ངས་ཁྱེད་ལ་འདི་ལྟར་བསྟོད།

ཆོས་རྒྱལ།༼གཙོས་དགེ་ཐོན་སློབ་ཆེ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-20


མི་ཚོགས་གཡས་སུ་འཁྱིལ་བའི་སྐོར་ལམ་ནས་མཐོང་བའི།།
ཟིང་ཟིང་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཤེས་པའི།།
བློ་རིག་གར་དུ་རྩེན་པའི་ལྡིང་ག་ནས་འདྲིས་བའི།།
སྙིང་སྡུག་སྒྲོལ་མ་གན་ལ་བསྟོད་པ་ཞིག་བྱས་ན།།

སྐྲ་ལོ་རྒྱ་ལྕང་ལོ་མའི་མདུན་རོལ་ན་རྒྱས་ཤིང་།།
སྐེད་པ་རྡོ་རྗེ་གདན་གྱི་རྒྱབ་ལོག་ན་འབུས་བའི།།
བྲང་སྐྱེས་བུམ་པ་ཟུང་གི་གོང་རོལ་ན་འཛུམ་གི།།
ཁ་མིག་སྣ་སོགས་པིར་གྱིས་བྲིས་བ་དང་ཉེ་ཨང་།།

ཁ་ཚིག་སྙན་མོ་ཁུ་བྱུག་སྔོན་མོ་ཡི་སྤུན་ཟླ།
ཟུར་མིག་རྣོན་པོ་མདའ་མོ་གཤོག་ཐོགས་དང་འདྲ་བ།།།
གཤིས་རྒྱུད་འཇམ་པོ་གཡང་དཀར་ལུག་བལ་ལས་ལྷག་པ།།
སྒྲོལ་མ་སྒྲོལ་མའི་གྲས་ནས་ཟུར་ལོག་སུ་བུད་འདུག།།

བྱུ་རུའི་སྐེ་རྒྱན་ཅན་གྱི་སྒྲོལ་མ་དང་བསྡུར་ན།།
ལང་ཚོ་སྒོར་ལ་བརྗེ་བའི་སྒྲོལ་མ་དང་འགྲན་ན།།
ཡུལ་མི་གཉེན་ཉེ་བསྐྱུར་བའི་སྒྲོལ་མ་དང་གཤིབ་ན།།
ང་ཡི་སྒྲོལ་མ་སྒྲོལ་མའི་དགེ་བསྐོས་སུ་བསྐོ་འོས།།

ཤེས་བརྩོན་ཐོས་པ་ཅན་གྱི་སྒྲོལ་མ་དང་འགྲོགས་ན།།
རྒྱུ་འབྲས་མིག་ལྟར་སྲུང་བའི་སྒྲོལ་མ་དང་འདྲིས་ན།།
མ་འོངས་རྐང་འཛིན་འོས་བའི་སྒྲོལ་མ་དང་བལྟས་ན།།
ང་ཡི་སྒྲོལ་མ་སྒྲོལ་མའི་བསྐྱོར་དཔོན་སུ་འཇོག་འོས།།

      

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱེད་ལ་འདི་ལྟར་བསྟོད།

2013-06-20 ཆོས་རྒྱལ།༼གཙོས་དགེ་ཐོན་སློབ་ཆེ ཀློག་གྲངས། མཆན ཡོད།


མི་ཚོགས་གཡས་སུ་འཁྱིལ་བའི་སྐོར་ལམ་ནས་མཐོང་བའི།།
ཟིང་ཟིང་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཤེས་པའི།།
བློ་རིག་གར་དུ་རྩེན་པའི་ལྡིང་ག་ནས་འདྲིས་བའི།།
སྙིང་སྡུག་སྒྲོལ་མ་གན་ལ་བསྟོད་པ་ཞིག་བྱས་ན།།

སྐྲ་ལོ་རྒྱ་ལྕང་ལོ་མའི་མདུན་རོལ་ན་རྒྱས་ཤིང་།།
སྐེད་པ་རྡོ་རྗེ་གདན་གྱི་རྒྱབ་ལོག་ན་འབུས་བའི།།
བྲང་སྐྱེས་བུམ་པ་ཟུང་གི་གོང་རོལ་ན་འཛུམ་གི།།
ཁ་མིག་སྣ་སོགས་པིར་གྱིས་བྲིས་བ་དང་ཉེ་ཨང་།།

ཁ་ཚིག་སྙན་མོ་ཁུ་བྱུག་སྔོན་མོ་ཡི་སྤུན་ཟླ།
ཟུར་མིག་རྣོན་པོ་མདའ་མོ་གཤོག་ཐོགས་དང་འདྲ་བ།།།
གཤིས་རྒྱུད་འཇམ་པོ་གཡང་དཀར་ལུག་བལ་ལས་ལྷག་པ།།
སྒྲོལ་མ་སྒྲོལ་མའི་གྲས་ནས་ཟུར་ལོག་སུ་བུད་འདུག།།

བྱུ་རུའི་སྐེ་རྒྱན་ཅན་གྱི་སྒྲོལ་མ་དང་བསྡུར་ན།།
ལང་ཚོ་སྒོར་ལ་བརྗེ་བའི་སྒྲོལ་མ་དང་འགྲན་ན།།
ཡུལ་མི་གཉེན་ཉེ་བསྐྱུར་བའི་སྒྲོལ་མ་དང་གཤིབ་ན།།
ང་ཡི་སྒྲོལ་མ་སྒྲོལ་མའི་དགེ་བསྐོས་སུ་བསྐོ་འོས།།

ཤེས་བརྩོན་ཐོས་པ་ཅན་གྱི་སྒྲོལ་མ་དང་འགྲོགས་ན།།
རྒྱུ་འབྲས་མིག་ལྟར་སྲུང་བའི་སྒྲོལ་མ་དང་འདྲིས་ན།།
མ་འོངས་རྐང་འཛིན་འོས་བའི་སྒྲོལ་མ་དང་བལྟས་ན།།
ང་ཡི་སྒྲོལ་མ་སྒྲོལ་མའི་བསྐྱོར་དཔོན་སུ་འཇོག་འོས།།

      

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།