བུ་མོ་ཆོས་དབྱིངས་སྐྱིད་འཇོན་པོ་བྱུང་།


རུས་ཀྱི་མུ་ཏིག་གངས་ལས་འཁྲུངས་པའི་རིགས་ཀྱི་བུ་མོ་ཆོས་དབྱིངས་སྐྱིད།།
རྒྱལ་ཁའི་ཟེར་གྱི་ཀློང་ན་འཚེར་བའི་ཁྱེད་ཀྱི་འཛུམ་ཀོང་དྭངས་མོ་ལ།།
བལྟས་ཀྱིན་བལྟས་ཀྱིན་ཆགས་སྡང་སེམས་ཀྱི་བསྙལ་ཆང་ཕོར་གང་ཁྱེད་ལ་སྒྲོན།།
ཉན་གྱིན་ཉན་གྱིན་དགའ་བའི་འཛུམ་གྱིས་བརྩེ་དུང་སྤར་གང་ཁྱོད་ལ་བསྲིངས།།

ཞིབ་ཅིང་དག་པའི་གོམ་སྟབས་ཡངས་པོ་སྨོན་འདུན་ཁྲི་ཁྲག་ཀློང་ནས་སྤོས།།
རིགས་མཐུན་རེ་བའི་རྒྱལ་དར་ཁྲ་བོ་མིག་དང་སྙིང་གི་མཚམས་ན་བསྐྱོད།།
ཟངས་ཀྱི་རྟགས་མའི་མགུལ་རྒྱན་གསེང་ལས་རིགས་ཀྱི་བརྩེ་བ་མཐོང་བ་འདི།།
གླིང་ལྔའི་ཁམས་ལ་སྐྱེངས་པ་བྱིན་པའི་གདོང་དམར་པ་ཡི་སྙིང་སྟོབས་ཡིན།།

ལྷོད་ཅིང་འཇམ་པའི་བུ་མོའི་གདངས་ལས་རིགས་ཞེན་རོ་ཡི་བྲོ་བ་ཞིམ།།
ཡངས་པའི་འཛམ་གླིང་མིག་གི་མཐོངས་ན་རྒྱལ་ཁའི་འཛུམ་བརྡ་སེམས་ཀྱི་དཔྱིད།།
རེ་བའི་ཞིང་ལ་མྱུ་གུ་བསྟམས་པའི་ཆོས་དབྱིངས་སྐྱིད་ཀྱི་མི་ཚེ་ནི།།
རིགས་ལ་ཕན་ཞིང་སྒེར་ལ་སྐྱིད་པའི་འཚོ་བའི་ཀློང་ནས་རྒྱལ་གྱུར་ཅིག།
          2012-8-13ཉིན་ཞོགས་པར་འཇའ་ཐང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ཆོས་དབྱིངས་སྐྱིད་འཇོན་པོ་བྱུང་།

2012-08-19 ཁམས་དུང་སྨྱུག ཀློག་གྲངས། མཆན ཡོད།


རུས་ཀྱི་མུ་ཏིག་གངས་ལས་འཁྲུངས་པའི་རིགས་ཀྱི་བུ་མོ་ཆོས་དབྱིངས་སྐྱིད།།
རྒྱལ་ཁའི་ཟེར་གྱི་ཀློང་ན་འཚེར་བའི་ཁྱེད་ཀྱི་འཛུམ་ཀོང་དྭངས་མོ་ལ།།
བལྟས་ཀྱིན་བལྟས་ཀྱིན་ཆགས་སྡང་སེམས་ཀྱི་བསྙལ་ཆང་ཕོར་གང་ཁྱེད་ལ་སྒྲོན།།
ཉན་གྱིན་ཉན་གྱིན་དགའ་བའི་འཛུམ་གྱིས་བརྩེ་དུང་སྤར་གང་ཁྱོད་ལ་བསྲིངས།།

ཞིབ་ཅིང་དག་པའི་གོམ་སྟབས་ཡངས་པོ་སྨོན་འདུན་ཁྲི་ཁྲག་ཀློང་ནས་སྤོས།།
རིགས་མཐུན་རེ་བའི་རྒྱལ་དར་ཁྲ་བོ་མིག་དང་སྙིང་གི་མཚམས་ན་བསྐྱོད།།
ཟངས་ཀྱི་རྟགས་མའི་མགུལ་རྒྱན་གསེང་ལས་རིགས་ཀྱི་བརྩེ་བ་མཐོང་བ་འདི།།
གླིང་ལྔའི་ཁམས་ལ་སྐྱེངས་པ་བྱིན་པའི་གདོང་དམར་པ་ཡི་སྙིང་སྟོབས་ཡིན།།

ལྷོད་ཅིང་འཇམ་པའི་བུ་མོའི་གདངས་ལས་རིགས་ཞེན་རོ་ཡི་བྲོ་བ་ཞིམ།།
ཡངས་པའི་འཛམ་གླིང་མིག་གི་མཐོངས་ན་རྒྱལ་ཁའི་འཛུམ་བརྡ་སེམས་ཀྱི་དཔྱིད།།
རེ་བའི་ཞིང་ལ་མྱུ་གུ་བསྟམས་པའི་ཆོས་དབྱིངས་སྐྱིད་ཀྱི་མི་ཚེ་ནི།།
རིགས་ལ་ཕན་ཞིང་སྒེར་ལ་སྐྱིད་པའི་འཚོ་བའི་ཀློང་ནས་རྒྱལ་གྱུར་ཅིག།
          2012-8-13ཉིན་ཞོགས་པར་འཇའ་ཐང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།