སྲིད་པའི་འགྱུར་བག


ངེས་འབྱུང་དབུགས་རྒྱུན་འགག་མེད་སྟོང་བའི་ཉམས།།
མ་བཅོས་སྨྱུག་སེམས་དྭངས་པ་ལུས་ཀྱི་རྩལ།།
གང་སྣང་ཆོ་འཕྲུལ་འགྱུར་བག་འཇའ་ཡི་དོད།།
བྱམས་ཆེན་དེ་ཡི་ཡི་ག་ཤ་བའི་ར།།

བསམ་པའི་ཀུན་རྟོག་རི་མོ་འབུམ་དུ་བཀྲ།།
ཟེ་བའི་གཅོང་སྐད་ནག་པོ་འུར་ཆའི་རྡོ།།
སྐྱ་བའི་རྩྭ་རྒུམ་འཐུ་བ་འགོག་མེད་དཔུང་།།
ཡིད་གཉིས་མདུད་གྲོལ་དེ་ཡི་ལྟོ་བ་མཚོ།།

སྡང་ཞེན་མེ་དཔུང་གཤིས་སུ་ངང་གིས་ཆགས།།
ཕྱོགས་སློང་ལྟ་བའི་བྲག་རི་སྲ་ཞིང་བརྟན།།
རེས་ཆད་རླུང་བུ་ནག་པོ་འུར་གྱིས་ལྡང་།།
འཁྲུལ་ལྡན་རྨོངས་ལྭ་གྱོན་དེས་སེམས་རྒྱུད་དུག།

སྟོང་གསུམ་ཧམ་གྱིས་ཟ་བའི་མཆེ་བ་གཙིགས།།
བྱང་སེམས་ཕྱོགས་སུ་བོར་བའི་སྐད་ངན་འབྱིན།།
ལོག་རྟོགས་གཤིས་ཀྱི་མེ་དཔུང་ཁ་ན་འབར།།
ལས་ངན་གཏུམ་དྲག་ཅན་དེར་དཔུང་གཉེན་བྲལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་པའི་འགྱུར་བག

2013-04-29 བྱང་རླུང་། ཀློག་གྲངས། མཆན ཡོད།


ངེས་འབྱུང་དབུགས་རྒྱུན་འགག་མེད་སྟོང་བའི་ཉམས།།
མ་བཅོས་སྨྱུག་སེམས་དྭངས་པ་ལུས་ཀྱི་རྩལ།།
གང་སྣང་ཆོ་འཕྲུལ་འགྱུར་བག་འཇའ་ཡི་དོད།།
བྱམས་ཆེན་དེ་ཡི་ཡི་ག་ཤ་བའི་ར།།

བསམ་པའི་ཀུན་རྟོག་རི་མོ་འབུམ་དུ་བཀྲ།།
ཟེ་བའི་གཅོང་སྐད་ནག་པོ་འུར་ཆའི་རྡོ།།
སྐྱ་བའི་རྩྭ་རྒུམ་འཐུ་བ་འགོག་མེད་དཔུང་།།
ཡིད་གཉིས་མདུད་གྲོལ་དེ་ཡི་ལྟོ་བ་མཚོ།།

སྡང་ཞེན་མེ་དཔུང་གཤིས་སུ་ངང་གིས་ཆགས།།
ཕྱོགས་སློང་ལྟ་བའི་བྲག་རི་སྲ་ཞིང་བརྟན།།
རེས་ཆད་རླུང་བུ་ནག་པོ་འུར་གྱིས་ལྡང་།།
འཁྲུལ་ལྡན་རྨོངས་ལྭ་གྱོན་དེས་སེམས་རྒྱུད་དུག།

སྟོང་གསུམ་ཧམ་གྱིས་ཟ་བའི་མཆེ་བ་གཙིགས།།
བྱང་སེམས་ཕྱོགས་སུ་བོར་བའི་སྐད་ངན་འབྱིན།།
ལོག་རྟོགས་གཤིས་ཀྱི་མེ་དཔུང་ཁ་ན་འབར།།
ལས་ངན་གཏུམ་དྲག་ཅན་དེར་དཔུང་གཉེན་བྲལ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།