རྨ་ཡུལ་བུ་མོ་དྲན་པའི་ཟིན་ཐོ་མུ་འབྲེལ་མ།༡

འབྲོང་བུ་ལྕགས་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-10

          ཁག་དང་པོ།
སྲིད་པ་འཇིག་རྟེན་ལ་ཆགས་ལུགས་ལོས་ཡོད།།
འཇིག་རྟེན་མི་ཡུལ་ལ་འགྲོ་ལུགས་ལོས་ཡོད།།
སྒོས་སུ་བོད་ཡུལ་ལ་ལམ་ལུགས་ལོས་ཡོད།།
ན་མཉམ་ཕོ་མོ་ལ་མཐུན་ལུགས་ལོས་ཡོད།།

འཇིག་རྟེན་མི་ཚེ་ཡི་དཀར་ངོགས་འདི་ནས།།
སྐྱིད་སྡུག་མཉམ་རོལ་གྱི་གྲོགས་ཤིག་བཙལ་ཡོད།།
མ་འོངས་སྤྱི་ཚོགས་ཀྱི་ལམ་ཆེན་སྟེང་ནས།།
རྡོག་སྣེ་མཉམ་སྤོ་ཡི་རོགས་ཤིག་བཙལ་ཡོད།།

མི་ཚེའི་འདུན་མ་དེ་ཁོ་མོར་བཅོལ་ཡོད།།
ལྷད་མེད་བརྩེ་དུང་དེ་ཁོ་མོར་གནང་ཡོད།།
སེམས་ཀྱི་སྙིང་གཏམ་དེ་ཁོ་མོར་བཤད་ཡོད།།
བདག་གི་ཡོད་ཚད་དེ་ཁོ་མོར་དབང་ཡོད།།

སྔོན་བྱས་ཚོགས་བསགས་ཀྱི་བསོད་ནམས་མ་ཟེར།།
གནམ་བསྐོས་ལས་དབང་གི་བཀོད་སྒྲིག་མ་ཟེར།།
སྟོན་པ་ཡེ་སུའུ་ཡི་བྱིན་རླབས་མ་ཟེར།།
ང་དང་ཁོ་མོ་ཡིས་བཙལ་བའི་རྒྱུ་ཡིན།།

བརྩེ་བའི་རི་རབ་འདི་འཇིག་ནས་མི་ཚར།།
དུངས་བའི་སྙན་ངག་འདི་བྲིས་ནས་མི་ཚར།།
དྲན་པའི་ན་ཟུག་འདི་བཤད་ནས་མི་ཚར།།
འགྱུར་མེད་དམ་བཅའ་འདི་རལ་ནས་མི་ཚར།།

ལུས་དང་ལུས་པོ་དེ་ཁ་ཁ་ཡིན་ཀྱང་།།
སེམས་དང་སེམས་པ་དེ་གཅིག་ཏུ་བརྒྱུས་ཡོད།།
ལས་དང་བྱ་བ་དེ་སོ་སོར་ཡོད་ཀྱང་།།
མཐར་ཐུག་དམིགས་འབེན་དེ་གཅིག་ལ་གཟས་ཡོད།།

འཕྲད་པའི་ལས་དབང་དེ་ལྷ་ཡིས་བསྐྲུན་ན།།
མཐུན་པའི་མཛའ་བརྩེ་འདི་རང་གིས་བསྐྲུན་ཡོད།།
འཛོམས་པའི་སྤྲོ་བ་དེ་ས་ན་དཀོན་ཡང་།།
གྱེས་པའི་སྡུག་བསྔལ་འདི་གནམ་གྱིས་མི་ཐེགས།།

དྲན་པའི་ན་ཟུག་འདི་གདོང་གིས་བསུས་ཏེ།།
འགྱུར་མེད་དམ་བཅའ་དེ་སྙིང་ལ་བརྐོས་ཤིང་།།
ལོ་ཟླའི་འཁོར་འགྲོས་ལ་འཛུབ་མོ་བཀུག་ནས།།
མཉམ་འཛོམས་བདེ་སྐྱིད་ལ་རེ་བས་སྒུག་ཡོད།།

