བསྡུས་གཟུགས་སོགས་ཚིགས་སུ་བཅད་པའི་སྙན་ངག་ཚན་པ་གསུམ།

           བསྡུས་གཟུགས།
 
དུབ་པའི་ངལ་བས་ཡོངས་སུ་དཀྲོགས་པ་ཡི།།
རྐང་བའི་འདེགས་འཇོག་ཡོངས་སུ་བཟི་གྱུར་ཏེ།།
གཡས་བརྐྱངས་གཡོན་བསྐུམས་སིལ་གདུབ་སྒྲ་དང་བཅས།།
དཀར་དམར་པད་གདན་གནོན་པའི་ཁུར་དུ་སྦྱིན།།
 
ཟགས་པའི་སེམས་ཀྱི་རྩེ་མོ་གཡོ་བའི་བརྡ།།
ལག་པའི་སོར་མོ་གཡོ་བའི་རྣམ་པ་ཡིས།།
ཟགས་པ་དང་བྲལ་ཁྱེད་སྐུར་མངོན་དད་ན།།
བརྩེ་བའི་སྤྱན་རས་གཟིགས་པ་མ་ལྷོད་ཨང་།།
 
བདེན་པའི་རི་བོའི་ཟོམ་ལས་སྐྱེས་པ་ཡི།།
རྟེན་འབྱུང་འགྲམ་ཆང་གིས་ཕྱེས་ཨུཏྤལ་བསྣམས།།
ཟགས་མེད་བདེ་བའི་ལང་ཚོའི་མུ་ཏི་ཀ།
གློ་བ་དཀར་པོའི་གཤོངས་ལས་སྨིན་པར་རེ།།
 
མ་བཅིངས་སིལ་བུར་ཐོར་བའི་སྐྲ་ལོ་ཡིས།།
སྲིད་པའི་མཛེས་སྡུག་མཐའ་དག་བསྡུས་པའི་དཔལ།།
ཡང་དག་རྒྱལ་བ་ཀུན་གྱིས་བརྔུབས་པའི་ཚེ།།
ཐར་བའི་རྒྱལ་ཡུམ་ཆེན་མོར་ཁྱེད་གཤེགས་སོ།།
 
           བཀླགས་མི་ཚར་བའི་དཔེ་དེབ།
 
གཡོ་བའི་སེམས་ཀྱིས་པད་ཁ་ཕྱེས་མ་ཐག།
གདོང་གི་མེ་ལོང་བཀལ་བའི་ཉི་ཟེར་གྱིས།།
 ཡོན་པོའི་མིག་གིས་སྐར་མ་འཐུ་བཞིན་དུ།།
ཤེལ་གྱི་བུང་བ་བློ་ཡི་བཙོན་དུ་བཟུང་།།
 
ཚངས་དབྱངས་རྒྱ་མཚོའི་གྲེ་བ་རལ་བའི་ཤུལ།།
མཁའ་འགྲོའི་གླུ་ཡི་མུ་ཏིག་ཐོར་བའི་གཤོངས།།
རབ་འབྱམས་རྒྱལ་བའི་གསང་མིག་གཡོར་བའི་ས།།
ལན་གཅིག་བརྙེས་པའི་མི་ཚེ་གཙང་བོར་འདྲེས།།
 
        དེ་རིང་སྙན་ངག་གི་ཉིན་མོ།
 

མིག་ཟུང་གཡོ་བའི་མཛེས་སྡུག་གིས།།
འཇིག་རྟེན་ཡོངས་སུ་བཅིངས་པ་ན།།
ཁྱེད་ཀྱི་སྨྲ་བ་མ་ལུས་པ།།
བ་སྤུའི་ཟོམ་ལས་ཕྱི་རུ་ཕྱུངས།།
 
ཀྱེ་མ་བདག་གི་མདུན་ངོས་སུ།།
ནམ་མཁའི་མིག་ཆུ་ཐོར་བ་བཞིན།།
སྐར་མདའ་རེ་རེ་ལྟུང་བའི་དུས།།
སེམས་ཀྱི་གཙང་པོ་གང་དུ་བཞུར།།
 
སུ་ཞིག་སྦྲུལ་གྱི་ཐག་པ་ལྟར།།
སྙིང་གི་དྲུང་ནས་ཕུད་པའི་ཚེ།།
ཨེ་མ་མ་ལ་འཁོར་བའི་མགྲོན།།
བདག་གི་ཡིད་འདི་གློ་བུར་འདར།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྡུས་གཟུགས་སོགས་ཚིགས་སུ་བཅད་པའི་སྙན་ངག་ཚན་པ་གསུམ།

