སེམས་ཚོར་དགུ་སྒྲིལ་མ།༢

བྱེ་རླུང་འཚུབ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-29

༡ སྐྱེ་བ་སྔ་ཕྱིའི་ལམ་འདི་མེད་ན་ཁྱོད་རང་གླིང་འདིར་འབྱོན་སོས་མེད།།
ལས་དབང་བཙན་པོའི་འཆིང་ཐག་མེད་ན་ང་དང་ཁྱོད་རང་འཕྲད་དོན་མེད།།
ལུས་སེམས་མཉམ་པོར་སྦྲེལ་བའི་གཏམ་འདི་བརྩེ་དུང་ཁོ་ནའི་ཟིལ་ཤུགས་ཤིག།
སུ་ལའང་ལས་བདའ་མེད་པའི་བར་ནས་གཏམ་རྒྱུད་ཞིག་གི་དབུ་ཁྱུད་བྲིས།།

༢ འཛུམ་མདངས་སྒོར་སྒོར་མེ་ཏོག་བཞད་འདྲ་འཛད་དུ་མེད་པའི་ཆུ་ཀླུང་ཞིག།
སྒེག་ཉམས་ཟབ་འཆོར་རྫུས་ཀྱིས་གྱོན་འདྲ་མཛེས་སྡུག་སྟོང་གི་ཟླ་བོ་ཞིག།
ཉིན་བཞིན་རྒྱས་པའི་བརྩེ་འདང་དཀར་པོ་ཟབ་བརླིང་ཀུན་བཏུས་རྒྱ་མཚོ་ཞིག།
བཅོས་མིན་ལྷག་བསམ་སྙིང་གཏམ་རིང་མོ་ཉིན་ཞག་སྟོང་གི་གཏམ་རྒྱུད་ཅིག།

༣ མཆུ་སྒྲོས་འདམ་མའི་ཟིལ་ཐིགས་རེ་རེ་ལྷ་ལས་འབབ་པའི་བདུད་རྩི་ཉིད།།
འཇམ་མཉེན་ལག་ཟུང་རེག་པ་གཅིག་གིས་འདོད་ཡོན་ཐམས་ཅད་རྡུལ་དུ་བརླགས།།
མཚན་ཐུན་རེ་ཡི་བདེ་བ་ཁོ་ནས་ཉིན་བྱེད་དབང་པོར་སྡང་དུ་འཇུག།
ལུས་ངག་ཡིད་གསུམ་གང་ལ་བལྟས་ཀྱང་ཁམས་གསུམ་འགྲམ་ཆུ་ལྡང་བར་བྱེད།།

༤ ཉེ་བར་གནས་པའི་དྲོད་རླབས་གཅིག་པོས་འཇིག་རྟེན་སྡུག་བསྔལ་རྨང་ནས་དོར།།
རྒྱང་ནས་བཏབ་པའི་ཡ་ལན་རེ་རེས་ཡིད་སེམས་དགའ་བའི་རྩེ་མོར་འདེད།།
དུས་ཀྱིས་མི་སུབ་དྲན་ཤིང་དགོས་ཚེ་ལན་ཅིག་གཟིགས་མོར་ཕེབས་ཤོག་དང་།།
འཚིམ་པའི་སྣང་བ་སུ་ལ་གཏེར་ན་ཁོ་བོས་རང་སྐེ་རྒྱན་དུ་འཇོག།

༥ སྐྲ་ལོ་རིང་པོ་འཕྲེད་དུ་གཡུགས་ཏེ་སྟངས་སྟབས་དལ་མོར་གྱུར་ཐེངས་རེར།།
ཟུར་མིག་སྟོང་གི་དྲྭ་བའི་པ་ཏྲ་བཅོས་མིན་ལྷུན་གྱིས་གྲུབ་ནས་ཡོད།།
ཀུ་རེའི་ཚུལ་གྱིས་དགོད་སྒྲ་ལྡེར་རེ་སོ་འཕྲེང་ཕྱི་རུ་མངོན་ཐེངས་རེར།།
བླ་འགུག་ཆོ་གའི་ལྟ་གོན་ཆེད་དུ་ཟང་ཟིང་ཡོ་ལང་འཕྱུར་ནས་ཡོད།།

