རྨི་ལམ།

 

 

སྤྲིན་པ་ཞིག་སྒམ་ལ་བཅུག་སོང་།།
སྐར་ཚོགས་དག་རུམ་ལ་བཏུམ་སོང་།།
སྨག་རུམ་གྱི་རས་འཐིམས་བཤམས་ནས།།
རྨི་ལམ་གྱིས་ཁ་དོག་མ་རྙེད།།
 
མཚན་གུང་གི་སྒོ་ཁྱིའི་ཟུག་སྐད།།
ནམ་སྨད་ཀྱི་བུ་མོས་ངུ་བཤམས།།
སྟོན་གཞུང་གི་རྨི་ལམ་བན་བུན།།
ལྷག་རླུང་གི་རྒྱུད་ལ་འདྲེས་སོང་།།
 
སྐྱ་རེངས་གི་སྒེའུ་ཡོལ་ངོགས་ཀྱི།
མཚམས་སྤྲིན་ལ་རྒས་ཉམས་ཤོར་སོང་།།
མཐའ་མཇུག་གི་རྨི་ལམ་རྙོག་སོང་།།
འབུ་སྲིན་ང་གདོན་གྱིས་བཟུང་སོང་།།
                             ༢༠༡༣ལོའི་ཟླ༥བའི་ཚེས་༣ཉིན་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ།

2013-08-03 ནག་པོ་ཐུར་འདེད། ཀློག་གྲངས། མཆན ཡོད།

 

 

སྤྲིན་པ་ཞིག་སྒམ་ལ་བཅུག་སོང་།།
སྐར་ཚོགས་དག་རུམ་ལ་བཏུམ་སོང་།།
སྨག་རུམ་གྱི་རས་འཐིམས་བཤམས་ནས།།
རྨི་ལམ་གྱིས་ཁ་དོག་མ་རྙེད།།
 
མཚན་གུང་གི་སྒོ་ཁྱིའི་ཟུག་སྐད།།
ནམ་སྨད་ཀྱི་བུ་མོས་ངུ་བཤམས།།
སྟོན་གཞུང་གི་རྨི་ལམ་བན་བུན།།
ལྷག་རླུང་གི་རྒྱུད་ལ་འདྲེས་སོང་།།
 
སྐྱ་རེངས་གི་སྒེའུ་ཡོལ་ངོགས་ཀྱི།
མཚམས་སྤྲིན་ལ་རྒས་ཉམས་ཤོར་སོང་།།
མཐའ་མཇུག་གི་རྨི་ལམ་རྙོག་སོང་།།
འབུ་སྲིན་ང་གདོན་གྱིས་བཟུང་སོང་།།
                             ༢༠༡༣ལོའི་ཟླ༥བའི་ཚེས་༣ཉིན་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།