གསང་བ་འདིར་མ་བལྟ།

ཆགས་པའི་ལས་འདི་གཉུག་མའི་རྒྱུད་དུ་གྲུབ་ཡོད།།
འཁྲིག་པའི་སྦྱོར་འདི་མ་བསླབ་ཀུན་གྱིས་རྟོགས་ཡོད།།
ངོ་ཚེའི་པགས་འདི་རེ་ཞིག་ཕར་ལ་གཡུགས་ནས།།
འདོད་པའི་སྒྲུང་འདི་མི་གསང་བཤད་ལ་འཇོག་ཡ།།
 
བརྩེ་བའི་མིག་ཆུ་འཐོར་ཡང་ཁེལ་ས་འདི་ཡིན།།
དྲན་པའི་སྙན་ངག་བྲིས་ཀྱང་འབབ་ས་འདི་ཡིན།།
མ་གྱུར་འགྲོ་དྲུག་ཀློང་གི་ཁམས་ཆེན་འདི་ན།།
འདི་ལ་སྡངས་བའི་རིགས་ཤིག་གང་དུ་ཡོད་དམ།།
 
འདོམ་ལ་ཟྭ་ཆེན་བརྒྱབ་པའི་གྲྭ་སེར་ཚོས་ཀྱང་།།
ནང་ལ་འདོད་པའི་ཁྲག་རྩ་རབ་ཏུ་རྒྱས་ཤིང་།།
གསེར་གྱི་ཁྲི་ལ་བཞུགས་པའི་སྤྲུལ་ཆེན་ཡིན་ཡང་།།
སྲེད་པའི་ཁ་ཆུ་སྐམ་སྟེ་བདེ་འདིར་ཆགས་ཡོད།།
 
ཉོན་མོངས་དུག་གིས་ཁེབས་པའི་འཇིག་རྟེན་པ་ལ།།
ཆགས་པའི་འཁྲུག་སྦྱོར་འདི་ནི་གང་མཁོར་དབང་བའི།།
མི་ཆུང་ཁྲག་སྙུག་ཅེས་པའི་གསར་བུ་ངས་ཀྱང་།།
སྐྱིད་པའི་གར་འདི་མི་འཁྲབ་གང་ལ་འཇོག་ཅིག
 
འདོད་པའི་བསྟན་བཅོས་ལྟ་བུ་ཡེ་ནས་འཁྱོངས་མེད།།
ཧོར་འཇིགས་ཁ་བདེའི་དེ་འདྲ་རྩལ་དུ་འདང་མེད།།
ཡིན་ཡང་རང་གིས་མྱང་བའི་ཚོར་སྣང་གང་དེ།།
དྲང་བོའི་ངག་ལ་བསྡེབས་ཏེ་ཁྱོད་ལ་སྟོན་ཆོག།།
 
མཁུར་ལ་དམར་ཤ་འདྲེས་པའི་གཞོན་གསར་བུ་མོ།།
མགོ་བོ་རུམ་དུ་བསྡུས་ནས་འདི་ལ་མ་བལྟ།།
བལྟས་ཀྱང་རང་ལུས་སྲུང་བའི་མཚོན་སྲུང་མེད་ན།།
འདོད་པའི་མྱོས་བུམ་ཟུང་ལ་ཚོ་ཤ་རྒྱས་སྲིད།།
 
སྣང་བ་སྐྲ་རྩེར་འཕྱོ་བའི་གསར་གཞོན་ཚོགས་རྣམས།།
ཨ་ཕོ་བློ་བཀྲའི་རྩོམ་ལ་བལྟ་རྒྱུ་མ་མང།།
བལྟས་ཀྱང་སྙིང་སྡུག་དྲན་ནས་ཆགས་སེམས་མ་སྐྱེ།
ཁྲག་གི་བུ་ལ་འདོད་པའི་སྡུག་སྒྲུབ་འཁོར་འོངས།།
 
ལྷིང་འཇགས་ལུས་སུ་གྱོན་པའི་མཚན་གཞུང་ཞིག་ལ།།
མི་མེད་དབེན་པར་གནས་བའི་ཁང་མིག་ཅིག་ནས།།
སྣང་བ་གསར་དུ་མཐུན་པའི་དགའ་གྲོགས་ཤིག་ལ།།
བརྩེ་བའི་སྐྱིད་འདི་དྲན་པའི་རྟེན་དུ་བཞག་ནི།།
 
མིག་རྩ་དམར་པོར་གྱུར་བའི་ཞེ་མཐུན་མ་དེས།།
དཀར་གསལ་འོད་དུ་འཕྲོ་བའི་གློག་སྟེ་གཟིམས་ཤིང་།།
སྲབ་འཇམ་དྲོད་ལ་རན་པའི་ང་ཡི་རུམ་དུ།།
རང་ལུས་རྗེན་པར་ཕུད་ནས་དལ་མོར་འཛུལ་ཡོང་།།
 
འདོད་པའི་བཀྲེས་སྐོམ་ཐེབས་པའི་བུ་ཆུང་ང་ལ།།
སྙིང་ཆུང་སྒྲ་རུ་ཐོས་པའི་སྲེད་པ་འཕེལ་ཅིང་།།
བལ་སྤུ་གྱེན་དུ་གཟེངས་བའི་ཆགས་པ་རྒྱས་ཏེ།།
བུ་མོ་ཧུབ་གང་རྔུབ་པའི་འཁྲུལ་སྣང་ཤར་ཡོང་།།
 
