མེ་འབར་གྱི་བཅད་རྩོམ་ཁག་གཉིས།

   སེང་རྡོར་དང་རྟུལ་ཕོད་གཉིས།
དོན་མང་ཚིག་གི་མཛེས་པའི། །
སྙན་ངག་སྤུས་ལེགས་འདི་འདྲ། །
ཐེངས་གཅིག་མ་ཡིན་ཐེངས་གཉིས། །
ནམ་ནམ་ཞར་དུ་བཀླགས་ཀྱང་ །
འདོད་པའི་བློ་ནི་མ་ཚིམ། །
ཉིན་གཅིག་མ་བཀླག་སེམས་འདི། །
ཅི་ཞིག་མི་ཚང་ལྟར་དུ། །
སེམས་འདི་སྟོང་བར་གྱུར་འགྲོ །
 
སེང་རྡོར་རྟུལ་ཕོད་བཀླགས་པས། །
སེམས་ཀྱི་རྨོངས་པ་སེལ་སོང་ །
དང་པོ་ཆོས་ལ་དད་ཀྱང་ །
སེང་རྡོར་རྟུལ་ཕོད་བཀླགས་པས། །
ཆོས་ཀྱི་བདེན་རྫུན་རྟོགས་བྱུང་ །
སེང་རྡོར་རྟུལ་ཕོད་ནང་གི །
རྣོ་བའི་དགག་ཚིག་མཐོང་བས། །
ང་ཡིས་སེམས་པ་ཧད་སོང་ །
 
སེང་རྡོར་ཆོས་པ་ཡིན་འདྲ། །
སེང་རྡོར་མི་སྐྱ་ཡིན་འདྲ། །
ཆོས་དང་འཇིག་རྟེན་བསྡུར་ཏེ། །
འཇིག་རྟེན་མི་ཆོས་སྐྱོང་གི །
སྟོན་པའི་རྫུན་རྣམས་ལབ་གི །
ཆོས་པས་རྫུན་རྣམས་བཤད་ཀྱི །
 
སེང་རྡོར་རྡོ་རིང་ཡིན་འདྲ། །
སུ་ལ་འང་མི་འཛེམས་ཏེ། །
དྲང་པོའི་སྐད་འབོད་རྒྱག་གི །
སེང་རྡོར་དཔའ་བོ་ཡིན་འདྲ། །
གང་ལ་ཡང་མི་སྐྲག་པར། །
སེམས་ཀྱི་སྐད་ཆ་བཤོད་ཀྱི །
ང་ལ་དགོས་པའི་སྙན་ངག །
ང་ལ་དགོས་པའི་ལོང་སྤྱོད། །
ཕལ་ཆེར་འདི་ལས་མེད་འདྲ། །
      2012ལོའི་ཟླ་བ་12ཚེས་༢ཉིན།

          དེང་གི་དཔོན་པོ་འགའ།
འཛིག་འཛིག་སྒོ་མོ་ཁྲི་ཚོའི་འཇེབས་འཁོར་གཞོན་ཏེ་འགྲོ །
ཞིམ་ཞིམ་ཟ་ཐུན་གཅིག་ལ་སྒོར་མོ་སྟོང་ཚོ་སྤྲོད ། །
མཛེས་མཛེས་ཧ་ཅང་ལེགས་པའི་གྱོན་གོས་གྱོན ། །
གཤམ་འོག་མི་སྐྱ་ཅི་ལྟར་འཚོ་བ་མཐོང་བ་དཀོན ། །
 
སྐྱིད་སྐྱིད་ཁ་ལག་ཧོ་ཁས་ནང་དུ་རྒྱུན་དུ་འགྲོ །
རང་གི་མཛའ་མོ་བཞགས་ཏེ་སྨད་ཚོང་ལུས་ལ་འཁྱུད ། །
སྨད་འཚོང་བུ་མོར་ཅི་ཞིག་སྤྲོད་པ་སུ་ཡིས་ཤེས ། །
དེ་འདྲ་དེ་ཡི་སྒོར་མོ་གང་ནས་ཡོངས་སམ་ཀྱེ །
 
འདི་རུ་རང་གི་གཞིས་ཁྱིམ་ཡིན་ཞེས་ཁང་བ་བསྐྲུན ། །
མ་རུ་གཞག་སྡོད་ཡིན་ཞེས་བོད་ཁྱིམ་འཛིག་པོར་བསྐུན ། །
ཡ་རུ་བུ་ཕྲུག་སྡོད་སའི་ཁང་བ་ཡིན་ཞེས་བསྐུན ། །
ཨ་ཙི་དེ་འདྲའི་ཡོངས་བབས་གང་ནས་ཡོང་ངམ་ཀྱེ །
 
དེ་རིང་དུས་ཚོད་མེད་ཅེས་མི་སྐྱར་ཁ་ཡ་མེད ། །
སངས་ཉིན་གོང་རིམ་ཚོགས་བསྡུ་ཡོད་ཅེས་གང་སར་རྒྱུག །
དེ་འདྲ་དེ་འདྲའི་དཔོན་པོ་ཧ་ཅང་མང་བས་ན ། །
འུ་ཚོ་ད་དུང་སིམས་མེར་སྡོད་པར་ནུས་ལགས་སམ ། །
 
ཀྱེ་ཀྱེ་ང་དང་ང་ཡི་བློ་མཐུན་གྲོགས་པོ་ཚོ ། །
མཐོང་ཞིང་གང་ཡང་མི་སྨྲའི་བརྟུལ་ཞུགས་མི་འཛིན་པར ། །
གང་གི་ཉེ་འཁོར་གྲོགས་དང་གྲོགས་མོ་དག་གི་སྡུག །
དེ་འདྲའི་ལས་དག་རང་གི་རྒྱབ་ཏུ་འཁྱེར་ཏེ་བརྒོལ ། །
              ༢༠༡༢ ལོའི་ཟླ་བ་   ༡༡   ཚས་༢༢ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འབར་གྱི་བཅད་རྩོམ་ཁག་གཉིས།

2012-12-27 མེ་འབར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།