༦ སེང་རྡོར་སྨྱུག་ཁས་རིང་ནས་བསྒྲིགས་པའི་འབྲོག་མོ་ངོ་མའི་མཚར་སྣང་གཅིག།
སྒྱུ་མ་མཁན་པོས་རྫས་སྔགས་སྡེབ་པའི་འཕྲུལ་ལས་བསྐྲུན་པའི་སྣང་བརྙན་གཉིས།།
ལས་ཀུན་བྱེད་པོས་རྩལ་ལས་འཁྲུངས་པའི་སུམ་རྩེན་ལྷ་མོའི་འདྲ་རིས་སོགས།།
སུ་དང་བསྒྲུན་མེད་འགྲེལ་དུ་ཁེག་པའི་འཇིག་རྟེན་མི་ཡི་བུ་མོ་ཞིག།

༧ མདང་སྐྱེས་བྱིས་པས་མཐོང་བའི་དུས་ན་ངག་གི་མདུད་པ་ཤར་རེ་གྲོལ།།
འཆི་ཁའི་རྒད་པོས་རིག་པའི་ཚེ་ན་སྲོག་གི་ཉིན་ཁ་ཐོལ་གྱིས་བོར།།
ལོང་བ་ལྐུགས་པ་སུ་དང་འཕྲད་ན་རང་རང་ངལ་ལས་དེ་མུར་ཐར།།
རྣམ་གྲོལ་དོན་གཉེར་སྐྱེ་བུ་སུས་ཀྱང་ལམ་འདི་སྙེག་པ་དོན་སྙིང་ཆེ།།

༨ དབང་ཆེན་དཔོན་ཆེན་འགྱིངས་རྔམ་ཅན་ཚོས་དབང་གིས་བསླུ་ཐབས་མེད་པ་ཞིག།
འབྱོར་རྒྱས་ནོར་བདག་ཁེངས་ཉམས་ཅན་ཚོས་སྒོར་གྱིས་ཁུག་སྐབས་མེད་པ་ཞིག།
དངས་གཙང་སེམས་ཀྱི་བརྩེ་དུང་ཁོ་ན་ཁྱོད་ལ་མཁོ་བའི་གཏང་རག་ཅིག།
ཡ་གཡོ་མེད་པའི་གཏན་ཚིགས་དེ་ཡང་ཁྱོད་རང་མཉེས་སའི་ལེགས་སྐྱེས་ཞིག།

༩ ནམ་མཁའི་མཐོངས་ནས་ཧོབ་ཀྱིས་བལྟས་ཚེ་ཁྱོད་ཀྱི་བྱད་གཟུགས་ཐད་གར་མཐོང་།།
ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་ཁྱོད་ཀྱི་མཛེས་སྡུག་འགྱུར་མེད་ཅིག།
འཇིག་རྟེན་ཡུལ་ན་རྟག་བརྟན་དངོས་ཤིག་ཁྱོད་ཉིད་མ་གཏོགས་མེད་དོ་ཞེས།།
བདེན་པའི་ཁ་གཡང་བདག་གིས་ནམ་ཡང་ལྷོད་མེད་འདི་ནས་ལྷང་ལྷང་སྒྲོགས།།

