འཁོར་བའི་གྲོང་ཚོ་བསྒུལ་བའི་རྟོག་གླུ།


གསལ་སྟོང་ལྷུན་གྲུབ་གཞི་དབྱིངས་དག་པའི་མཁའ།།
ཡེ་ནས་དྭངས་པ་ཆེན་པོའི་མེ་ལོང་ངོར།།
རབ་གསལ་རྗེན་པར་གཟུགས་པའི་རང་བཞིན་ལ།།
སྣང་བ་མ་འགག་ཀློང་ལས་ཕྱག་འཚལ་ལོ།།
        
བདེན་མེད་འཁོར་བར་འཕྱན་པའི་ངན་གཡོ་བློས།།
སྣང་གྲུབ་མེད་ལུགས་དོན་ལ་གལ་འཛོལ་འཇོག།
ཡངས་པ་མཐའ་བྲལ་ཟབ་མོའི་དཀྱིལ་དབུས་སུ།།
འདུར་སྣང་ཆོས་ཀྱི་ཕྱོགས་ལ་ཞེན་པའི་ལྟ།།

བདག་འཛིན་ངར་ཆེན་སྟག་མོའི་མཆེ་སྡེར་གྱིས།།
ཡིན་ལུགས་དོན་ལ་ཕྱང་ཆད་བཙན་གྱི་དགྲད།།
འཕྲོ་རྒོད་ཡིད་ཀྱི་མཁའ་དབྱིངས་དོག་པོའི་བློའི།།
ཁོངས་ཡངས་སྣོད་དུ་ཕྱེ་བའི་རྟོག་པ་བསླུས།།

བྱམས་སྡང་ཞེ་ལ་མི་སྙོམས་བརྗོད་བྲལ་བློ།
ཏིང་འཛིན་ཡིད་ལ་མི་རྟོག་སྐྱེ་ཤིའི་གྲོང་།།
སྔ་ཕྱི་འགྱུར་བག་རྒོད་པའི་གཉིས་སྣང་ཆོས།།
མ་གྲུབ་ཕྱི་རུ་ཐལ་ཅེས་ཁོ་བོས་བཤད།།
            
མཁའ་ཁྱབ་སྐྱེ་འགྲོར་བྲོད་པའི་གཞི་དག་པ།།
འཚོལ་ཕྱིར་སྤྲོས་བྲལ་ཡངས་པའི་ཀློང་ཆེན་ནས།།
ངེས་དོན་རིག་པའི་རྒྱལ་སར་སྙེག་བསམ་པ།།
མི་འདྲེད་ཤོང་ཡངས་ཐབས་ཀྱི་དམ་ཚིག་ལགས།།

 
མི་འཕོ་རང་བཞིན་ཡེ་ཀློང་འདིར་མཆིས་པའི།།
མི་འགག་རྒྱུ་མའི་སྣང་ངོ་སྟོང་གཟུགས་ལས།།
མི་འཇིགས་རྩལ་དུ་བརྗོད་པའི་མཚར་ཉམས་ལ།།
མི་རྟག་འཕྲུལ་དུ་སོམས་ཤིག་གང་སྣང་རིགས།།

 
དོན་དམ་རིག་པའི་གད་རྒྱངས་བསྒྲགས་པའི་ཚེ།།
ཕྱོགས་རྫོགས་མཁའ་ལམ་རྒྱུ་སྐར་བྱེ་བའི་རྫོང་།།
ས་ཆེན་ཕང་བར་བཏབ་པའི་སྣང་བ་སྟེ།།
མ་འགག་ཆེན་མོར་འཁྲུལ་འདི་བློ་ལུས་བྱུང་།།
               
མཁྲེགས་འཛིན་འུར་རྡོ་ནག་པོས་རང་གི་མགོ།།
འགེམ་པའི་སྤྱོམ་པར་སྨྲ་བའི་བབ་ཅོལ་ཆོས།།
ཆད་ལྟའི་བློ་རུ་བདོག་པའི་འདུར་སྣང་གཟུགས།།
ཕྲ་རགས་རྟོལ་བའི་སྤྱི་ཅེར་རྒན་པོ་མཚར།།
                   
སྲིད་པར་བརྐམ་པའི་བག་ཆགས་དུག་གི་ཚེར།།
རེགས་ན་མི་བཟོད་ཕྱིས་སུ་མི་བཏུབ་པའི།།
འདི་ལ་སྤྱོ་བའི་སྒོ་ནས་བསྙད་གྱུར་གྱང་།།
ཡངས་དོག་གཉིས་ཀྱི་ངོས་སུ་འཐིམ་ནས་འགྲོ།།
              
སྲ་འཐས་རྒྱུད་གྱོང་བརླན་པའི་གཉིས་གྲོལ་ལམ།།
བཙལ་ན་མི་རྙེད་འགྲོ་ན་མི་རིང་ཞེས།།
ཁས་ཆེར་སྨྲ་བའི་བདག་དེ་འདིར་གནས་ཀྱང་།།
གྲོག་རོང་འཇིངས་སུ་བྱིངས་པ་ཁྱོད་མ་མཐོང་།།
 
ཉམས་སྣང་དབྱིངས་སུ་བཏེག་ནས་བླངས་པའི་གླུ།།
འཁོར་བའི་གྲོང་ཚོ་བསྒུལ་བའི་རྟོག་འཕྲུལ་ཡིན།།
སྣང་ཚོགས་རིགས་སུ་ཞོག་ལ་ཉན་པར་གྱིས།།
འཛོལ་འཁྲུལ་རྨི་ལམ་དཀྲོག་པའི་རོལ་དབྱངས་ཡིན།།

                                               2012   5    6
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་གྲོང་ཚོ་བསྒུལ་བའི་རྟོག་གླུ།

