སྙན་ངག་ཆང་འཐུང་མ།

རྩེ་སྐྱེས་རིག་པའི་རྣོ་གྲི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-15


གསེར་མདོག་རིན་ཆེན་གྱི་ལོ་རྒྱུས་རི་མོ།།
ཐེག་མེད་འགྱོད་གདུང་གི་བང་ནས་བོར་སོང་།།
སྡེ་སྣོད་དཀར་བོ་ཡི་རང་ལུགས་ཆུན་པོ།།
བདག་འཛིན་དྲ་བ་ཡི་གསེབ་ནས་ཟད་སོང་།།

སྔོན་བྱོན་ཡབ་མེས་ཀྱི་ཚེ་སྲོག་བརྗིད་པོ།།
དྲན་འཛིན་རྣོན་པོ་ཡི་ནང་དུ་མ་སྒོམ།།
མི་མངོན་རྒོལ་བ་ཡི་ལྷག་རླུང་ནག་པོས།།
བརྩེ་བའི་ལྷ་མོ་ཡི་ལང་ཚོ་བཅོམ་སོང་།།

དགོད་གཏམ་ཁ་ཚ་མའི་བསླུ་བྲིད་ཀློང་ནས།།
བདེན་དོན་དམར་བོ་ཡི་དོན་སྙིང་བོར་སོང་།།
སྣང་ལ་མ་ངེས་བའི་ཚོར་ཤེས་དོབ་དོབ།།
འཛིན་མའི་སྐྱ་ཐང་ལ་ངུ་བཞིན་བསྐྱོད་ཡོད།།

འདོད་ཡོན་ཟག་བཅོས་ཀྱི་སྒྱུ་འཕྲུལ་རྒོད་པོ།།
གདོད་མའི་རྣམ་ཤེས་ཀྱི་གར་ལ་རྩེན་དུས།།
ལུགས་མེད་སྤྱང་ལྟོགས་ཀྱི་སྲེད་ལེན་སྒེག་མོས།།
ལམ་བུ་དཀར་བོ་འདིས་འགྲོ་ལམ་བཀག་སོང་།།

དྲང་གཏམ་སྒྲོན་མེ་ཡི་འོད་ཆེན་གསལ་ཡང་།།
ལྷག་བསམ་ཁོ་ན་ཡིས་སེམས་འདུན་མ་ཐོབ།།
གདུང་བའི་རི་མོ་དེ་སྙིང་ལ་ཐོགས་དུས།།
འགྲེལ་ལོག་རྒྱག་བཞིན་དུ་ཡེ་ནས་སྐྱོ་སོང་།།

ཁྲག་རྒྱུན་དམར་བོ་འདི་གང་ལས་ཐོན་པ།།
མ་སྒོམ་དབང་ཤེས་ལ་མངོན་སུམ་འཆར་འོང་།།
ལུགས་མེད་བཙན་དབང་གི་འཚོ་བའི་ཁྲོད་ནས།།
ཐོབ་མེད་རྣོ་མིང་བས་བཟོད་གསོལ་བསླབས་ཡོད།།

སྐྱབས་གསུམ་ཡང་དག་གི་བརྩེ་བའི་དྲུངས་དུ།།
ངེས་འབྱུང་དད་སེམས་ཀྱི་དགའ་བ་དྲན་བཞིན།།
སེམས་ཀྱི་འདོད་འདུན་ལ་ནག་ཐིག་ཕོག་པའི།།
ཉམ་ཐག་སྤུར་རྒྱལ་གྱི་བདེ་སྡུག་ཞུ་འདོད།།

བརྡ་སྤྲོད་རིག་གཞུང་གི་གཏན་ཚིགས་མཐོང་ན།།
ཐེ་ཚོམ་རྣམ་རྟོག་གི་ཐེམས་པ་འབེན་ཡང་།།
ལྕགས་ཚེར་མེ་ཏོག་གི་གཟུགས་སུ་སྤྲུལ་ན།།
མགོ་འཇུག་མི་ཤེས་པའི་ཚོར་བ་ལྡང་བྱུང་།།

དོན་ལྔ་སྣོད་དྲུག་གི་བརྗོད་ཁག་མང་པོ།།
ལོ་ཟླ་གང་མང་ལ་སྦ་གསང་བྱས་ཀྱང་།།
ཁྱི་མོའི་སྐད་སྒྲ་དེ་ཡང་ཡང་ཐོས་པས།།
མི་བཤད་ཐབས་མེད་ཀྱི་གནས་སུ་བསྐྱལ་སོང་།།

མིག་ཟུང་རང་རིགས་ལ་འཁྲེང་ཙམ་བྱས་ཏེ།།
བདེ་སྡུག་ཇི་སྙེད་པ་ཡང་ཡང་བསམ་ནས།།
རྟོགས་པ་མངོན་སུམ་གྱི་གཟུགས་སུ་སྤྲུལ་བའི།།
སྙན་ངག་ཆང་འཐུང་མའི་བཟི་གཏམ་འདི་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཆང་འཐུང་མ།

