འཕྲིན་ཡིག་སྟོན་མཇུག་གི་ལོ་མ་སེར་པོ།


ཡུལ་གྲུ་ལྷུན་ལྷུན་དེ་རིག་པའི་གླིང་ནས།།
རེ་སྙེག་ཆུང་ཆུང་དེ་སྔས་མགོ་བྱས་ནས།།
བརྒྱ་འཛོམས་སྟོང་ཉེ་ཡི་ཁོར་ཡུག་འདི་ནས།།
གཤིས་འཇམ་གཞུང་དྲང་གི་ཁྱེད་ཉིད་ཁྱད་འཕགས།།

དགའ་ཁ་ཁྱེར་སོ་ཡི་ལམ་ཕྲན་ཞིག་ནས།།
མི་མཐོང་མ་འོངས་ལ་བསྐྱོད་ཚུལ་ཞིག་ནས།།
དཔའ་སྤོབས་ཡིད་ཆེས་ཤིག་སྔོན་དུ་བསྲིངས་ནས།།
དགའ་སྤྲོའི་རེ་བ་ཞིག་ཡུན་གྱིས་འབུས་སོང་།།

རླུང་དམར་འུར་འུར་ཞིག་ལོ་ཟླར་འགྲོགས་ནས།།
སྤྲིན་ནག་དུམ་དུམ་ཞིག་ནམ་མཁར་འཐིམས་པའི།།
ཡིད་འཛུམ་སྤྲོ་བ་ཞིག་གློ་བར་བྲལ་བའི།།
འཚོལ་མེད་དུས་མཚམས་ཤིག་དུས་ཀྱིས་སྤྲད་བྱུང་།།

བྱ་བྱེའུ་ཉྭ་འབུ་ཡིས་འཕག་འཚག་རྒྱག་དུས།།
རི་དྭགས་གཅན་གཟན་གྱིས་ཨག་སྐད་འདོན་དུས།།
ཁྱོད་དང་ང་ཡིས་ཀྱང་མྱི་སྐད་སྒྲོགས་པ།།
ཚོར་ཤེས་སྲོག་ཆགས་ཤིག་ཡིན་པའི་མཚོན་རྟགས།།

ཡོངས་ཁྱབ་རིན་ཐང་ཅིག་ལག་སྣེར་མེད་པའི།།
བརྒྱ་ཁ་གཅིག་གཅོད་ཀྱི་སྒེར་གཅོད་ཚང་གིས།།
ཉིན་དང་མཚན་མོ་ཡི་བར་གླགས་སྤྱད་ནས།།
རིན་ཆེན་ཕྲེང་བ་འདིའི་ཕྲེང་ཐག་བཅད་སོང་།།

ཨ་མ་འཛངས་མ་ཡིས་ཁོགས་ངུ་རྒྱག་དུས།།
ཨ་ཕ་དཔའ་བོ་ཡིས་ཁ་འཛིང་བྱས་དུས།།
ཁ་མཐུན་སྤུན་ཟླ་ཡིས་དཔའ་སྤོབས་བསྩལ་དུས།།
ནང་མཐུན་འུ་གཉིས་ཀྱིས་གདུང་སེམས་མཉམ་སྐྱེད།།

འདས་ཟིན་ལོ་རྒྱུས་ཤིག་གླེང་ན་འདི་ལྟར།།
སྐབས་དོན་ད་ལྟ་ཞིག་གླེང་བར་བྱས་ན།།
སོ་སོ་གྱེས་བྲལ་ཞིག་བྱུང་ནས་ད་བར།།
དག་དག་ལོ་འཁོར་ཞིག་སྐྱོ་བའི་རྫོགས་སོང་།།

སེམས་དང་བསམ་པ་ཞིག་ཨ་ལོང་དགུ་བསྒྲིལ།།
གྲོགས་དང་གྲོགས་མཆོག་གི་འདུན་པ་རྩེར་བཞག།།
ཚིག་དང་སྙིང་གཏམ་དེ་མགོ་རྟིང་སློག་དུས།།
ལྷད་མེད་བརྩེ་བ་ཞིག་གླེང་གིན་འགལ་སོང་།།
 
རང་ནི་རང་ཉིད་ཀྱི་ཡང་དག་ཡིན་པས།།
ཁྱེད་ཀྱིས་གསུངས་ན་ནི་ང་རང་ལན་འདུག།
རང་གིས་རང་ཉིད་ལ་རྟོགས་པར་གྱུར་ན།།
ནོར་འཆུག་འདུག་པ་ཞིག་ཅིས་ཀྱང་མི་རྟོགས།།