༡༠ ཁྱོད་ཀྱི་མཛེས་དཔལ་གཞལ་ནུས་མེད་ཀྱང་བདག་གིས་སྨྱུག་ཁའི་མདའ་མོ་ལས།།
རང་སེམས་གསང་བ་སྦས་སྐུང་མེད་པར་ཤར་མར་འདི་རུ་འཕོ་ཚུལ་འདི།།
བརྗོད་དུ་མེད་པའི་སྙན་ངག་རིག་པའི་རྩལ་དུ་མི་བརློམ་སུ་ཞིག་ཡོད།།
དེ་བས་རྒྱུན་དུ་བསླུ་མེད་སྐྱབས་འདིར་བདག་ཡིད་ནམ་ཡང་འགྱུར་བ་མེད།།

༡༡ སྙིང་རྗེས་སྟོངས་བའི་འཆི་བདག་ཡིན་ཡང་ཁྱོད་ལ་གནོད་པར་མི་བཟོད་པས།།
འཇིག་རྟེན་འདི་ཕྱིའི་ལྷ་དང་ལྷ་མོ་སུ་ཡང་ཁྱོད་ལ་མཁོ་བ་མེད།།
གང་དུ་ཞབས་ཀྱི་རྡུལ་ཕྱེ་གོས་ན་དེ་རུ་མེ་ཏོག་བཞད་གྱུར་བས།།
སྒྱུ་རྩལ་འཕྲུལ་གྱིས་བསྐྲན་པའི་དངོས་པོ་ཇི་ཡང་ཁྱོད་ལ་ཉག་དོན་མེད།།

༡༢ ཁྱོད་ཀྱི་སྣང་བརྙན་སུ་ཡིས་མཇལ་ན་ལྟོགས་སྐོམ་སྡུག་བསྔལ་ཞི་འགྲོ་བས།།
མུ་གེས་གདུང་བའི་ས་རེ་མཆིས་ཚེ་ཕེབས་བསུས་མཇལ་དར་འཐེན་ཚོད་རེད།།
ཉིད་ཀྱི་གསུང་སྙན་ཐོས་མཚམས་རེ་ལ་ཚ་གྲང་མནར་བཅོད་འཇོམ་འགྲོ་བས།།
ཚ་དྲོད་མི་སྙོམ་གང་དུ་སྡུག་ན་དེ་རུ་ལན་གཅིག་གདན་འདྲེན་མཛོད།།

༡༣ ངན་འགྲོར་འགྲོ་བའི་འགྲོ་བ་རྣམས་ཀྱང་མིག་བཤེར་ལན་གཅིག་མཛད་དེ་ཕེབས།།
ལྷོག་ལྷོག་ཁོལ་བའི་སླ་ངའི་ནང་གི་ཟུག་གཟེར་ཏོག་ཙམ་འཇམ་པོར་སྣང་།།
བར་དོར་འཁྱམ་པའི་རྣམ་ཤེས་རྣམས་ཀྱང་སྨོན་ལམ་ཙག་ཙིག་བསགས་ནས་ཤོག།
རིང་མ་ཐུང་གི་མི་ཚེའི་ཁྲོད་ནས་ཁོ་མོ་ཐེངས་རེ་མཇལ་ཡོང་ངོ་།།

༡༤ གཡུལ་ལ་བཞུག་པའི་དཔའ་བོ་ཡོད་ཚད་ལྷོད་ལ་འབབ་ནས་འདི་རུ་ལྟོས།།
མཚོན་ཆའི་ཁ་ནས་རང་སྲོག་ཤོར་ཡང་འགྱོད་གདུང་ཁུར་པོ་ཇེ་ཡང་འགྲོ།
རི་ཁྲོད་འགྲིམ་འདོད་སྐྱ་སེར་སུ་ཡིན་མཉམ་དུ་རང་མིག་བགྲད་དེ་གཟིགས།།
འཇིག་རྟེན་སྣང་བའི་མཚར་སྡུག་མཇལ་རྗེས་ཕྱིར་ལྟས་མེད་པར་ཤར་སྐྱོད་མཛོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་དགུ་སྒྲིལ་མ།༢

2012-10-29 བྱེ་རླུང་འཚུབ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།