སེམས་ཀྱི་ན་ཆུང་མར་ཕུལ་བའི་འཕྲིན་ཡིག

དམར་སེར་ལི་ཁྲིའི་ཚོགས་ལ་གྱེས་ཕྱག་ཕུལ་ཏེ།།
མཛེས་སྡུག་ལྷ་མོ་གང་གི་འཛུམ་མདངས་འཚོལ་དུས།།
རང་སེམས་བརྩེ་དུང་རྣལ་མའི་དཔང་རྟགས་བསྟན་ཀྱང༌།།
ན་ཆུང་བུ་མོའི་བློ་ཁ་གཞན་དུ་ཕྱོགས་འདུག།།
 
རྒྱང་རིང་རྒྱང་རིང་ཡུལ་གྱི་ཕ་མ་གཉིས་ལ།།
སྨྲ་ལྕེ་སྟོང་ལ་སྤྲུལ་ནས་རྫུན་ཞིག་གཏམ་སྟེ།།
ཡིད་འགུག་འཕྲིན་ཡིག་དག་གི་མངར་ཁ་མྱོང་དུས།།
ཁེར་རྐྱང་སེམས་འདི་ན་ཆུང་མཛེས་མར་འཁྱུད་འདུག
 
ཡོད་ཚད་སྒོར་གྱིས་གྲུབ་པའི་དུས་རབས་འདི་ལ།།
ཟས་གོས་གནས་མལ་ཙམ་ཡང་གཞན་ལ་བརྟེན་པའི།།
བདག་མེད་ས་མཐར་འཁྱམ་པའི་ཅང་མེད་བུ་ལ།།
ན་ཆུང་མཛེས་མ་བདག་པའི་ཐོབ་ཐང་ཨེ་ཡོད།།
 
ལྷིང་འཇགས་རང་དབང་སྟེར་བའི་མཚན་གུང་རེ་ལ།།
བསམ་གཞིགས་སྟོང་གིས་འཁོར་ལོ་སེམས་ཀྱིས་བསྐོར་དུས།།
སྐྱིད་སྡུག་འདྲེས་མའི་འཇིག་རྟེན་འགྲོ་ལུགས་འདི་ཡིས།།
སེམས་ཀྱིས་ཁོ་ཐག་ཆོད་པའི་བརྡ་ཞིག་བསྟན་ཐལ།།
 
དེའི་ཕྱིར་འདས་སོང་ལོ་ཟླ་ཕྱིར་དྲན་བྱས་ཏེ།།
སེམས་ཤོར་ན་ཆུང་བུ་མོའི་འཛངས་ཆོས་སྒོམ་དུས།།
ཡིད་ཀྱི་བརྟན་པ་འཕྲོག་པའི་ལྷ་མོ་གང་ལ།།
ཚིག་གསུམ་ཕྲེང་ལ་མ་བརྒྱུས་རང་དབང་མི་འདུག །
 
ལང་ཚོའི་ཆ་ཤས་ཀུན་རྫོགས་བརྩེ་བའི་བུ་མོ།།
སྒྲ་འཛིན་བུ་ག་ཡུན་ཙམ་བདག་ལ་ཕྱོགས་དང༌།།
ཁྱེད་རང་སྙིང་ལ་སྡུག་པའི་བརྒྱུད་རིམ་གསོན་པོ།།
མ་གསང་དྲང་བོར་བཤད་པའི་སྤོབས་པ་བསྐྱེད་ཡོད།།
 
ཁྱེད་ཀྱི་གནག་སྣུམ་སྐྲ་ལོ་མིག་ལ་མཛེས་སོང༌།།
ཁྱེད་ཀྱི་ཞལ་ཁྱིམ་གོར་མོ་སྙིང་ལ་སྡུག་སོང༌།།
ཁྱེད་ཀྱི་འཛུམ་ཆུང་དྭངས་མོ་ཡིད་ལ་འཐད་སོང༌།།
ཁྱེད་ཀྱི་ལང་ཚོའི་མེ་ཏོག་སེམས་ལ་བབས་སོང༌།།
 
སྡོང་ལོ་སེར་ཁ་བཞད་པའི་སྟོན་གཞུང་ཞིག་ལ།།
ངོས་གཙང་ཤོག་དཀར་ལེབ་མོའི་སྟེགས་བུ་བརྒྱུད་ནས།།
སེམས་ཀྱི་མྱོང་ཚུལ་ཕན་ཚུན་ཟབ་བརྗོད་བྱས་པས།།
བརྗེད་མེད་དྲན་ཤིང་ཞིག་གི་བག་ཆགས་བསླངས་སོང༌།།
 