2013-06-15 རྩེ་སྐྱེས་རིག་པའི་རྣོ་གྲི ཀློག་གྲངས། མཆན ཡོད།


གསེར་མདོག་རིན་ཆེན་གྱི་ལོ་རྒྱུས་རི་མོ།།
ཐེག་མེད་འགྱོད་གདུང་གི་བང་ནས་བོར་སོང་།།
སྡེ་སྣོད་དཀར་བོ་ཡི་རང་ལུགས་ཆུན་པོ།།
བདག་འཛིན་དྲ་བ་ཡི་གསེབ་ནས་ཟད་སོང་།།

སྔོན་བྱོན་ཡབ་མེས་ཀྱི་ཚེ་སྲོག་བརྗིད་པོ།།
དྲན་འཛིན་རྣོན་པོ་ཡི་ནང་དུ་མ་སྒོམ།།
མི་མངོན་རྒོལ་བ་ཡི་ལྷག་རླུང་ནག་པོས།།
བརྩེ་བའི་ལྷ་མོ་ཡི་ལང་ཚོ་བཅོམ་སོང་།།

དགོད་གཏམ་ཁ་ཚ་མའི་བསླུ་བྲིད་ཀློང་ནས།།
བདེན་དོན་དམར་བོ་ཡི་དོན་སྙིང་བོར་སོང་།།
སྣང་ལ་མ་ངེས་བའི་ཚོར་ཤེས་དོབ་དོབ།།
འཛིན་མའི་སྐྱ་ཐང་ལ་ངུ་བཞིན་བསྐྱོད་ཡོད།།

འདོད་ཡོན་ཟག་བཅོས་ཀྱི་སྒྱུ་འཕྲུལ་རྒོད་པོ།།
གདོད་མའི་རྣམ་ཤེས་ཀྱི་གར་ལ་རྩེན་དུས།།
ལུགས་མེད་སྤྱང་ལྟོགས་ཀྱི་སྲེད་ལེན་སྒེག་མོས།།
ལམ་བུ་དཀར་བོ་འདིས་འགྲོ་ལམ་བཀག་སོང་།།

དྲང་གཏམ་སྒྲོན་མེ་ཡི་འོད་ཆེན་གསལ་ཡང་།།
ལྷག་བསམ་ཁོ་ན་ཡིས་སེམས་འདུན་མ་ཐོབ།།
གདུང་བའི་རི་མོ་དེ་སྙིང་ལ་ཐོགས་དུས།།
འགྲེལ་ལོག་རྒྱག་བཞིན་དུ་ཡེ་ནས་སྐྱོ་སོང་།།

ཁྲག་རྒྱུན་དམར་བོ་འདི་གང་ལས་ཐོན་པ།།
མ་སྒོམ་དབང་ཤེས་ལ་མངོན་སུམ་འཆར་འོང་།།
ལུགས་མེད་བཙན་དབང་གི་འཚོ་བའི་ཁྲོད་ནས།།
ཐོབ་མེད་རྣོ་མིང་བས་བཟོད་གསོལ་བསླབས་ཡོད།།

སྐྱབས་གསུམ་ཡང་དག་གི་བརྩེ་བའི་དྲུངས་དུ།།
ངེས་འབྱུང་དད་སེམས་ཀྱི་དགའ་བ་དྲན་བཞིན།།
སེམས་ཀྱི་འདོད་འདུན་ལ་ནག་ཐིག་ཕོག་པའི།།
ཉམ་ཐག་སྤུར་རྒྱལ་གྱི་བདེ་སྡུག་ཞུ་འདོད།།

བརྡ་སྤྲོད་རིག་གཞུང་གི་གཏན་ཚིགས་མཐོང་ན།།
ཐེ་ཚོམ་རྣམ་རྟོག་གི་ཐེམས་པ་འབེན་ཡང་།།
ལྕགས་ཚེར་མེ་ཏོག་གི་གཟུགས་སུ་སྤྲུལ་ན།།
མགོ་འཇུག་མི་ཤེས་པའི་ཚོར་བ་ལྡང་བྱུང་།།

དོན་ལྔ་སྣོད་དྲུག་གི་བརྗོད་ཁག་མང་པོ།།
ལོ་ཟླ་གང་མང་ལ་སྦ་གསང་བྱས་ཀྱང་།།
ཁྱི་མོའི་སྐད་སྒྲ་དེ་ཡང་ཡང་ཐོས་པས།།
མི་བཤད་ཐབས་མེད་ཀྱི་གནས་སུ་བསྐྱལ་སོང་།།

མིག་ཟུང་རང་རིགས་ལ་འཁྲེང་ཙམ་བྱས་ཏེ།།
བདེ་སྡུག་ཇི་སྙེད་པ་ཡང་ཡང་བསམ་ནས།།
རྟོགས་པ་མངོན་སུམ་གྱི་གཟུགས་སུ་སྤྲུལ་བའི།།
སྙན་ངག་ཆང་འཐུང་མའི་བཟི་གཏམ་འདི་ཡིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།