གངས་ཕྲུག་བསྟན་འཛིན་གྱིས་བྲིས་པའི་སྙན་རྩོམ་ཁག་གསུམ།

གངས་ཕྲུག་བསྟན་འཛིན།༼གཞིས་ཀ་རྩེ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-19

           མལ་ཐུང་ནང་གི་མགྱོགས་འབྲི།

ཆུ་ལྷའི་ཕྱོགས་ཀྱི་གླང་ཆེན་འགྱིངས་འདྲའི་ས་འཛིན་རྩེ་མོ་རུ།
རྟ་བདུན་དབང་པོའི་འོད་ཟེར་འཛུམ་ཞལ་དལ་བ་དལ་བུར་ཡལ།
འབྱམས་ཀླས་ནོར་འཛིན་དབྱིག་གི་བློ་གྲོས་མའི་ཁྱོན་ཡོངས་ལ།
ཚད་དཔག་དཀའ་བའི་མུན་པའི་ཡོལ་བ་ཞིག་གིས་ཡོངས་སུ་བཀླུབས།

ཉིན་གང་སྡོད་ཁོམ་མེད་པར་འཕུར་སྐྱོད་བྱེད་པའི་བྱ་བྱིའུ་སྒྲ།
མི་ཚོགས་འཕྲུལ་འཁོར་དང་བཅས་འདུ་འཛི་ཆེན་པོ་དལ་ཅག་གེ
རྒྱུ་སྐར་ལམ་ནས་རི་བོང་ཅན་གྱི་འོད་ཟེར་ཆེར་བསྐྱེད་ཅིང་།
སེམས་ཅན་ཐམས་ཅད་འཇམ་པོའི་གཉིད་དུ་ཡུར་བར་བྲེལ། །
                            ༢༠༡༡ལོའི་ཟླ་བ་༡ཚེས་༢༨ཉིན།
                                   གཞིས་རྩེ་རུ་བྲིས།


          དུས་བཞིར་གྱེར་བའི་དྲན་གླུ།
དབྱར་ཁའི་མེ་ཏོག་ཕྲ་ཚོམ།
ས་གཞི་ཡོངས་ལ་མཛེས་བྱུང་།
ཞལ་ངོར་འཛུམ་གྱི་མེ་ཏོག
མ་ཡུམ་བཞིན་རས་དྲན་བྱུང་། །

དགུན་གྱི་ཁ་བའི་གོས་དཀར།
ས་གཞི་ཡོངས་ལ་བཀླུབས་བྱུང་།
ལྷད་མེད་ལྷག་བསམ་དཀར་པོ།
གྲོགས་བཟང་སྙིང་ཁར་དྲན་བྱུང་། །

སྟོན་གྱི་སྙེ་མའི་མགོ་ལྕོག
གཡུར་ཟའི་འབྲས་བུ་ཕོན་པོ།
མཐོན་པོའི་རི་རབ་བཀའ་དྲིན།
བཤེས་གཉེན་དམ་པ་དྲན་བྱུང་། །


དཔྱིད་ཀྱི་ལྷུང་ལྷུང་ཆུ་སྒྲ།
ཀྱིར་ཀྱིར་བྱིའུ་ཆུང་གསུང་སྙན།
སྙན་འཇེབས་རྣ་བའི་བུ་རམ།
མཛའ་མོའི་གསུང་སྐད་དྲན་བྱུང་། །
              ༢༠༡༡ལོའི་ཟླ་བ་༡༡ཚེས་༢༧ཉིན།
                ཝུའུ་ཧན་དུ་བྲིས།


           བསླབ་བྱ།
གཟུགས་བརྙན་སྐྱེ་གནས་ལན་བརྒྱར་བལྟ་འདོད་ཀྱིས།
སྣེ་མང་དག་རྫས་བྱུག་ནས་སྡུག་ན་ཡང་།
ནང་གི་བྱེད་པ་ཀྲེ་ནག་ལྟར་དུ་འཁྲུལ།
ལན་གཅིག་ནང་སེམས་བྱི་དོར་མི་བསམ་ཅི། །

ང་མིན་སུ་ཡིན་སྙམ་པའི་འུད་པོ་ཆེ།
དམར་དམར་ལྕེ་བརྒྱར་སྤྲུལ་ནས་སྨྲས་ན་ཡང་།
དོན་གྱི་སྙིང་པོ་ཅི་ཡང་མ་རྟོགས་པས།
ལན་གཅིག་སྨྲ་བར་ཚོད་འཛིན་མི་ཤེས་ཅི། །

ཁེ་གྲགས་དོན་གཉེར་འདོད་སེམས་འབའ་ཞིག་གིས།
ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་།
དམངས་ཕན་ཡིན་ཞེས་ཀོ་ལོང་ལུང་པ་གང་།
ལན་གཅིག་འདི་ཕྱི་རྒྱུ་འབྲས་མི་བསམ་ཅི། །
                                     ༢༠༡༢ལོའི་ཟླ་བ་༨ཚེས་༡༥ཉིན།
                                     རྣམ་གླིང་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ཕྲུག་བསྟན་འཛིན་གྱིས་བྲིས་པའི་སྙན་རྩོམ་ཁག་གསུམ།