དང་ཐོག་མཆུ་གཉིས་སྦྱར་ཏེ་ཤ་གཉིས་གླན་ཞིང་།།
དེ་ནས་ལྕེ་གཉིས་འཇིབ་ཀྱང་བྲང་གཉིས་འཕྲད་དེ།།
བར་དུ་ལུས་གཉིས་ཕུར་ཞིང་བརླ་གཉིས་རེག་སྟེ།།
མཐའ་མར་བདེ་བའི་གནས་ལ་འཇུག་མགོ་བརྩམས་བྱུང་།།
 
སྙན་པའི་འཁུན་སྒྲ་དེས་འདོད་ཆགས་ཀྱི་སེམས་གཡོས།།
འཇམ་པའི་ཕུབ་བོ་དེས་བདེ་ཚོར་གྱི་ལུས་བསྒྲོན།།
བྲང་གི་མྱོས་བུམ་དེས་དགའ་མགུ་ཡི་སྙིང་བསྲེགས།།
འཐེན་པའི་དབུགས་ཆུང་དེས་ཟ་འཕྲུག་གི་ཁྲག་གདུས།།
 
ལན་རེར་སྐྱིད་ཀྱིས་མྱོས་ཏེ་གནམ་ལ་འཕུར་འདྲ།།
མཚམས་རེར་དགའ་བ་འཕེལ་ཏེ་ཆུ་ལ་འཇུག་འདྲ།།
སྐབས་རེར་བདེ་བས་ཁྱབ་སྟེ་ལྷ་ལ་ཐོན་འདྲ།།
ཐེངས་རེར་ཆགས་པས་མནར་ཏེ་ར་ཁུ་རྔུབ་འདྲ།།
 
རྒྱབ་ཐུམ་དཀར་པོ་གཡོགས་པའི་འབོལ་ཁྲི་ལྡེམ་ལྡེམ།།
ཁ་དོག་ཁྲ་ཁྲར་སྣང་བའི་ཉལ་ཐུལ་ལྷབ་ལྷུབ།།
གྲགས་མེད་ཆགས་ལ་རོལ་བའི་ངེད་གཉིས་སྟིག་སྟིག།
ཚོད་མེད་འདོད་པར་རྔམ་པའི་རྐང་ལག་རིག་རིག།
 
ཆགས་སྲེད་བརྙན་སྡེར་བཞིན་ཚད་བརྒལ་དུ་སོང་མེད།།
འབྲོག་པའི་འཁྲུག་པ་ལས་ཅུང་ཙམ་དུ་དགོངས་ཡོད།།
གཞོན་པའི་ན་ཚོད་ལ་བསྟུན་བསྟུན་གྱིས་བྱས་ཡོད།།
བུ་མོའི་གཤིས་ཀ་དང་ཚད་རན་གྱིས་བསྒྲུབས་ནི།།
 
འཁྲུག་པའི་འཕག་འཚག་འདི་གསེར་དངུལ་གྱིས་མི་ཁུག།
བདེ་དགའི་སྣང་བ་འདི་གང་ཞིག་ནས་བཙལ་ལམ།།
འདི་འདྲའི་ཚེ་བསོད་ཅིག་སྤྱི་མཐུན་ལ་དབང་བའི།།
ངོ་ཚའི་སྒྲིག་གཡོག་ཅིག་གྱོན་དགོས་རང་མི་འདུག།
 
བཙན་གྱིས་གཏད་དེ་འདོད་པའི་ཚོར་ཤེས་སྒུག་སྒུག།
ཡུན་གྱིས་ཕུར་ཞིང་གཤེར་མོའི་ཁུ་དེར་འཁྲེང་འཁྲེང་།།
ཤེད་ཀྱིས་སྦྱར་ཏེ་སྣང་བའི་བདེ་བ་བཙལ་བཙལ།།
ཡང་ཡང་གླན་ཏེ་རེ་བའི་བློ་དོན་བསམ་བསམ།།
 
དེ་རིང་ལྷ་ཞིག་ཡོད་ན་སྡོམ་པ་རང་ཤོར་སྲིད།།
དེ་རིང་འདྲེ་ཞིག་འདུ་ན་མྱི་ལུས་ལ་སྨོན་སྲིད།།
ལྷ་འདྲེའི་མིག་ལ་གཟན་པའི་མཚན་མོ་རང་འདི།།
འཇིག་རྟེན་སྐྱ་བོ་ངར་མུ་མཐུད་དུ་དབང་ཤོག།
 
འཁྲིག་པའི་སྦྱོར་འདི་ཡུན་གྱིས་ཡུན་གྱིས་རྫོགས་སོང་།།
བསོར་མོའི་ཁུ་ཡང་རིམ་གྱིས་རིམ་གྱིས་ཟགས་སོང་།།
ལུས་ཀྱི་སྐོམ་པ་སེལ་འདྲའི་ཚོར་ཤེས་དང་འགྲོགས་ནས།།
དམར་པོའི་མྱོང་བ་འདི་སྙན་ངག་ལ་བྲིས་བཞག།
         ༢༠༡༢ལོའི་ཟླ༡༡བའི་ཚེས ༧ ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་བ་འདིར་མ་བལྟ།

2013-02-05 ཁྲག་སྙུག༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།