དབྱངས་ཀྱི་ཚོམས།

ཁོ་བོས་རྒྱང་ནས་མཐོང་བའི་མེ་ཏོག་དེ།།
རྩྭ་ལྗང་ལོ་མའི་མགོ་བོ་གནོན་བཞིན་དུ།།
ཆུ་བོའི་སྐྱོ་རོགས་འཚོལ་བའི་ལམ་ལ་ཞུགས།།
གསེར་མིག་ཉ་མོའི་བསུ་མ་གང་དུ་ཡོད།།

དགུང་སྔོན་ཉི་ཟླའི་སེམས་པ་སྤྲིན་ལ་ཤོར།།
སྤྲིན་གྱི་སྙིང་གཏམ་ཐང་དཀར་རྒོད་པོར་བཤད།།
རྒོད་པོ་གླུ་དབྱངས་ལེན་བཞིན་བྱ་ལམ་འགྲིམས།།
བྲག་རི་མཐོན་པོ་ཐུགས་སེམས་མ་སྐྱོ་རོགས།།

སྐྱི་བསེར་རླུང་གིས་གཡོ་བའི་ལོ་འདབ་ལགས།།
ཁུ་བྱུག་སྔོན་མོའི་གསུང་སྙན་ཐོས་བྱུང་ངམ།།
ཁྲ་ཆུང་ཕྱེ་མ་ལེབ་ཀྱིས་བྲོ་གར་འཁྲབས།།
ལྕང་གསེབ་འཇོལ་མོའི་བཞད་གད་ཀློང་ནས་བརྡོལ།།

ཁ་བའི་འདབ་མ་མཚོ་མོའི་སྙིང་ལ་འཐིམ།།
ཤང་ཤང་འབབ་ཆུའི་ཕོ་ཉ་གང་དུ་ཕེབས།།
མཚན་མོའི་ཟླ་བས་མཚོ་མོའི་དར་ཁ་ཕྱེས།།
ཀུ་མུད་བུ་མོའི་སེམས་པ་སུ་ཡིས་ཤེས།།

ཨ་ཅེ་ཝ་མོའི་སེམས་པ་རི་ལ་ཤོར།།
ཨ་ཕོ་སྤྱང་ཀིའི་གྲོད་པ་ལོང་ལ་འབྱར།།
རྩྭ་ཆུ་སྔས་སུ་བྱས་པའི་རི་བོང་དེ།།
བུ་ཆུང་ལུག་རྫིའི་འུར་རྡོ་སེམས་ལ་གཟན།།

གྱ་གྱུའི་རྐང་ལམ་ཕྲ་མོའི་མིག་ཆུ་དེ།།
ཆུ་ལེན་བུ་མོའི་རྡོག་པ་ཡངས་མོས་ཕྱིས།།
ཆུ་ཟོམ་རྒྱབ་ཏུ་འཁྱེར་བའི་སྨིན་ལེགས་མའི།།
གོམ་པའི་གསང་བ་ཁྱེད་ཀྱིས་ཚོར་བྱུང་ངམ།།

2012/10/17 དགོང་དྲོ་ཉལ་ཁང་དུ་བྲིས།
    གྲོགས་པོ་མང་པོ་ཞིག་གིས་ཁྱོད་ཀྱི་སྙན་ངག་གི་བརྩེ་བ་དྲོ་མོ་དེ་རང་བྱུང་ཁམས་ལ་སྤྲོད་དོན་ཅི་ཡིན་ཟེར། བདག་གིས་ཅི་ཞིག་བརྗོད་དགོས་སམ། ཉེ་རབས་ཀྱི་བསམ་བློ་སྨྲ་བ་ཆེན་པོ་སློབ་དཔོན་ཀིར་ཤི་ནཱ་མུར་ཏིས་(J.krishnamurti)འདི་འདྲ་ཞིག་གསུངས་འདུག ༼གཡའ་དག་པའི་ནམ་མཁའ་དང་སྐར་ཚོམ། མཛེས་སྡུག་གི་ས་གཞི་དང་བརྗིད་ཆགས་ཀྱི་རི་བོ། འོད་ཟེར་དང་མཚོན་མདོག་གི་བཀྲག་མདངས་འབར་བའི་མེ་ཏོག་དང་རྩི་ཤིང་། ལྷུན་ཆགས་ཀྱི་རི་རྩེ་ནས་འཆར་ནུབ་བྱེད་པའི་གསེར་མདོག་གི་ཉི་མ་དང་། དཀར་གསལ་ཟླ་བ། ད་དུང་ཤང་ཤང་དུ་རྒྱུགས་བཞིན་པའི་ཆུ་རྒྱུན་དང་། ཟིམ་ཟིམ་དུ་འབབ་བཞིན་པའི་སྦྲང་ཆར། འདི་དག་ཚང་མར་ལེགས་པར་ལྟོས་དང་། ད་དུང་འབབ་ཆུའི་བཞུར་དབྱངས་དང་། འདབ་ཆགས་ཀྱི་གྲེ་གྱུར། ལྷག་རླུང་གི་འུར་སྒྲ་དང་། དྲག་ཆར་གྱི་ཤག་སྒྲ་འདི་དག་ལའང་ལེགས་པར་ཉོན་དང་། ཁྱེད་ཀྱི་སེམས་ཁོང་དུ་ཞི་བདེ་དང་ལྷིང་འཇགས་ཀྱི་ཚོར་བ་ཡིད་དུ་འོང་བ་ཞིག་ངང་གིས་སྐྱེ་ངེས་ཡིན། དེ་བཞིན་ད་ལྟའི་སྤྱི་ཚོགས་ཀྱི་རང་བཞིན་ཏེ། གདུག་རྩུབ་དང་དྲག་སྤྱོད། ངན་སྐུལ་དང་ལྐོག་ཟ་སོགས་སྙིང་ལ་ཧ་ཅང་གཟན་པའི་གནས་ཚུལ་འདི་དག་ལ་གཅིག་ལྟོས་དང་། ཁྱེད་ལ་ཚོར་སྣང་ཅི་ཞིག་འདུག་གམ། ཁྱེད་ཉིད་ཀྱིས་ཅི་ཞིག་བྱེད་རྒྱུའི་འདུན་པ་སྐྱེ་བཞིན་འདུག་གམ།༽ཞེས་གསུངས་ཡོད། ཁོང་གི་གསུང་བཤད་ཀྱི་དུམ་བུ་འདིས་ངའི་གྲོགས་པོ་ཚོའི་དྲི་བར་ལན་འདེབས་བྱེད་འདོད་ཡོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཀྱི་ཚོམས།

2012-10-30 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།