          ཁག་གཉིས་པ།
མཐོ་རིས་བྱིན་ཅན་ལྷ་ཡིས་མ་སྒྲིག་མ་འདུམས་ལ།།
མཐུ་ཅན་གཟུངས་ཀྱི་སྔགས་དེ་མ་བཟློས་མ་བཏོན་མོད།།
སྟེས་དབང་སྟབས་ཀྱིས་འཕྲད་པའི་མཉམ་འཛོམས་བདེ་སྐྱིད་འདི།།
ཇི་སྲིད་བསྐལ་བའི་བར་དུ་མི་འཇིག་སྨོན་ལམ་འདེབས།།

མ་རུངས་འཕྲུལ་ཅན་བདུད་ཀྱིས་མ་ཁོག་མ་གཏོར་ལ།།
འཇིགས་རུང་གཡོ་ཅན་མི་ཡིས་མ་གནོད་མ་གནག་པར།།
མྱུ་གུ་རབ་དགར་འབུས་པའི་བརྩེ་བའི་ས་བོན་འདི།།
སད་སེར་བར་ཆད་དུག་གིས་མི་གནོད་རགས་ཤིག་བསྐྲུན།།

སྐྱེ་བ་སྔོན་གྱི་ལུས་དེ་མི་ཤེས་མི་དྲན་ལ།།
མཐར་ཐུག་ཕྱི་མའི་ཡུལ་དེ་མ་རིག་མ་མཐོང་མོད།།
ཡོད་ཚད་མངོན་དུ་མཐོང་བའི་འཇིག་རྟེན་དཀར་ངོགས་ནས།།
མ་ཤི་གསོན་བྲལ་མི་བྱེད་སྙིང་ནས་དམ་ཞིག་བཅའ།།

དབང་ཆེན་དཔོན་པོའི་ཐོབ་དེ་མི་སེམས་མི་འདོད་ལ།།
རྒྱུ་ཆེན་ཕྱུག་པོའི་དངུལ་དེར་མི་སྤྲོ་མི་སྨོན་མོད།།
ཁྱོད་དང་འུ་གཉིས་འདྲིས་པའི་བརྩེ་བ་ཟབ་མོ་འདི།།
སྙིང་ཆུང་ཕྱི་ལ་བཏོན་ཡང་བློས་གཏོང་ཕོད་ས་མིན།།

སྲོལ་རྒྱུན་བཙན་སྒྲིག་ལུགས་ལ་མི་འཇིགས་མི་སྐྲག་ལ།།
རྒྱང་ཐག་རིང་པོའི་ལམ་ལ་མི་ཕམ་མི་སྐྱོ་མོད།།
སེམས་དང་སེམས་པ་འདྲེས་པའི་མཛའ་བརྩེའི་དཔུང་རྡང་འདིར།།
བར་ཆད་བགེགས་ཀྱིས་གཙེས་ན་སྙིང་ཆུང་ཁོངས་ནས་འདར།།

མི་ཆོད་མི་ཡི་ཁ་ལ་མི་འཛེམ་མི་ཉན་ལ།།
ན་མཉམ་གྲོགས་ཀྱིས་འཕྱ་ལ་མི་ཁྲོས་མི་སྡུག་མོད།།
མ་ཤི་གསོན་བྲལ་མེད་པའི་འུ་གཉིས་དམ་བཅའ་ལ།།
ཕ་མས་ཅི་གསུངས་བསམ་ན་སེམས་པ་སྔངས་རྒྱུ་འདུག།