2013-03-28 ལྷམ་ཀོག ཀློག་གྲངས། མཆན ཡོད།

           བསྡུས་གཟུགས།
 
དུབ་པའི་ངལ་བས་ཡོངས་སུ་དཀྲོགས་པ་ཡི།།
རྐང་བའི་འདེགས་འཇོག་ཡོངས་སུ་བཟི་གྱུར་ཏེ།།
གཡས་བརྐྱངས་གཡོན་བསྐུམས་སིལ་གདུབ་སྒྲ་དང་བཅས།།
དཀར་དམར་པད་གདན་གནོན་པའི་ཁུར་དུ་སྦྱིན།།
 
ཟགས་པའི་སེམས་ཀྱི་རྩེ་མོ་གཡོ་བའི་བརྡ།།
ལག་པའི་སོར་མོ་གཡོ་བའི་རྣམ་པ་ཡིས།།
ཟགས་པ་དང་བྲལ་ཁྱེད་སྐུར་མངོན་དད་ན།།
བརྩེ་བའི་སྤྱན་རས་གཟིགས་པ་མ་ལྷོད་ཨང་།།
 
བདེན་པའི་རི་བོའི་ཟོམ་ལས་སྐྱེས་པ་ཡི།།
རྟེན་འབྱུང་འགྲམ་ཆང་གིས་ཕྱེས་ཨུཏྤལ་བསྣམས།།
ཟགས་མེད་བདེ་བའི་ལང་ཚོའི་མུ་ཏི་ཀ།
གློ་བ་དཀར་པོའི་གཤོངས་ལས་སྨིན་པར་རེ།།
 
མ་བཅིངས་སིལ་བུར་ཐོར་བའི་སྐྲ་ལོ་ཡིས།།
སྲིད་པའི་མཛེས་སྡུག་མཐའ་དག་བསྡུས་པའི་དཔལ།།
ཡང་དག་རྒྱལ་བ་ཀུན་གྱིས་བརྔུབས་པའི་ཚེ།།
ཐར་བའི་རྒྱལ་ཡུམ་ཆེན་མོར་ཁྱེད་གཤེགས་སོ།།
 
           བཀླགས་མི་ཚར་བའི་དཔེ་དེབ།
 
གཡོ་བའི་སེམས་ཀྱིས་པད་ཁ་ཕྱེས་མ་ཐག།
གདོང་གི་མེ་ལོང་བཀལ་བའི་ཉི་ཟེར་གྱིས།།
 ཡོན་པོའི་མིག་གིས་སྐར་མ་འཐུ་བཞིན་དུ།།
ཤེལ་གྱི་བུང་བ་བློ་ཡི་བཙོན་དུ་བཟུང་།།
 
ཚངས་དབྱངས་རྒྱ་མཚོའི་གྲེ་བ་རལ་བའི་ཤུལ།།
མཁའ་འགྲོའི་གླུ་ཡི་མུ་ཏིག་ཐོར་བའི་གཤོངས།།
རབ་འབྱམས་རྒྱལ་བའི་གསང་མིག་གཡོར་བའི་ས།།
ལན་གཅིག་བརྙེས་པའི་མི་ཚེ་གཙང་བོར་འདྲེས།།
 
        དེ་རིང་སྙན་ངག་གི་ཉིན་མོ།
 

མིག་ཟུང་གཡོ་བའི་མཛེས་སྡུག་གིས།།
འཇིག་རྟེན་ཡོངས་སུ་བཅིངས་པ་ན།།
ཁྱེད་ཀྱི་སྨྲ་བ་མ་ལུས་པ།།
བ་སྤུའི་ཟོམ་ལས་ཕྱི་རུ་ཕྱུངས།།
 
ཀྱེ་མ་བདག་གི་མདུན་ངོས་སུ།།
ནམ་མཁའི་མིག་ཆུ་ཐོར་བ་བཞིན།།
སྐར་མདའ་རེ་རེ་ལྟུང་བའི་དུས།།
སེམས་ཀྱི་གཙང་པོ་གང་དུ་བཞུར།།
 
སུ་ཞིག་སྦྲུལ་གྱི་ཐག་པ་ལྟར།།
སྙིང་གི་དྲུང་ནས་ཕུད་པའི་ཚེ།།
ཨེ་མ་མ་ལ་འཁོར་བའི་མགྲོན།།
བདག་གི་ཡིད་འདི་གློ་བུར་འདར།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།