ལྷོ་ཀོ་རི་ཡའི་དགའ་རོགས་མར་ཕུལ་བ།

བན་ལོག༼འབྲུག་ཡུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-04

                  ___ལྷོ་ཀོ་རི་ཡའི་དགའ་རོགས་མ་སོའུ་ན་དང་ཁ་གྱེས་ནས་མི་ལོ་ལྔ་འགོར་བའི་རྗེས་དྲན་ལ།
ལོ་ཟླ་འཁོར་ལོ་ཡི་འགྲོས་མྱུར་མགྱོགས་སོང་། །
སྣ་མང་ལས་གཉེར་གྱི་བཙན་རྫོང་མཐུག་སོང་།།
ཞེན་ཆགས་ལྕི་མོ་ཞིག་སེམས་ནས་ལུས་སོང་།།
བརྩེ་འཕྲིན་དམར་པོ་ཞིག་ངག་ནས་ཤོེར་སོང་།།

མི་ཚོགས་སྟོང་འདུས་ཀྱི་གཙུག་ལག་ཁང་ནས།།
ཐོག་མའི་ཞེན་ཆགས་ཀྱི་ཟུར་མིག་མདའ་མོ།།
བུ་ངའི་སྙིང་དབུས་ཀྱི་དཀྱིལ་ལ་ཕོག་པ།།
བསྐལ་བ་བརྒྱ་ཕྲག་གི་དྲན་རྟེན་ལོས་ཡིན།།

སྐྱེས་གཟུགས་མཚར་པོ་དེ་མིག་ལ་མཛེས་པ།།
ཁ་ཤ་འཇམ་པོ་དེ་ཁ་ལ་ཞིམ་པ།།
ཆགས་སྐད་ཐན་ཐུན་དེ་རྣ་ལ་སྙན་པ།།
སྟུ་སྒོ་ཆུང་ཆུང་དེ་བརྗེད་ཐབས་དཀའ་བ།།

ཙོང་ཁ་ཟ་ཁང་གི་ཁང་བརྩེགས་ཐོག་ནས།།
ཁྱེད་ཀྱི་རྐང་རྗེས་དེ་ཡང་ཡང་བཙལ་མྱོང་།།
ཞི་བདེ་མགྲོན་ཁང་གི་མལ་ཁྲི་སྟེང་ནས།།
ཁྱེད་ཀྱི་རྨི་ལམ་དེ་ཡང་བསྐྱར་བཙལ་མྱོང་།།

རྩིས་འཁོར་མདུན་ངོས་ཀྱི་སེམས་འཕྲིན་རེ་རེས།།
རྩེ་གཅིག་ཏིང་འཛིན་གྱི་སྒོམ་འདི་དཀྲོགས་བྱུང་།།
ཁ་པར་སྐུད་སྣེ་ཡི་མིག་ཆུ་རེ་རེས།།
དོན་ལྔ་སྣོད་དྲུག་འདི་ཁ་ལོ་བསྒྱུར་བྱུང་།།

ཁྱེད་རང་འཕྲད་པ་ཡི་ལོ་ཟླ་བསམ་ན།།
དགེ་རྒན་ལས་བཞག་འདི་བསྐྱུར་ན་བསམ་བྱུང་།།
མཛའ་བའི་བརྩེ་དུང་གི་ཕྱི་ཐག་བསམ་ན།།
དགེ་མ་མཁའ་འགྲོ་འདི་གཡུགས་ན་བསམ་བྱུང་།།

ཕྱི་གསལ་ནང་གསལ་གྱི་སེམས་གཏམ་མང་པ།།
ཀུན་མཐུན་གཤིས་རྒྱུད་དེ་བལ་ལས་འཇམ་པ།།
འདོད་པའི་སྒྱུ་རྩལ་དེ་གཞན་ལས་མཁས་པ།།
ཨ་ཁུ་བན་ལོག་ངའི་བདེ་སྐྱིད་ལོས་ཡིན།།

སྐྱེས་ཡུལ་ཁ་ཐག་དེ་རིང་པས་ལན་སོང་།།
བན་ལོག་འཁྱམ་པོ་ཞིག་ཡིན་པས་ལན་སོང་།།
མི་ཚེ་ལས་འཕྲོ་ཡི་མོ་ཡིག་ཟབ་མོ།།
ཕལ་ཆེར་འུ་གཉིས་ལ་ཐོབ་སྐལ་མི་འདུག།
   ༡༦ ༧ ༢༠༡༢ ལྷོ་ཕྱོགས་རྒྱ་མཚོ་ཁ་ནས། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ཀོ་རི་ཡའི་དགའ་རོགས་མར་ཕུལ་བ།