དབུལ་ཕྱུག་འཚོ་བའི་ལམ་དེ་མི་བགྲོ་མི་གླེང་ལ།།
འདས་སོང་ཁ་རྩོད་ཚིག་དེ་མི་བཟློ་མི་སྨྲ་མོད།།
ཟང་ཟིང་འདུ་ལོངས་འཁྲིགས་པའི་འཁོར་བའི་གྲུ་ཁ་ནས།།
མི་འབྲལ་བརྩེ་བའི་ལམ་ཁར་མི་ནོར་ཐིག་ཞིག་འདེབས།།

བྱ་བཏང་རི་ཁྲོད་ལམ་དེ་མ་འདེམས་མ་འགྲིམས་ལ།།
དམར་སེར་བཙུན་པའི་གཟུགས་དེ་མ་བྱས་མ་མྱང་མོད།།
འཁོར་བའི་འདུ་འཛིའི་ཁྲོད་ནས་རྡོག་སྣེ་མཉམ་སྤོ་དང་།།
མི་སྡུག་མི་ཡི་གཟུགས་ནས་མི་འབྲལ་བྲོ་ཞིག་བོར།།

ཚུར་རོལ་ང་ཡི་ཐོབ་འདི་མི་མཐོ་མི་ཆེ་ལ།།
ཕ་རོལ་ཁྱོད་ཀྱི་ཁྱིམ་དེ་མི་ཕྱུག་མི་རྒྱས་མོད།།
གཅིག་སེམས་གཅིག་ལ་འདྲེས་པའི་ལྷད་མེད་བརྩེ་དུང་འདི།།
སུ་དང་གང་ལ་འཕྲད་ཀྱང་སེམས་ནས་བོར་མི་སྲིད།།

རྒྱུ་ཅན་བུ་མོའི་འཛུམ་གྱིས་མ་བཀུག་མ་བསླུས་ལ།།
དཔོན་ཆེན་སྲས་མོའི་གདོང་ལ་མ་དགའ་མ་སྨོན་པར།།
སྙིང་སྡུག་སྙིང་གྲོགས་ཁྱོད་ཀྱི་བཅོས་མིན་བྱད་གཟུགས་འདིར།།
རྣམ་ཀུན་སྙིང་ནས་དགའ་ཞིང་དུས་ཀུན་དུང་བས་བཟི།།

            ཁག་གསུམ་པ།
ལྷད་མེད་བརྩེ་དུང་འདི་སྒོར་གྱིས་ཉོས་པ་མིན།།
རྫོགས་མེད་སྙིང་གཏམ་འདི་བཙན་གྱིས་བརྩམས་པ་མིན།།
འགྱུར་མེད་དམ་བཅའ་འདི་གཡོ་སྒྱུའི་སྦྱོར་བ་མིན།།
འུ་གཉིས་མཛའ་བརྩེ་འདི་སྐྱིད་ཀྱི་གཞི་མ་ཡིན།།

མཉམ་ལས་བྱེད་ཐེངས་རེར་ལག་པར་མྱུར་ཞིག་ཡོད།།
མཉམ་འགྲོ་བྱེད་ཐེངས་རེར་སེམས་པར་སྐྱིད་ཅིག་ཡོད།།
མཉམ་འདུག་བྱེད་ཐེངས་རེར་གདོང་བར་འཛུམ་ཞིག་ཡོད།།
ཁྱོད་དང་འུ་གཉིས་ལ་ནམ་ཡང་སྐྱིད་ཅིག་ཡོད།།

ཞོགས་པ་རེ་རེ་ལ་འཛོམས་པའི་འཛུམ་ཞིག་ཡོད།།
ཕྱི་དྲོ་རེ་རེ་ལ་བདེ་མོའི་བརྡ་ཞིག་ཡོད།།
མཚན་གཞུང་རེ་རེ་ན་དྲན་པའི་འཕྲིན་ཞིག་ཡོད།།
དུས་ཚོད་ཉེར་བཞི་ལ་སྐྱིད་པའི་སེམས་ཤིག་ཡོད།

