ཕ་ཡུལ་ལ་བསྟོད་པ་མུ་ཏིག་ཁྲ་ཁྲ།

        ____ཕ་ཡུལ་ཐེམ་ཆེན་ལ་ཕུལ་བ།   
        ༡
སྔོ་ལྗང་མཛེས་པའི་གོས་ཆེན་གཞི་ལ་ཕྲ་ཚོམ་མེ་ཏོག་ཕོན་པོ་འཆང་།།
མེས་པའི་སྦྲ་ནག་ཁ་ཚུབ་བར་ན་སྔོ་བསང་དུ་བ་སྤྲིན་དང་འདྲེས།།
བཙན་རྒོད་གནས་རིའི་གཡས་རུ་གཡོན་རུ་སྒོ་བཞི་ཕྱུགས་གིས་མཐའ་སོ་བཀང་།།
ཡབ་མེས་སྔོན་བྱོན་དམ་པ་དག་གི་ལོ་རྒྱུས་དབུ་འཁྱུད་འབྲི་ས་ཡིན།།
   ༢
ཁྲི་ཤོར་རྒྱལ་མོའི་འཁྱུག་རྩལ་མངར་མོ་རླབས་ཀྱིས་དགོང་དུ་འཕྱོ་བ་དང་།།
རླངས་པས་ན་བུན་མཚོ་མོ་གཡོགས་ནས་སུམ་རྩེན་ཡུལ་གྱི་མཛེས་ཉམས་ཤིག།
གཞན་སྲས་བུ་ཡིས་མགྲིན་ངག་སྙན་མོ་དབྱངས་ཅན་བདག་མོའི་རམ་འདེགས་འཛད།།
དངོས་གྲུབ་ཆར་ཆུའི་མཆོད་ཁ་འཕེན་བཞིན་འགྲོ་བ་རིགས་དྲུག་ཕན་ནུས་སྤྱིན།།
  ༣
གངས་དཀར་ཕྱོགས་ལས་གངས་གསེང་རེ་ན་ནོར་ནག་འབྲོང་ཁྱུའི་གཤར་ལམ་ཞིག།།
རྟ་མཆོག་སྤང་གི་ཁུགས་སོ་རེ་ན་རྟ་རྒོད་བང་གི་འཚུབ་ལམ་ཅིག།
ཧོར་ཆུ་ཁམས་པའི་བཞུར་ལམ་རེ་ན་ཀླུ་ཕྲུག་སྟོང་གི་བཞུད་ལམ་གནས།།
ཐེམ་ཆེན་རི་བོའི་མཛེས་མཉམ་བརྗིད་པོ་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ཤིག།
   ༤
ཀ་བཞི་གདོང་བརྒྱད་གང་སར་ཕུབ་པའི་རང་ཡུལ་འབྲོག་སྡེ་ཕྱུག་མོ་འདི།།
ཁ་ཏོན་མ་ཎི་གོ་འདོན་བྱེད་པའི་དད་ལྡན་བོད་རིག་རྐྱང་རྐྱང་ཤིག།
ག་བྲ་ལ་སོགས་རྩྭ་སྨན་སྣ་ཚོགས་ག་ས་གང་དུ་འཁྲུངས་ནས་འདུག།
ང་ཡི་ལྟེ་ཁྲག་འདི་རུ་འཐོར་ནས་བགྲང་བྱ་ཉི་ཤུའི་མཐོང་སྣང་ཙམ།།
  ༥
ཅ་རེ་གནས་འདིར་མཉམ་དུ་སྡོད་པའི་མིང་སྲིང་དག་གི་བརྩེ་འདང་ཟབ།།
ཆ་བྱད་དེ་འདྲ་ཡག་པོ་མིན་རུང་འབྲོག་པ་ཚང་གི་པགས་ཚར་གོན།།
ཇ་པྲ་ལ་སོགས་མཁོ་ཆས་རྙིང་བ་མ་ཉམས་གོང་འཕེལ་ཉམས་པ་སླར་གསོ་བྱས།།
ཉ་ཉོག་འདྲེས་མའི་ལབ་ནི་མེད་པར་བོད་སྐད་གཙང་མའི་ངོ་སོ་མཐོ།།
  ༦
གངས་ལྗོངས་རྭ་བའི་རྨུ་ཐག་སྦྲེལ་སའི་མདོ་སྨད་རྟ་ཡི་གནས་མཆོག་འདི།།
བུ་རབས་སྟོང་གི་ཚ་བོ་འཁྲུངས་སའི་མཐོ་སྒང་ཨ་མདོའི་ཕ་ས་ཡིན།།
ཡན་ལག་བརྒྱད་ལྡན་ཆུ་མིག་བཞུར་སའི་མཆོད་གསུམ་བོད་ཀྱི་གདན་ས་འདིར།།
མེས་པོ་སྟོང་གི་ཤུལ་བཞག་ནོར་བུ་མ་འགྱུར་སྔར་བཞིན་གནས་ས་ཡིན།།
  ༧
འདྲེན་བྱེད་ལམ་གི་སྟོང་སྣང་ཏག་ཏག་ལབ་སྐྱ་ཞིག་བྲིས་ནི་མིན།།
ཐོས་འཛིན་སྒྲ་ཡིས་གོ་གོ་ཚང་མ་ཤོབ་གྱི་ལབ་ནས་བཤད་ནི་མིན།།
དྲི་འཛིན་སྣ་ཡི་སྣོམས་ཕྱོགས་ཞིག་གིས་ཐན་དྲི་ཅན་ཞིག་ཕྱིན་ནི་མིན།།
བུ་ཆུང་ང་ཡི་གཉོམ་ལག་རྒྱས་ནས་ལོ་ངོ་ཉི་ཤུའི་ཕྱིར་དྲན་ཡིན།།
                     ༢༠༡༢ལོའི་ཟླ་༩བའི་ཚེ་༥ཉིན།
                        རང་ཁྱིམ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ལ་བསྟོད་པ་མུ་ཏིག་ཁྲ་ཁྲ།

2012-10-30 ས་ཉལ་ཨེ་ལོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།