2013-04-14 བྱང་རླུང་། ཀློག་གྲངས། མཆན ཡོད།


གསལ་སྟོང་ལྷུན་གྲུབ་གཞི་དབྱིངས་དག་པའི་མཁའ།།
ཡེ་ནས་དྭངས་པ་ཆེན་པོའི་མེ་ལོང་ངོར།།
རབ་གསལ་རྗེན་པར་གཟུགས་པའི་རང་བཞིན་ལ།།
སྣང་བ་མ་འགག་ཀློང་ལས་ཕྱག་འཚལ་ལོ།།
        
བདེན་མེད་འཁོར་བར་འཕྱན་པའི་ངན་གཡོ་བློས།།
སྣང་གྲུབ་མེད་ལུགས་དོན་ལ་གལ་འཛོལ་འཇོག།
ཡངས་པ་མཐའ་བྲལ་ཟབ་མོའི་དཀྱིལ་དབུས་སུ།།
འདུར་སྣང་ཆོས་ཀྱི་ཕྱོགས་ལ་ཞེན་པའི་ལྟ།།

བདག་འཛིན་ངར་ཆེན་སྟག་མོའི་མཆེ་སྡེར་གྱིས།།
ཡིན་ལུགས་དོན་ལ་ཕྱང་ཆད་བཙན་གྱི་དགྲད།།
འཕྲོ་རྒོད་ཡིད་ཀྱི་མཁའ་དབྱིངས་དོག་པོའི་བློའི།།
ཁོངས་ཡངས་སྣོད་དུ་ཕྱེ་བའི་རྟོག་པ་བསླུས།།

བྱམས་སྡང་ཞེ་ལ་མི་སྙོམས་བརྗོད་བྲལ་བློ།
ཏིང་འཛིན་ཡིད་ལ་མི་རྟོག་སྐྱེ་ཤིའི་གྲོང་།།
སྔ་ཕྱི་འགྱུར་བག་རྒོད་པའི་གཉིས་སྣང་ཆོས།།
མ་གྲུབ་ཕྱི་རུ་ཐལ་ཅེས་ཁོ་བོས་བཤད།།
            
མཁའ་ཁྱབ་སྐྱེ་འགྲོར་བྲོད་པའི་གཞི་དག་པ།།
འཚོལ་ཕྱིར་སྤྲོས་བྲལ་ཡངས་པའི་ཀློང་ཆེན་ནས།།
ངེས་དོན་རིག་པའི་རྒྱལ་སར་སྙེག་བསམ་པ།།
མི་འདྲེད་ཤོང་ཡངས་ཐབས་ཀྱི་དམ་ཚིག་ལགས།།

 
མི་འཕོ་རང་བཞིན་ཡེ་ཀློང་འདིར་མཆིས་པའི།།
མི་འགག་རྒྱུ་མའི་སྣང་ངོ་སྟོང་གཟུགས་ལས།།
མི་འཇིགས་རྩལ་དུ་བརྗོད་པའི་མཚར་ཉམས་ལ།།
མི་རྟག་འཕྲུལ་དུ་སོམས་ཤིག་གང་སྣང་རིགས།།

 
དོན་དམ་རིག་པའི་གད་རྒྱངས་བསྒྲགས་པའི་ཚེ།།
ཕྱོགས་རྫོགས་མཁའ་ལམ་རྒྱུ་སྐར་བྱེ་བའི་རྫོང་།།
ས་ཆེན་ཕང་བར་བཏབ་པའི་སྣང་བ་སྟེ།།
མ་འགག་ཆེན་མོར་འཁྲུལ་འདི་བློ་ལུས་བྱུང་།།
               
མཁྲེགས་འཛིན་འུར་རྡོ་ནག་པོས་རང་གི་མགོ།།
འགེམ་པའི་སྤྱོམ་པར་སྨྲ་བའི་བབ་ཅོལ་ཆོས།།
ཆད་ལྟའི་བློ་རུ་བདོག་པའི་འདུར་སྣང་གཟུགས།།
ཕྲ་རགས་རྟོལ་བའི་སྤྱི་ཅེར་རྒན་པོ་མཚར།།
                   
སྲིད་པར་བརྐམ་པའི་བག་ཆགས་དུག་གི་ཚེར།།
རེགས་ན་མི་བཟོད་ཕྱིས་སུ་མི་བཏུབ་པའི།།
འདི་ལ་སྤྱོ་བའི་སྒོ་ནས་བསྙད་གྱུར་གྱང་།།
ཡངས་དོག་གཉིས་ཀྱི་ངོས་སུ་འཐིམ་ནས་འགྲོ།།
              
སྲ་འཐས་རྒྱུད་གྱོང་བརླན་པའི་གཉིས་གྲོལ་ལམ།།
བཙལ་ན་མི་རྙེད་འགྲོ་ན་མི་རིང་ཞེས།།
ཁས་ཆེར་སྨྲ་བའི་བདག་དེ་འདིར་གནས་ཀྱང་།།
གྲོག་རོང་འཇིངས་སུ་བྱིངས་པ་ཁྱོད་མ་མཐོང་།།
 
ཉམས་སྣང་དབྱིངས་སུ་བཏེག་ནས་བླངས་པའི་གླུ།།
འཁོར་བའི་གྲོང་ཚོ་བསྒུལ་བའི་རྟོག་འཕྲུལ་ཡིན།།
སྣང་ཚོགས་རིགས་སུ་ཞོག་ལ་ཉན་པར་གྱིས།།
འཛོལ་འཁྲུལ་རྨི་ལམ་དཀྲོག་པའི་རོལ་དབྱངས་ཡིན།།

                                               2012   5    6
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།