ཡིན་ཡང་མི་ཡུལ་ན་བཅོས་མེད་དཔེ་ཞིག་ཡོད།།
འཛོམས་པ་རེ་རེ་ལ་གྱེས་པའི་དུས་ཤིག་ཡོད།།
གྱེས་པ་འགོག་མེད་དུ་ཐོན་པའི་སྐབས་ཤིག་ཡོད།།
སྐབས་ཐོག་དེ་ཙ་ན་མི་འདོད་སྡུག་ཞིག་ཡོད།།

ད་ནི་གྱེས་བྲལ་གྱི་དུས་འདི་ཅིས་ཀྱང་ཐོན།།
སྐྱོ་བའི་མཆི་མ་འདི་འགོག་ཐབས་མེད་ན་ཡང་།།
རེ་ཞིག་འདི་ཙམ་ལས་ཐབས་གཞན་མེད་པས་ན།།
མིག་ཆུ་མི་གཏོང་བར་སྙིང་གྲོགས་འགྲོ་རོགས་གནོང་།།

          ཁག་བཞི་བ།
བརྒྱ་ཚོགས་སྟོང་འདུས་ཁྲོམ་ཚོགས་ཆེ་ས་ནས།།
ན་གཞོན་མཉམ་འདུས་ཕོ་མོ་མང་ས་ནས།།
བསླུ་བྲིད་བཙན་པོའི་མངར་ཁ་མཐུ་ས་ནས།།
རྨ་ཡུལ་བུ་མོའི་ཞལ་རས་བརྗེད་གིན་མེད།།

སྟོད་སྨད་མི་ཡི་འགྲོ་འདུག་རྒོད་ས་ནས།།
ཡར་མར་ཚིག་གི་མི་ཁ་མང་ས་ནས།།
བདེན་རྫུན་སྐད་ཆས་མི་སེམས་དཀྲུགས་ས་ནས།།
རྨ་ཡུལ་བུ་མོའི་དམ་བཅའ་བརྗེད་གིན་མེད།།

སྐྱེས་ཡག་བུ་མོས་ཁ་ཡག་བཤད་ས་ནས།།
སྙན་ཡག་ཚིག་གིས་མཚན་ཡག་འབོད་ས་ནས།།
གང་ཡག་གོས་ཀྱིས་གཟུགས་ཡག་བརྒྱན་ས་ནས།།
རྨ་ཡུལ་བུ་མོའི་བརྩེ་བ་འགྱུར་གིན་མེད།།

མི་མང་བློ་ཡིས་དོན་མང་འཆོལ་ས་ནས།།
ཁ་མང་ཚིག་གིས་སེམས་མང་འགྱུར་ས་ནས།།
གྲངས་མང་བུ་མོས་བུ་མང་འགུགས་ས་ནས།།
རྨ་ཡུལ་བུ་མོའི་ཁྲེལ་གཞུང་གླེང་གིན་ཡོད།།

རྒྱུ་མེད་བུ་མོ་ཐབས་མེད་ཐོན་ས་ནས།།
ཁྲེལ་མེད་འཆལ་མོ་མཚམས་མེད་འཚང་ས་ནས།།
སེམས་མེད་སྨན་མོས་བར་མེད་འབོད་ས་ནས།།
རྨ་ཡུལ་བུ་མོ་སྙིང་ནས་དྲན་གི་ཡོད།།

ཁ་བ་མར་མར་འབབ་པའི་ཕྱི་དྲོ་རེར།།
རླུང་བུ་ཡར་ཡར་རྒྱུ་བའི་མཚན་གཞུང་རེར།།
སྤྲིན་པ་ལང་ལོང་འཁྲུགས་པའི་ཉིན་ཞག་རེར།།
རྨ་ཡུལ་བུ་མོའི་རུམ་ཁ་དྲན་ནས་ཡོད།།