2013-04-04 བན་ལོག༼འབྲུག་ཡུལ༽ ཀློག་གྲངས། མཆན ཡོད།

                  ___ལྷོ་ཀོ་རི་ཡའི་དགའ་རོགས་མ་སོའུ་ན་དང་ཁ་གྱེས་ནས་མི་ལོ་ལྔ་འགོར་བའི་རྗེས་དྲན་ལ།
ལོ་ཟླ་འཁོར་ལོ་ཡི་འགྲོས་མྱུར་མགྱོགས་སོང་། །
སྣ་མང་ལས་གཉེར་གྱི་བཙན་རྫོང་མཐུག་སོང་།།
ཞེན་ཆགས་ལྕི་མོ་ཞིག་སེམས་ནས་ལུས་སོང་།།
བརྩེ་འཕྲིན་དམར་པོ་ཞིག་ངག་ནས་ཤོེར་སོང་།།

མི་ཚོགས་སྟོང་འདུས་ཀྱི་གཙུག་ལག་ཁང་ནས།།
ཐོག་མའི་ཞེན་ཆགས་ཀྱི་ཟུར་མིག་མདའ་མོ།།
བུ་ངའི་སྙིང་དབུས་ཀྱི་དཀྱིལ་ལ་ཕོག་པ།།
བསྐལ་བ་བརྒྱ་ཕྲག་གི་དྲན་རྟེན་ལོས་ཡིན།།

སྐྱེས་གཟུགས་མཚར་པོ་དེ་མིག་ལ་མཛེས་པ།།
ཁ་ཤ་འཇམ་པོ་དེ་ཁ་ལ་ཞིམ་པ།།
ཆགས་སྐད་ཐན་ཐུན་དེ་རྣ་ལ་སྙན་པ།།
སྟུ་སྒོ་ཆུང་ཆུང་དེ་བརྗེད་ཐབས་དཀའ་བ།།

ཙོང་ཁ་ཟ་ཁང་གི་ཁང་བརྩེགས་ཐོག་ནས།།
ཁྱེད་ཀྱི་རྐང་རྗེས་དེ་ཡང་ཡང་བཙལ་མྱོང་།།
ཞི་བདེ་མགྲོན་ཁང་གི་མལ་ཁྲི་སྟེང་ནས།།
ཁྱེད་ཀྱི་རྨི་ལམ་དེ་ཡང་བསྐྱར་བཙལ་མྱོང་།།

རྩིས་འཁོར་མདུན་ངོས་ཀྱི་སེམས་འཕྲིན་རེ་རེས།།
རྩེ་གཅིག་ཏིང་འཛིན་གྱི་སྒོམ་འདི་དཀྲོགས་བྱུང་།།
ཁ་པར་སྐུད་སྣེ་ཡི་མིག་ཆུ་རེ་རེས།།
དོན་ལྔ་སྣོད་དྲུག་འདི་ཁ་ལོ་བསྒྱུར་བྱུང་།།

ཁྱེད་རང་འཕྲད་པ་ཡི་ལོ་ཟླ་བསམ་ན།།
དགེ་རྒན་ལས་བཞག་འདི་བསྐྱུར་ན་བསམ་བྱུང་།།
མཛའ་བའི་བརྩེ་དུང་གི་ཕྱི་ཐག་བསམ་ན།།
དགེ་མ་མཁའ་འགྲོ་འདི་གཡུགས་ན་བསམ་བྱུང་།།

ཕྱི་གསལ་ནང་གསལ་གྱི་སེམས་གཏམ་མང་པ།།
ཀུན་མཐུན་གཤིས་རྒྱུད་དེ་བལ་ལས་འཇམ་པ།།
འདོད་པའི་སྒྱུ་རྩལ་དེ་གཞན་ལས་མཁས་པ།།
ཨ་ཁུ་བན་ལོག་ངའི་བདེ་སྐྱིད་ལོས་ཡིན།།

སྐྱེས་ཡུལ་ཁ་ཐག་དེ་རིང་པས་ལན་སོང་།།
བན་ལོག་འཁྱམ་པོ་ཞིག་ཡིན་པས་ལན་སོང་།།
མི་ཚེ་ལས་འཕྲོ་ཡི་མོ་ཡིག་ཟབ་མོ།།
ཕལ་ཆེར་འུ་གཉིས་ལ་ཐོབ་སྐལ་མི་འདུག།
   ༡༦ ༧ ༢༠༡༢ ལྷོ་ཕྱོགས་རྒྱ་མཚོ་ཁ་ནས། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།