2013-05-19 གངས་ཕྲུག་བསྟན་འཛིན།༼གཞིས་ཀ་རྩེ ཀློག་གྲངས། མཆན ཡོད།

           མལ་ཐུང་ནང་གི་མགྱོགས་འབྲི།

ཆུ་ལྷའི་ཕྱོགས་ཀྱི་གླང་ཆེན་འགྱིངས་འདྲའི་ས་འཛིན་རྩེ་མོ་རུ།
རྟ་བདུན་དབང་པོའི་འོད་ཟེར་འཛུམ་ཞལ་དལ་བ་དལ་བུར་ཡལ།
འབྱམས་ཀླས་ནོར་འཛིན་དབྱིག་གི་བློ་གྲོས་མའི་ཁྱོན་ཡོངས་ལ།
ཚད་དཔག་དཀའ་བའི་མུན་པའི་ཡོལ་བ་ཞིག་གིས་ཡོངས་སུ་བཀླུབས།

ཉིན་གང་སྡོད་ཁོམ་མེད་པར་འཕུར་སྐྱོད་བྱེད་པའི་བྱ་བྱིའུ་སྒྲ།
མི་ཚོགས་འཕྲུལ་འཁོར་དང་བཅས་འདུ་འཛི་ཆེན་པོ་དལ་ཅག་གེ
རྒྱུ་སྐར་ལམ་ནས་རི་བོང་ཅན་གྱི་འོད་ཟེར་ཆེར་བསྐྱེད་ཅིང་།
སེམས་ཅན་ཐམས་ཅད་འཇམ་པོའི་གཉིད་དུ་ཡུར་བར་བྲེལ། །
                            ༢༠༡༡ལོའི་ཟླ་བ་༡ཚེས་༢༨ཉིན།
                                   གཞིས་རྩེ་རུ་བྲིས།


          དུས་བཞིར་གྱེར་བའི་དྲན་གླུ།
དབྱར་ཁའི་མེ་ཏོག་ཕྲ་ཚོམ།
ས་གཞི་ཡོངས་ལ་མཛེས་བྱུང་།
ཞལ་ངོར་འཛུམ་གྱི་མེ་ཏོག
མ་ཡུམ་བཞིན་རས་དྲན་བྱུང་། །

དགུན་གྱི་ཁ་བའི་གོས་དཀར།
ས་གཞི་ཡོངས་ལ་བཀླུབས་བྱུང་།
ལྷད་མེད་ལྷག་བསམ་དཀར་པོ།
གྲོགས་བཟང་སྙིང་ཁར་དྲན་བྱུང་། །

སྟོན་གྱི་སྙེ་མའི་མགོ་ལྕོག
གཡུར་ཟའི་འབྲས་བུ་ཕོན་པོ།
མཐོན་པོའི་རི་རབ་བཀའ་དྲིན།
བཤེས་གཉེན་དམ་པ་དྲན་བྱུང་། །


དཔྱིད་ཀྱི་ལྷུང་ལྷུང་ཆུ་སྒྲ།
ཀྱིར་ཀྱིར་བྱིའུ་ཆུང་གསུང་སྙན།
སྙན་འཇེབས་རྣ་བའི་བུ་རམ།
མཛའ་མོའི་གསུང་སྐད་དྲན་བྱུང་། །
              ༢༠༡༡ལོའི་ཟླ་བ་༡༡ཚེས་༢༧ཉིན།
                ཝུའུ་ཧན་དུ་བྲིས།


           བསླབ་བྱ།
གཟུགས་བརྙན་སྐྱེ་གནས་ལན་བརྒྱར་བལྟ་འདོད་ཀྱིས།
སྣེ་མང་དག་རྫས་བྱུག་ནས་སྡུག་ན་ཡང་།
ནང་གི་བྱེད་པ་ཀྲེ་ནག་ལྟར་དུ་འཁྲུལ།
ལན་གཅིག་ནང་སེམས་བྱི་དོར་མི་བསམ་ཅི། །

ང་མིན་སུ་ཡིན་སྙམ་པའི་འུད་པོ་ཆེ།
དམར་དམར་ལྕེ་བརྒྱར་སྤྲུལ་ནས་སྨྲས་ན་ཡང་།
དོན་གྱི་སྙིང་པོ་ཅི་ཡང་མ་རྟོགས་པས།
ལན་གཅིག་སྨྲ་བར་ཚོད་འཛིན་མི་ཤེས་ཅི། །

ཁེ་གྲགས་དོན་གཉེར་འདོད་སེམས་འབའ་ཞིག་གིས།
ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་།
དམངས་ཕན་ཡིན་ཞེས་ཀོ་ལོང་ལུང་པ་གང་།
ལན་གཅིག་འདི་ཕྱི་རྒྱུ་འབྲས་མི་བསམ་ཅི། །
                                     ༢༠༡༢ལོའི་ཟླ་བ་༨ཚེས་༡༥ཉིན།
                                     རྣམ་གླིང་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།