གྲོགས་མེད་ཁེར་རྐྱང་ལུས་པའི་གཟའ་མཇུག་རེར།།
རྒྱུ་མེད་ཨམ་ཕྲག་སྟོང་བའི་ཟླ་མཇུག་རེར།།
འབྲས་མེད་རྒྱུགས་འབྲས་ཞན་པའི་ལོ་མཇུག་རེར།།
རྨ་ཡུལ་བུ་མོའི་བརྩེ་བ་དྲན་ནས་ཡོད།།

ཁྲོམ་ཆེན་དབུས་ནས་ཤོམ་ཆེན་མཇལ་ཐེངས་རེར།།
ཚོང་ཆེན་ཁྲོད་ནས་གོས་ཆེན་རིག་ཐེངས་རེར།།
རྒྱ་ཆེན་ཚོང་ནས་རྒྱན་ཆེན་མཐོང་ཐེངས་རེར།།
རྨ་ཡུལ་བུ་མོར་སྐྱེས་རེ་འདེམས་ནས་ཡོད།།

རྫ་རྒན་གངས་ལ་སྨུག་ནག་འཐིབས་ཐེངས་རེར།།
རྫ་ལུང་སྤང་ལ་ཆར་ནག་འབབས་ཐེངས་རེར།།
རྫ་འདབས་ལྷས་ལ་བད་ནག་འཇོག་ཐེངསརེར།།
རྨ་ཡུལ་བུ་མོར་སེམས་པ་འཁྲེངས་ནས་ཡོད།།

མངར་ལྡན་ཁ་ཟས་ཞིམ་པོ་གསོལ་ཐེངས་རེར།།
མདོག་ལྡན་ལྭ་བ་དྲོན་པོ་གྱོན་ཐེངས་རེར།།
སྤྲོ་ལྡན་རྩེད་འཇོ་སྐྱིད་པོ་རོལ་ཐེངས་རེར།།
རྨ་ཡུལ་བུ་མོའི་བདེ་སྡུག་སེམས་ནས་ཡོད།།

རྨ་ཡུལ་གྲོགས་པོ་རྒྱང་ནས་ཕེབས་ཐེངས་རེར།།
རང་ཡུལ་སྤུན་ཟླ་གྲོང་ལ་འགྲོ་ཐེངས་རེར།།
ལྷོ་ཡུལ་ཁྲུང་ཁྲུང་བྱང་ལ་འཕུར་ཐེངས་རེར།།
རྨ་ཡུལ་བུ་མོའི་བདེ་སྡུག་དྲིས་ནས་ཡོད།།

ནམ་སྟོད་ཁེར་རྐྱང་མལ་དུ་ཉལ་ཐེངས་རེར།།
ནམ་གུང་དྲན་གདུང་རྨི་ལམ་རྨི་ཐེངས་རེར།།
ནམ་སྨད་བྱ་ཕོས་སྐད་ཅོར་རྒྱག་ཐེངས་རེར།།
རྨ་ཡུལ་བུ་མོའི་སྣང་བརྙན་སྒོམ་ནས་ཡོད།།

མི་འགྲུབ་ལས་ལ་འཇུག་པའི་ཟླ་ངོ་རེར།།
མི་ལྷོད་བྲེལ་བས་བདས་པའི་ཉིན་ཞགས་རེར།།
མི་ཁོམ་དབུགས་འབྱིན་དཀའ་བའི་དུས་ཚོད་རེར།།
རྨ་ཡུལ་བུ་མོ་བརྗེད་མེད་དྲན་ནས་ཡོད།།

          ཁག་ལྔ་བ།
ལས་དབང་གཅིག་ཏུ་བརྒྱུས་པའི་རྒྱང་རིང་སྙིང་གི་གྲོགས།།
སེམས་པ་དམ་དུ་འབྲེལ་བའི་ཡ་ཆུང་ཐུགས་ཀྱི་སྲས།།
དམ་བཅའ་རྡོ་ལ་བརྐོས་པའི་མི་འགྱུར་ཚེ་ཡི་ཟླ།།
རི་ཆུ་སྟོང་གི་མཐའ་ནས་ཡིད་ཆེས་སྟོབས་ཀྱིས་སྒུག།