སྨག་གིས་ས་གཞི་ཟོས་པའི་དགོང་མོ་ཞིག་ལ།།
གློག་འོད་ཕྱོགས་བཅུར་མཆེད་པའི་གར་སྟེགས་སྟེང་ནས།།
འགྱུར་ཁུག་ངག་ལ་དྲངས་པའི་ལོ་རྒྱུས་ཤིག་གིས།།
བརྩེ་བ་རྣལ་མ་ཞིག་ལ་ས་བོན་བཏབ་སོང༌།།
 
བདྨའི་བཀྲགས་མདངས་འཛིན་པའི་སྙིང་སྡུག་ཁྱེད་ཉིད།།
ཉིན་ཞག་འཁོར་བསྐྱོད་བར་ནས་མཐོང་ཐེངས་རེ་ལ།།
བཅོས་མིན་རང་གཤིས་གཙང་མའི་སྤྱོད་ཚུལ་ཞིག་གིས།།
བདག་གི་སྙིང་ཆུང་དམར་པོ་དུམ་བུར་གཏུབས་སོང༌།།
 
མི་ཚོགས་འཚང་ཁ་རྒོད་པའི་བར་གསེང་རེ་ནས།།
ལྐོག་མིག་ཟུར་མདའ་ཁྱེད་ཀྱི་མིག་ལ་འདྲེས་དུས།།
བརྗོད་བྲལ་ཚོར་བ་ཞིག་གི་མཚོན་ཆ་རྣོན་པོས།།
ཡང་ཡང་བསྣུན་ཏེ་འགྲོ་འདུག་གོམ་ཁ་འཁྱོར་སོང༌།།
 
ཉིན་མཚན་འཁོར་འགྲོས་ཀློང་ནས་ལོ་ཟླ་ཟད་སོང༌།།
ཤེས་མེད་ཚོར་མེད་ཁྲོད་ནས་ཕུགས་བསམ་བོར་སོང༌།།
འོན་ཀྱང་ཀུན་རྟོག་སེམས་ཀྱི་མེ་ལོང་ངོས་ནས།།
སྙིང་གི་ལྷ་མོའི་མཛེས་སྡུག་གསལ་དུ་ཕྱིན་སོང༌།།
 
དེའི་ཕྱིེར་ལྷོག་ལྷོག་ལྡིང་བའི་ཚོར་འདུ་དམར་པོས།།
དྭངས་གཙང་སྙན་ངག་ཅིག་ལ་ཚེ་སྲོག་བསྐྲུན་ཏེ།།
སེམས་ཀྱི་རེ་འདུན་ཟབ་མོ་ཞུ་སྙིང་སྐྱེས་མོད།།
ས་མཐའི་འཚོ་ཐབས་འདི་ཡིས་ཡོད་ཚད་བརླགས་སོང༌།།
 
ཚན་རྩལ་རིག་པའི་ལེགས་བྱང་ཡང་རྩེར་སོན་པའི།།
ཤར་ནུབ་གཅིག་ཏུ་བསྒྲིལ་བའི་སོ་མཚམས་འདི་ནས།།
ཁྱད་ཆོས་ཀུན་ལྡན་དེང་རབས་བུ་མོ་ཞིག་གིས།།
ཡུལ་མེད་འཁྱམ་པོ་ཞིག་ལ་བློ་རྩེ་གཏོད་དམ།།
 
དཔག་ཚད་འབུམ་གྱིས་ཆོད་པའི་ཕ་རོལ་ཞིག་ནས།།
བརྩེ་ལྡན་ཕ་མའི་མིག་མཐར་འཆི་མས་བརླན་ཏེ།།
དྲན་གདུང་རླུང་ལ་བསྐུར་བའི་རེ་འདུན་ཟབ་མོ།།
ན་ཆུང་མཛེས་མར་བརྗེ་བའི་བློས་གཏོང་ཡོད་དམ།།
 
དེའི་ཕྱིར་མ་འོངས་ཕུགས་བསམ་ཡིད་ལ་བཅགས་ཤིང༌།།
དྭངས་གཙང་ཚོར་བ་ཞིག་གི་རང་གཤིས་བཤིག་སྟེ།།
སེམས་ཀྱི་རྒྱུ་བ་འཛིན་པའི་ལྷ་མོ་ཁྱེད་ལ།།
གྱེས་ཕྱག་ངུ་ངག་སྟོང་གིས་འཕྲིན་འདི་ཕུལ་ལོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ན་ཆུང་མར་ཕུལ་བའི་འཕྲིན་ཡིག

2012-10-29 ཨ་བྱམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།