ་དཔལ་མོར།།
གཏུམ་མོ་མེ་དྲོད་སྦར་བའི་ནུས་པ་ཡོད་ན།།
བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐལ་བར་སྲེག་ནས།།
དམྱལ་ཁམས་གཏིང་ནས་དཀྲུག་པའི་འཇིགས་པ་བསླངས་རོགས།།
ལུས་ཀྱི་རྟ་བོ་ཞོན་ནས་ཡུལ་དུ་ཐོན་ཚེ།།
ཁོ་མོའི་སྐྲ་ཡི་གསེབ་ནས་སྒོམ་ཞིག་རྒྱབ་ཏེ།།
སྣང་ཡུལ་འཇིག་རྟེན་ཁམས་ལ་ཕྱིར་མིག་འཕང་ཚེ།།
དམ་པ་དམག་ལ་ཞུགས་པའི་གཡུལ་འཁྲུག་ཆུང་ཆུང་།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམ་པ་དམག་ལ་ཞུགས་པ།

2012-08-30 ཁྲ་གངས་ཚེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།