ཕྱིར་དྲན་བྱེད་ཐེངས་རེ་ལ་བཅོས་མིན་གདོང་གི་འཛུམ།།
བར་ཐག་བསམ་ཐེངས་རེ་ལ་འཛད་མེད་མིག་གི་ཆུ།།
ཁ་པར་གཏོང་ཐེངས་རེ་ལ་རྫོགས་མེད་སྙིང་གི་གཏམ།།
དགའ་སྐྱོ་འཚོ་བའི་ཁྲོད་ནས་མ་སྐྱོ་སྒུག་རོགས་ཀྱེ།།

རུམ་ཁ་དྲོན་མོ་དྲན་དུས་ལུས་པོ་སྣང་བས་བཟི།།
ཤ་ཁ་འཇམ་ནོ་དྲན་དུས་ཡ་ཆུང་ཡོམ་ཡོམ་འགུལ།།
སེམས་ཁ་མཐུན་ནོ་དྲན་དུས་སྙིང་ཆུང་ལྷེམ་ལྷེམ་གཡོ།།
དྲན་པའི་མཚན་མོ་རེ་ལ་ཤུགས་རིང་ངག་ལས་ཤོར།།

སུ་ལ་མ་བཤད་གསང་གཏམ་གསོང་པོར་བཤད་ནས་ཡོད།།
སུ་ཡིས་མི་ཤེས་སེམས་པ་སྒྲེན་པོར་བསྟན་ནས་ཡོད།།
སུ་ལ་མ་དབང་བརྩེ་དུང་ཁྱོད་ལ་གཏད་ནས་ཡོད།།
སུ་དང་གང་ལ་མ་འཁོར་བདག་ལ་སྒུག་རོགས་མཛོད།།

ཉིན་མཚན་འཛུབ་མོ་བཀུག་ནས་ལོ་ཟླ་རྒྱབ་ཏུ་བསྐྱུར།།
རེ་སྒུག་རེས་སུ་བརྩེགས་ནས་མ་ཁ་སོ་ཡིས་བསྡམས།།
འབྱུང་འགྱུར་འཇལ་འཛོམས་བསམ་ནས་དཀའ་སྡུག་གདོང་གིས་བསུས།།
སྙིང་གི་རྨ་ཡུལ་བུ་མོ་མྱུར་བར་ཕེབས་རོགས་གནོང་།།

ཡིད་སྨོན་གཞན་ལ་མ་ཤོར་འཇལ་འཛོམས་རྗེས་ན་ཡོད།།
སྐྱོ་བ་ཐུགས་ལ་མ་སྐྱེས་བརྩེ་བ་སེམས་ན་ཡོད།།
སྡུག་གཏམ་སུ་ལ་མ་བརྗོད་དགའ་བའི་དུས་ཤིག་ཡོད།།
འཁང་ར་ང་ལ་མ་བྱེད་ལས་ཀྱི་བགོ་བསྐལ་ཡིན།།

ཐག་རིང་ས་མཐའི་ཡུལ་ན་ཁྱོད་རང་དྲན་པའི་གྲོགས།།
མཆི་མ་ཁོག་ཏུ་མིད་ཞོར་ཨམ་གཙིགས་བསྡམས་པའི་ང།།
དོ་ནུབ་ཟླ་བར་ཅེར་ནས་ཤར་མར་བྲིས་པའི་འཕྲིན།།
ཡི་གེའི་གཟུགས་སུ་ཕབ་སྟེ་ཁྱོད་ལ་སྐྱེས་སུ་འབུལ།།
                 ༼མུ་འགོད༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཡུལ་བུ་མོ་དྲན་པའི་ཟིན་ཐོ་མུ་འབྲེལ་མ།༡

2013-06-10 འབྲོང་བུ་ལྕགས་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།