དེ་ཡང་གསུངས་བ་བཞིན་ཡིན་ན་ཐང་མོད།།
རང་སྐྱོན་རང་ཀྱིས་ཀྱང་མི་རྟོགས་ནང་བཞིན།།
བསམ་བློ་འཁོར་ཕྱོགས་དེས་མ་ཟིན་ས་ནས།།
ལུགས་མེད་གནོད་པ་ཞིག་ཡོད་ན་དགོངས་དག།

སྔོན་ཆད་གླེང་མོལ་ལས་འཕྲིན་ཡིག་བསྐུར་མྱོང་།།
ཁ་སང་ཕྲན་འཕྲིན་ནས་སྐད་ཅིག་བཞག་མྱོང་།།
དེ་རིང་ལན་པ་ཞིག་མེད་པར་གྱུར་ན།།
སང་ཉིན་ཁ་པར་ཞིག་གཏོང་གྲབས་བྱས་ཡོད།།

འདི་ནི་དུས་ཚོད་ཀྱི་བར་གསེང་བཀོལ་ནས།།
ཁྱེད་ལ་བྲིས་པ་ཡི་མཐའ་མའི་སེམས་ཚོར།།
ཕུལ་བའི་འཕྲིན་ཡིག་འདི་དྭངས་མའི་རང་བཞིན།།
དེ་བས་སྨྲ་མེད་ངང་འཕྲིན་ལན་སྒུག་འདོད།།

མགྱོགས་མྱུར་འཕྲིན་ལན་ཞིག་མེད་པ་ཡིན་ན།།
ཅིས་ཀྱང་བརྩེ་གཞུང་ནས་གཙང་དོར་བྱེད་རྒྱུ།།
དེ་ནི་དུངས་པ་འདི་རྫོགས་པ་མིན་པར།།
ཁྱོད་ལ་ཁྱོད་ཉིད་ཀྱི་འཚོ་བ་སྤྲད་དགོས།།
                                ནུབ་བྱང་ནས་ཁྱེད་ཉིད་དྲན་དྲགས་པའི་ཉིན་དེར།            
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲིན་ཡིག་སྟོན་མཇུག་གི་ལོ་མ་སེར་པོ།

2012-12-15 བཙན་རྐང་། ཀློག་གྲངས། མཆན ཡོད།


ཡུལ་གྲུ་ལྷུན་ལྷུན་དེ་རིག་པའི་གླིང་ནས།།
རེ་སྙེག་ཆུང་ཆུང་དེ་སྔས་མགོ་བྱས་ནས།།
བརྒྱ་འཛོམས་སྟོང་ཉེ་ཡི་ཁོར་ཡུག་འདི་ནས།།
གཤིས་འཇམ་གཞུང་དྲང་གི་ཁྱེད་ཉིད་ཁྱད་འཕགས།།

དགའ་ཁ་ཁྱེར་སོ་ཡི་ལམ་ཕྲན་ཞིག་ནས།།
མི་མཐོང་མ་འོངས་ལ་བསྐྱོད་ཚུལ་ཞིག་ནས།།
དཔའ་སྤོབས་ཡིད་ཆེས་ཤིག་སྔོན་དུ་བསྲིངས་ནས།།
དགའ་སྤྲོའི་རེ་བ་ཞིག་ཡུན་གྱིས་འབུས་སོང་།།

རླུང་དམར་འུར་འུར་ཞིག་ལོ་ཟླར་འགྲོགས་ནས།།
སྤྲིན་ནག་དུམ་དུམ་ཞིག་ནམ་མཁར་འཐིམས་པའི།།
ཡིད་འཛུམ་སྤྲོ་བ་ཞིག་གློ་བར་བྲལ་བའི།།
འཚོལ་མེད་དུས་མཚམས་ཤིག་དུས་ཀྱིས་སྤྲད་བྱུང་།།

བྱ་བྱེའུ་ཉྭ་འབུ་ཡིས་འཕག་འཚག་རྒྱག་དུས།།
རི་དྭགས་གཅན་གཟན་གྱིས་ཨག་སྐད་འདོན་དུས།།
ཁྱོད་དང་ང་ཡིས་ཀྱང་མྱི་སྐད་སྒྲོགས་པ།།
ཚོར་ཤེས་སྲོག་ཆགས་ཤིག་ཡིན་པའི་མཚོན་རྟགས།།

