འཚོ་བའི་ཕྱི་ནང་།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-13

འཚབ་མ་བྲེལ་གྱིས་དུང་བའི་རི་མོ་སྨྱུ་གུ་རྩེན་གྱིན་ཤར་ཤར་ཕབ།།
སྐབས་འགར་འགྲམ་པ་ལག་པས་སྐྱོར་ཞོར་བསམ་གཞིག་ཀློང་དུ་ཡང་ཡང་འགྲོ།།
ཇ་ཕོར་ཤེལ་དམ་དལ་གྱིས་འཁྱགས་པས་ཇ་ལོ་སེར་པོ་ཞབས་ལ་སྙིགས།།
དོན་གནད་ཟབ་མོར་བསམ་བློ་གཏོང་བཞིན་ཆུ་ཚོད་ཁ་ཤས་དལ་གྱིས་འདས།།

བསམ་བློའི་གླིང་གར་ཡང་ཡང་འགྲིམས་པས་འཇིག་རྟེན་བྱ་བ་རྒྱང་དུ་འདོར།།
སེམས་མཐུན་གྲོགས་དང་ལབ་གླེང་བྱེས་ཀྱིན་བསམ་ཚུལ་ཆུ་བོ་མར་མར་འབབ།།
འཇིག་རྟེན་སྲོལ་ལུགས་བྱིས་པའི་རྩེད་འཇོས་མི་འདོད་དབྱུག་གུ་བཙན་གྱིས་བསྐུལ།།
ཕན་ཚུན་མཐུན་པའི་གཏམ་སྙན་ཙམ་ཞིག་གོམ་སྲོལ་རི་མོའི་གཤིས་སུ་ཆགས།།

སྐྱ་རེངས་བུ་མོས་མིག་ཟུང་ཕྱེས་དུས་ཐམས་ཅད་སྒེར་དོན་ཕྱོགས་སུ་བྲེལ།།
ཨ་མ་སྒྲོལ་མས་ཁ་འདོན་བྱེད་ཀྱིན་ཚ་གསུར་ཁུག་མ་རྒྱབ་ཏུ་ཁུར།།
ཨ་ཅེ་ལྷ་མོས་འོ་མ་འཇོ་བཞིན་སྒྲོལ་མའི་དབྱངས་རྟ་རླུང་ལ་བསྐུར།།
འབྲི་མོའི་ངུར་དབྱངས་རླུང་ལ་བསྐུར་བས་ཁ་བའི་ཟེགས་མ་དགུང་ནས་འཐོར།།

ལོ་ཟླའི་ཤོག་ལྷེ་རིམ་གྱིས་འཁོར་བས་འཕོ་འགྱུར་ལྗང་མྱུག་དལ་གྱིས་འབུས།།
ལྷིང་འཇགས་གྲོང་གི་མཁའ་དབུགས་གསར་བར་སྙིང་མཐུན་ལྷ་མོ་འགྲམ་ཆུ་ལྡང་།།
སྐྱེས་པས་ཆང་འཐུང་མོས་ཀྱང་འཐུང་ཞེས་འགྲན་པའི་ཚིག་གི་མདའ་མོ་འཕངས།།
ཨ་ཕ་འཕགས་རྡོས་རྒྱ་གདོན་རེད་ཅེས་རྒྱ་བླ་མཁན་པོས་རིམ་གྲོ་བསྒྲུབས།།

ལག་ཁྱེར་ཁ་པར་དལ་གྱིས་བཟུང་ནས་ཨ་གྲངས་མཐེབ་གནོན་ཁྲོག་ཁྲོག་མནན།།
ཨ་ལན་གསལ་མོས་རང་སེམས་བསྒུལ་བས་གཏམ་སྙན་ཁ་ཤས་འཛུམ་གྱིན་ཤོར།།
འདོད་གཏམ་ཁ་ཡག་ཚིག་གི་རི་མོས་གཡོ་སྒྱུའི་མལ་ཐུལ་གོས་སུ་བསུས།།
མཇུག་གི་འབྲས་ལ་བསམ་གཞིག་མེད་པར་གྱེས་བརྡའི་རོལ་དབྱངས་ཕྱོགས་སུ་འཐོར།།
    
མི་ལག་བརྒྱུད་པའི་འཕྲིན་པ་རལ་བོ་ཐ་མར་བདག་པོའི་ལག་ཏུ་འབྱོར།།
བརྗོད་བྱའི་དོན་ལ་བྲེལ་འཚུབ་བྱེད་ཀྱིན་ཤོག་ལྟེབ་ཟུར་གསུམ་དལ་གྱིས་ཕྱེས།།
ཆ་རྐྱེན་འགའ་ལ་གདམ་གསེས་བྱེད་ཆེད་ཅུང་ཟད་ཧད་ཀྱིན་འཛུམ་མདངས་རྒྱས།།
མཐའ་འཁོར་གྲོགས་པོས་ཅི་ཡིན་དྲིས་ཀྱང་རྫུན་གཏམ་གཅིག་གིས་འགྲོ་ཐབས་བྱེད།།
   
ལག་ཟུང་བྲང་ལ་དལ་གྱིས་བཞག་ནས་མལ་ལས་བསམ་བློ་ཡང་ཡང་བཏང་།།
འདས་པའི་ཉམས་མྱོང་ཡུན་གྱིས་སློག་གིན་མི་ཚེའི་འགྲོ་སྟངས་འཚབ་འཚབ་འཚོལ།།
སེམས་ཀྱི་ཁ་དོག་དལ་གྱིས་འགྱུར་བས་འཚོ་གནས་གསར་བ་གོམས་པར་བྱས།།
མི་ཚེའི་གོམ་སྟབས་འཁྱར་འཁྱོར་ཁྲོད་ནས་མི་ལོ་གང་མང་རྒྱང་ལ་བཞུར།།
                                                       ༢༠༡༢    ༡༡        ༢༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་ཕྱི་ནང་།

2012-12-13 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།