ཡོངས་ཁྱབ་རིན་ཐང་ཅིག་ལག་སྣེར་མེད་པའི།།
བརྒྱ་ཁ་གཅིག་གཅོད་ཀྱི་སྒེར་གཅོད་ཚང་གིས།།
ཉིན་དང་མཚན་མོ་ཡི་བར་གླགས་སྤྱད་ནས།།
རིན་ཆེན་ཕྲེང་བ་འདིའི་ཕྲེང་ཐག་བཅད་སོང་།།

ཨ་མ་འཛངས་མ་ཡིས་ཁོགས་ངུ་རྒྱག་དུས།།
ཨ་ཕ་དཔའ་བོ་ཡིས་ཁ་འཛིང་བྱས་དུས།།
ཁ་མཐུན་སྤུན་ཟླ་ཡིས་དཔའ་སྤོབས་བསྩལ་དུས།།
ནང་མཐུན་འུ་གཉིས་ཀྱིས་གདུང་སེམས་མཉམ་སྐྱེད།།

འདས་ཟིན་ལོ་རྒྱུས་ཤིག་གླེང་ན་འདི་ལྟར།།
སྐབས་དོན་ད་ལྟ་ཞིག་གླེང་བར་བྱས་ན།།
སོ་སོ་གྱེས་བྲལ་ཞིག་བྱུང་ནས་ད་བར།།
དག་དག་ལོ་འཁོར་ཞིག་སྐྱོ་བའི་རྫོགས་སོང་།།

སེམས་དང་བསམ་པ་ཞིག་ཨ་ལོང་དགུ་བསྒྲིལ།།
གྲོགས་དང་གྲོགས་མཆོག་གི་འདུན་པ་རྩེར་བཞག།།
ཚིག་དང་སྙིང་གཏམ་དེ་མགོ་རྟིང་སློག་དུས།།
ལྷད་མེད་བརྩེ་བ་ཞིག་གླེང་གིན་འགལ་སོང་།།
 
རང་ནི་རང་ཉིད་ཀྱི་ཡང་དག་ཡིན་པས།།
ཁྱེད་ཀྱིས་གསུངས་ན་ནི་ང་རང་ལན་འདུག།
རང་གིས་རང་ཉིད་ལ་རྟོགས་པར་གྱུར་ན།།
ནོར་འཆུག་འདུག་པ་ཞིག་ཅིས་ཀྱང་མི་རྟོགས།།

དེ་ཡང་གསུངས་བ་བཞིན་ཡིན་ན་ཐང་མོད།།
རང་སྐྱོན་རང་ཀྱིས་ཀྱང་མི་རྟོགས་ནང་བཞིན།།
བསམ་བློ་འཁོར་ཕྱོགས་དེས་མ་ཟིན་ས་ནས།།
ལུགས་མེད་གནོད་པ་ཞིག་ཡོད་ན་དགོངས་དག།

སྔོན་ཆད་གླེང་མོལ་ལས་འཕྲིན་ཡིག་བསྐུར་མྱོང་།།
ཁ་སང་ཕྲན་འཕྲིན་ནས་སྐད་ཅིག་བཞག་མྱོང་།།
དེ་རིང་ལན་པ་ཞིག་མེད་པར་གྱུར་ན།།
སང་ཉིན་ཁ་པར་ཞིག་གཏོང་གྲབས་བྱས་ཡོད།།

འདི་ནི་དུས་ཚོད་ཀྱི་བར་གསེང་བཀོལ་ནས།།
ཁྱེད་ལ་བྲིས་པ་ཡི་མཐའ་མའི་སེམས་ཚོར།།
ཕུལ་བའི་འཕྲིན་ཡིག་འདི་དྭངས་མའི་རང་བཞིན།།
དེ་བས་སྨྲ་མེད་ངང་འཕྲིན་ལན་སྒུག་འདོད།།

མགྱོགས་མྱུར་འཕྲིན་ལན་ཞིག་མེད་པ་ཡིན་ན།།
ཅིས་ཀྱང་བརྩེ་གཞུང་ནས་གཙང་དོར་བྱེད་རྒྱུ།།
དེ་ནི་དུངས་པ་འདི་རྫོགས་པ་མིན་པར།།
ཁྱོད་ལ་ཁྱོད་ཉིད་ཀྱི་འཚོ་བ་སྤྲད་དགོས།།
                                ནུབ་བྱང་ནས་ཁྱེད་ཉིད་དྲན་དྲགས་པའི་ཉིན་དེར།            
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།